༄༅། །ཀརྨ་པ་དུས་གསུམ་མཁྱེན་པའི་འཁྲུངས་ཡུལ་ངོ་སྤྲོད་མདོ་བསྡུས་གསལ་བའི་འོད་སྣང་བཞུགས་སོ།།

མིག་གི་བདུད་རྩི

( དུས་མཁྱེན་གྱིས་བཞེངས་པའི་སྐུ་ང་འདྲ་མ )

ཤེས་བྱའི་གནས་ལ་རྟོགས་པ་ནང་ནས་རྡོལ། །མ་རིག་དྲི་མ་གཞི་དབྱིངས་ཀློང་དུ་སྒྲོལ། །འགྲོ་ལ་ཕན་པའི་རྩོལ་མེད་ཕྲིན་ལས་ཅན། །དུས་གསུམ་མཁྱེན་པ་ཀརྨ་པ་ལ་འདུད།།

( ཏྲེ་ཤོད་པདྨ་ལྷ་རྩེའི་གནས་རི )

ཞེས་མཆོད་བརྗོད་ཤིག་ཚིག་ལྷ་དར་དཀར་པོས་བསུས་ནས། དུས་གསུམ་མཁྱེན་པའི་འཁྲུངས་ཡུལ་གྱི་ལོ་རྒྱུས་བཤད་པ་ལ་གསུམ་ལས། དང་པོ་འཁྲུངས་ཡུལ་གྱི་ས་གནས་བཤད་ཚུལ་ལ་གཉིས་ལས། དང་པོ་ནི། སྤྱིར་བོད་ཁ་བ་ཅན་གྱི་ལྗོངས་འདི་ལ་སྟོད་མངའ་རིས་བསྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ཡོད་པའི་ནང་གསེས། འབྲི་ཟླ་ཟོབ་མོ་སྒང་དུ་གཏོགས་པའི་ཏྲེ་ཤོད་ཧོར་བེ་རིའི་ས་ཆ། ཀྲེ་ཤོད་པདྨ་ལྷ་རྩེའི་གནས་རི་སྤོ་ཆུ་ཚང་ན་སྐུ་འཁྲུངས་པ་ཡིན། དེང་སང་གི་མིང་འབོ་མཆོག་གམ་འབུར་ཆུ་ཞེས་བྱ། སྤོ་ཆུ་ཞེས་པར་འདི། ཀྲེ་ཤོད་ཡུལ་དུ་ཟླ་བ་དང་པོའི་ནང་བསྒོམ་པ་རྡོ་རྗེའི་ཕ་ཡབ་དེ། ས་གནས་གཞན་ནས་ཆུའི་འགྲམ་དུ་སྤོ་བའི་རྒྱུ་མཚན་གྱིས། ཀྲེའི་ཀམ་ཁྱིམ་མམ་སྤོ་ཆུ་ཚང་ཞེས་པར་དེ་དང་། སྒང་ལོས་བྱས་པའི་རྗེ་དུས་གསུམ་མཁྱེན་པའི་རྣམ་ཐར་བརྒྱ་རྩ་མ་ནང་སྤོ་ཆུ་ཞེས་པ་གཉིས་མཐུན་པར་མ་ཟད། གནས་ཡིག་དང་ཁྱིམ་ཚང་གི་གནའ་རབས་ཀྱི་ཡིག་ཆ། ལོ་རྒྱུས་སྨྲ་བར་རྣམས་ཀྱིས་ངེས་འཛིན་བྱེད་པར་ཐམས་ཅད་མཐུན་པ་ཡིན་ནོ། དེ་ལྟ་བུར་གནས་ལ་ལུང་གི་བསྔགས་བརྗོད་ཀྱི་མེ་ཏོག་བཞད་ཚུལ་ཡང་། སློབ་དཔོན་ཆེན་མོས། གནས་འདིར་རང་གནས་ས་མཆོག་ཡིན་ནོ། །ཞེས་གྲུབ་ཐོབ་འོད་གསལ་རྡོ་རྗེས་མཛད་པའི་གནས་ཡིག་ནང་གསུངས་སོ། །

( ཏྲེ་ཤོད་ཧོར་བེ་རིའམ་གསེར་མཁར་གྱི་མཛེས་ལྗོངས )

( སྤོ་ཆུའམ་འབོ་མཆོག་གྲོང )

གཉིས་པ་ནི། ཏྲེ་ཀམ་ཁྱིམ་ཚང་ངམ་འབོ་མཆོག་ཚང་གི་གཡོག་མོ་མ་ཡུམ་དེ་ལ། ཁྱིམ་ཚང་གི་བུ་ཡི་ཕྲུ་གུ་ཕོ་བ་ནང་ཡོད་དུས། གཞན་པའི་ཕྲག་དོག་དབང་གིས་འདུག་མ་བདེ་ནས། ར་རྩག་སྟེང་ལ་ཡང་ནས་ཁྱིམ་ཚང་ཞིག་ལ་ར་རྫི་བཞུགས། དུས་སྐབས་སུ་ནག་བརྒྱ་ཁུག་བྲག་ཕུག་གམ་ཡང་ན་ར་རྩག་སྟེང་ལ། སྤྱི་ལོ་༡༡༡༠་ལོར་དུས་མཁྱེན་སྐུ་འཁྲུངས་ནས། དགུང་ལོ་༡༡་ཐོག་ཡབ་ལས་དབང་དང་མན་ངག་གསན་པ་མ་ཟད། བསྒོམས་ནས་གྲུབ་པའི་རྟགས་མཚན་ནགས་བརྒྱ་ཁུག་ལ་ཞབས་ཕྱག་གིས་རྗེས་སོགས་བཞག །དེའི་ཚེ་འདུ་རུའི་གྲོང་ན་ཡབ་ཡུམ་གྱི་སྐུ་དགྲ་ཚར་གཅོད། དུས་སྐབས་སུ་འཁྲུགས་པར་ཆེ་བའི་དབང་གིས། ཕ་ཡབ་ཀྱི་ཁྱིམ་ཏྲེ་ཀམ་ཁྱིམ་ཚང་ངམ་སྤོ་ཆུ་ཚང་ལ་གནས་སྤོ་བ་ཡིན། ཁྱིམ་ཚང་ལ་དེང་མིང་འབུམ་མཆོག་གམ་འབོ་མཆོག་ཞེས་ཀྱང་གྲགས། ཕྱིས་སུ་དུས་མཁྱེན་གྱིས་འཁྲུགས་པ་སླར་བསྡུམས་པའི་ཕྱིར་དུ། སྤྱི་ལོ་༡༡༦༡་ལོར་ར་རྩག་སྟེང་ལ་དབྱེན་སྡུམ་མཆོད་རྟེན་གཅིག་དང་། འབོ་མཆོག་ལ་ཕ་ཡབ་ཀྱི་སྐུ་གདུང་གི་ཁང་བུ་བརྩེགས་པའི་མཆོད་རྟེན་བཞེངས་པ་རེད་ཅེས་བཤད་སྲོལ་དང་། ཡིག་ཆ་འགའ་རེ་འདུག་གོ །

( ར་རྩག་སྟེང )

གཉིས་པ་སྐུ་འཁྲུངས་ཚུལ་ནི། བསྟན་འགྲོའི་མགོན་སྐྱབས་དམ་པར་རྒྱལ་བ་ཀརྨ་པ་དུས་གསུམ་མཁྱེན་པ། གདུང་རུས་ལྷ་ལྡོང་དཀར་པོ། ཡབ་བསྒོམ་པ་རྡོ་རྗེ། ཡུམ་ལྷ་ཐོག་གཟའ་སྒང་ལྕམ་མིང་འདྲེན། དགུང་སྙིང་ལྕགས་ཕོ་སྟག་གི་ལོ་སྟེ། སྤྱི་ལོ་1110་ལོར་མ་ཡུམ་གསུངས་སྒྲོགས་ཞིང་ནང་ནས་ཀརྨ་པས་གསུངས་ལྟར་ཁྱིམ་ལ་རྩད་མ་ཐག། བལྟས་བཟང་དང་བཅས་སྐུ་མཚན་དཔེ་གྱི་ལང་ཚོ་མེ་ཏོག་གསལ་དུ་བཞད་ཅིང་། མཚན་ཡང་དགེ་འཕེལ་གསོལ་བ་ཡིན་ཞེས་ངག་རྒྱུན་ལས་བྱུང་ངོ། །

( གཟིམ་ཁང་རྙིང་བ )

གསུམ་པ་མདོ་བསྡུས་ནས་བཤད་པ་ལ་གཉིས་ལས། དང་པོ་དངོས་ཡོད་དད་རྟེན་བཤད་པ་ནི། སྐུ་རྟེན་གྱི་གནས་ཁང་འདི་སྔོན་ལ་སོག་པོ་དམག་གིས་བཤིག་པ་དེ། ཞྭ་ནག་ཀརྨ་པ་དང་། ཡང་ཕྱིས་སུ་མེ་སྐྱོན་ཅུང་ཙམ་ཤོར་བར་སོགས་ཉམས་པ་དེ་རྣམས། ཞྭ་དམར་ཀརྨ་པ་སོགས་སྐྱེ་མཆོག་དུ་མས་ཞིག་གསོ་བྱེད་པའི་བཤད་སྲོལ་དང་། ཁྱད་པར་སྤྱི་ལོ་༢༠༡༠་ལོར་ཀརྨ་པའི་དགོངས་བཞེད་ལྟར་དུས་མཁྱེན་གྱི་གཟིམ་ཁང་ཕྱོགས་ལས་རྣམ་རྒྱལ་དང་། མདུན་དུ་ཐུགས་རྟེན་སྤྱི་ལོ་༡༡༦༡་ལོར་དུས་མཁྱེན་གྱིས་བཞེངས་པའི་ཕ་ཡབ་ཀྱི་ཁང་བརྩེགས་མཆོད་རྟེན་རྙིང་བ་རྣམས་ཉམས་གསོ་བྱེད་པ་མ་ཟད། ཁང་པའི་གཡོན་དུ་ཉིད་ཀྱི་རྡོ་སྐུ་དང་སྐུ་གདུང་བྱང་ཆུབ་མཆོད་རྟེན་རྣམས། ཨ་དཀོན་མཆོག་སྤྲུལ་རིན་པོ་ཆེའི་བཀའ་དྲིན་ལ་རྟེན་ནས་ལེགས་གྲུབ་བྱུང་། དེ་བཞིན་དུ་དུས་མཁྱེན་འཁྲུངས་ས་སམ་ཡང་ན་སྒོམ་སྒྲུབ་བྱེད་སར་དང་། ཕ་ཡབ་འཁྲུངས་ས་རྡོ་ལ་དུས་མཁྱེན་གྱི་ཕྱག་མཛུབ་རྗེས་དང་། ཡང་ཕ་མ་དང་དུས་མཁྱེན་གྱིས་བཞེངས་པའི་རྡོ་སྐུ་དང་ཡི་གེ་སོགས་ཡོད། ས་དེ་ལ་ཁང་རྙིང་དུས་སུ་ས་རྡོ་རྣམས་མདོག་སྣུན་ཞིང་འོད་དང་ལྡན་པ་མ་ཟད། བདུད་རྩི་ལྟ་བུར་ཆུ་རང་བབས་སུ་ཡོད་ཀྱང་། ཁང་པ་གསར་ལས་བྱེད་པའི་དབང་གིས་ཉམས་སོང་། གནས་འདི་ལ་གཙང་སྒྲ་ལེགས་པོ་བྱེད་ན་ཡུལ་རྣམས་ལ་བདེ་སྐྱིད་ཕུན་སུམ་ཚོགས་པའི་ཚུལ། རྒན་རབ་རྣམས་ཀྱིས་ངག་རྒྱུན་ལས་བྱུང་།

( གཟིམ་ཁང་ཕྱོགས་ལས་རྣམ་རྒྱལ )

( ཉིད་ཀྱི་རྡོ་སྐུ )

( དུས་མཁྱེན་གྱི་སྐུ་གདུང་བྱང་ཆུབ་མཆོད་རྟེན )

( ཕྱག་མཛུབ་རྗེས་དང་རྡོ་སྐུ་རྣམས )

ཁྱད་པར་དུ་ཁང་པའི་ནང་དུ་སྤྱི་ལོ་༡༡༦༡་ལོར་དུས་མཁྱེན་གྱིས་བཞེངས་པའི། རྒྱལ་ཀུན་ཕྲིན་ལས་རང་གཟུགས་སྐུ་ང་འདྲ་མ་དང་། བྱིན་རླབས་གྱི་ཚལ་ཁ་མ་ཉམས་པ་ཉིད་ཀྱི་སྣམ་སྦྱར། ཆུང་ཆུང་སྐབས་སུ་བྲིས་པའི་ཡི་གེ་རྣམས་མཇལ་རྒྱུ་ཡོད། ཡང་ཁང་པའི་མདུན་ཕྱོགས་སུ་མ་ཡུམ་གྱིས་ཞིང་ལས་སྐབས་སུ་ཀརྨ་པས་ལྟོ་བ་ནས་མ་ལ། ད་ཁྱིམ་ལ་འགྲོ་ང་ཡང་བའི་དུས་ལ་བབས་འདུག་ཞེས། གསུང་སྒྲོགས་ས་ས་ཞིང་གསུང་སྒྲོགས་ཞིང་དང་། བྲག་མཁར་གྲོང་གི་གཡོན་དུ་རྒྱང་གྲགས་གཅིག་གི་མཚམས་ན་རྡོ་ལ་ཞབས་རྗེས་ཤིནྟུ་ལེགས་པོ་ཡོད། ཁྱད་པར་ཉ་བྲག་དགོན་པའི་ནུབ་བྱང་དུ་དུས་མཁྱེན་གྱི་ར་རྩག་མཆོད་རྟེན་དང་། ཉིད་ཀྱི་ཚེ་ཆུ་དང་རྡོ་ལ་ཞབས་རྗེས་རྣམས་ཡོད། ཡང་སྒོས་དཀར་མཛེས་གདོང་ཐོག་དགོན་པའི་གཡོན་ཕྱོགས་སུ། རྗེ་དུས་གསུམ་མཁྱེན་པ་རབ་ཏུ་བྱུང་ས་ཀ་བྲག་ལ་བཀའ་གདམས་དགོན་པ་སྔོན་ཡོད་ཀྱང་། དེང་སང་དེ་ལ་ཀ་བྲག་ཇོ་ཁང་དང་ཀ་བྲག་གྲོང་པ་ཆགས་ཡོད།

( ཉིད་ཀྱི་སྣམ་སྦྱར )

( ཕྱག་བྲིས་རྡོ་གཅོད )

( གསུང་སྒྲོགས་ཞིང )

( ཞབས་རྗེས )

( ར་རྩག་མཆོད་རྟེན )

( ཚེ་ཆུ་ )

( སྤུས་རྗེས )

( ཀ་བྲག་ཇོ་ཁང )

ཡང་ཁང་པའི་གཡས་ཕྱོགས་སུ་ཏྲེ་ཤོད་པདྨ་ལྷ་རྩེའི་འམ་བྲག་དཀར་རྡོ་རྗེ་ཆོས་རྫོང་གི་གནས་རི་ལ། དུས་གསུམ་མཁྱེན་པའི་ཞབས་ཕྱག་སོགས་ཀྱི་རྗེས་མང་རྩམ་ཡོད་དེ་ནི་ཤེས་འདོད་ན་གནས་ཡིག་ལ་གཟིགས་པར་ཞུ། ཁང་པའི་རྒྱབ་ཕྱོགས་སུ་རྒྱབ་རི་བྱང་ནས་བལྟ་ན་རུས་སྦལ་དབྱིབས་ཅན་དང་། ཤར་ལྷོར་ནས་བལྟ་ན་ཀརྨ་པའི་དབུ་ཞ་དབྱིབས་ཅན་འདྲ་བ་དེ་བླ་མ་འགལ་ཞིག་གིས་རྣམ་སྲས་བང་མཛད་ཡིན་གསུངས། གནས་ཡིག་གནས་རི་གི་གནས་སྒོ་རེད་གསུངས། མདོར་ན་རྗེ་ཀརྨ་པ་དུས་གསུམ་མཁྱེན་པའི་བླ་རི་གནས་ཁྱད་པར་ཅན་ཡིན་པ་འདྲ། མིང་ལ་མཁར་སྒོ་བཏགས། ཡང་གྲུབ་ཐོབ་འོད་གསལ་རྡོ་རྗེས་མཛད་པའི་གནས་ཡིག་ལས། ཕ་ཝང་ཁ་བ་དཀར་པོའི་ཕྱོགས་ལ་གནས། ཞེས་པའི་ཕ་བོང་ཡང་མཁར་སྒོ་གི་གཡོན་ཟུར་ན་ཡོད། མ་ཚད་རང་པ་ཚར་གླིང་ལ་སྒང་གི་རྡོ་ལ་ཡང་གྲུབ་རྗེས་ཡོད། ཁང་པའི་གཡོན་ཕྱོགས་སུ་ལྕང་མ་ཆེན་པོ་དེ། ད་ལྟར་གྲོང་མི་རྣམས་ཀྱིས་བསང་གཏང་ཞིང་གསོལ་འདེབས་སྨོན་ལམ་བྱེད་ས་ཡིན། ཁྱད་པར་རྒྱལ་བ་ཀརྨ་པ་དུས་གསུམ་མཁྱེན་པའི་བླ་ཤིང་ལྷ་མོ་བསྒྲུབས་པས་གྲུབ་རྟགས་བྱུང་ས་དང་། ལྷ་མོ་དེའི་ཞལ་གཟིགས་ས་ཡིན་པའི་དུས་དབང་གིས་མིང་ཡང་ལྷ་ལྕང་འམ་ལྷ་མོའི་ལྕང་མ་ཞེས་ཐོགས་པར་བཤད་སྲོལ་འདུག

( ཏྲེ་ཤོད་པདྨ་ལྷ་རྩེའི་གནས་རི )

( བླ་རི་དབུ་ཞྭ་དབྱིབས་ཅན )

( ཕ་ཝང་དཀར་པོ )

གཉིས་པ་མཇུག་བསྡུ་བ་ནི། སྤྱིར་བཏང་གི་སྐྱེས་བུ་དམ་པ་འདི་ཉིད་ཀྱིས་མཛད་སྤྱོད་དང་བྱིན་རླབས་གྱི་རྟེན་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ཀྱང་། བདག་གིས་འཁྲུངས་ཡུལ་ཕྱོགས་ཀྱི་དངོས་ཡོད་གནས་ཚུལ་རྣམས་ལ་བརྟག་དཔྱད་ལེགས་པར་བྱེད་ནས། དད་ལྡན་མང་ཚོགས་མཇལ་ཁ་ཡོང་བ་རྣམས་ཀྱིས་རེ་འདོད་དང་། ཨ་དཀོན་མཆོག་སྤྲུལ་རིན་པོ་ཆེའི་བཀའ་ལྟར། བདག་གིས་དུས་མཁྱེན་གྱི་གཟིམ་ཁང་དུ་སྤྱི་ལོ་༢༠༡༣་ལོར་ཟླ་ཚེས་བཟང་པོ་ཉིད་ལ་བསམ་གཏན་ནས་བྲིས།།

( ལྷ་མོའི་ལྕང་མ )

འདི་བྲིས་དགེ་བ་ཉི་མ་དེས། །སེམས་ཅན་འཁྲུལ་བའི་མུན་པ་རྣམས། །ནམ་མཁའི་དབྱིངས་སུ་ཞི་གྱུར་ནས། །ཡེ་ཤེས་སྣང་བར་རྒྱས་པར་ཤོག། །དགེ་འོ།། །།

( བསམ་གཏན་གྱི་པར )