ཚེ་ཆུའི་ལོ་རྒྱུས

མིག་གི་བདུད་རྩི

༄༅། ཉ་བྲག་དགོན་པའི་ཚེ་ཆུའི་

ལོ་རྒྱུས་གསལ་བའི་དྲི་མེད་ཤེལ་གྱི་མེ་ལོང་ཞེས་བྱ་བར་བཞུགས་སོ། །

( ཉ་བྲག་དགོན་པ )

རིག་སྟོང་ཆོས་སྐུ་དབྱིངས་ལས་མ་གཡོ་ཞིང་། །སྣང་སྟོང་ཐུགས་རྗེ་རང་གཟུགས་ལོངས་སྤྱོད་སྐུ། །གྲག་སྟོང་གསུང་དབྱངས་སྒྲོགས་པའི་སྤྲུལ་བའི་སྐུ། །དུས་གསུམ་མཁྱེན་པའི་ཞབས་ལ་གུས་པས་འདུད།

( ཀརྨ་པ་དུས་གསུམ་མཁྱེན་པའི་གཏེར་བླངས་པའི་ཚེ་ཆུ )

ཞེས་མཆོད་པར་བརྗོད་ནས་ཚེ་ཆུའི་ལོ་རྒྱུས་བཤད་པ་ལ་བཞི་ལས། དང་པོ་ས་གནས་བཤད་པ་ནི། དྭངས་གཙང་ཡིད་དུ་འོང་བའི་ས་ཆ་འདི་ནི། མཁས་གྲུབ་དུ་མའི་ལུང་གིས་བསྔགས་པའི་མེ་ཏོག་ཐོར་བའི་གནས་། ཧོར་ཏྲེ་ཤོད་གནས་མཆོག་བཀའ་སྲུང་ལྷ་མོ་ཕུག་གི་གནས་རིའི་ཆར་གཏོགས་པ་མ་ཟད། གངས་ཅན་མཁས་གྲུབ་དུ་མའི་ཞབས་ཀྱིས་བཅགས་ནས། བྱིན་གྱིས་བརླབས་པའི་གནས་ཆེན་འདི་ལ་ནགས་བརྒྱ་ཁུག་ཞེས་བྱ་སྟེ། སྔོན་ས་ཁུག་འདི་ལ་ནགས་ཚལ་བརྒྱ་སྟོང་མང་པོ་ཡོད་པའི་དབང་གིས་མིང་དེ་ལྟར་ཐོགས་པ་ཡིན་ནོ། །

( ནགས་བརྒྱ་ཁུག )

( གཏེར་སྟོན་དུས་གསུམ་མཁྱེན་པ་ཉིད་ཀྱིས་བཞེངས་པའི་སྐུ་ང་འདྲ་མ )

གཉིས་པ་ཚེ་ཆུ་བཤད་པ་ལ་གསུམ་ལས། དང་པོ་གཏེར་སྟོན་ནི། དུས་གསུམ་རྒྱལ་བའི་ཕྲིན་ལས་རང་གཟུགས་ཀརྨ་པ་དུས་གསུམ་མཁྱེན་པ་སྤྱི་ལོ་༡༡༡༠་ལོར། ཏྲེ་ཤོད་པདྨ་ལྷ་རྩེའི་གནས་རི་སྤོ་ཆུ་ཡུལ་དུ་སྐུ་འཁྲུངས་པ་འདི་ཉིད་ཡིན་ནོ། །གཉིས་པ་དུས་བཤད་པ་ནི། དུས་མཁྱེན་དགུང་ལོ་༡༡་ཙམ་གྱི་དུས་སུ་ནགས་བརྒྱ་ཁུག་ལ་ར་རྫི་བྱོན། དེ་ཡི་དུས་སུ་ཆུ་ལེན་བྱོན་སྐབས་གཙོ་རོ་གྲོང་ཞེས་བྱ་བ་ནས། བྱིས་པ་འགའ་ཞིག་གིས་འུར་རྡོ་འཕེན་ནས་བར་ཆད་བྱེད་དུས། རྡོ་ཕ་བོང་ཕག་ཏུ་གབ་པའི་སྐུ་རྗེས་དང་། པུས་རྗེས་འུར་རྡོའི་རྗེས་སོགས་རྡོ་ལ་བཞག་པ་དང་། ཉིད་ཀྱིས་སྨོན་ལམ་ངན་པར་འགའ་རེ་བཏབ་ནས་གསོལ་ཆུ་གཏེར་བླངས་པ་ཡིན། རྗེས་སུ་སྨོན་ལམ་དབང་གིས་གཙོ་རོ་གྲོང་ལ་མི་འདོད་པ་སྣ་ཚོགས་འབྱུང་དུས། ར་རྩག་མཆོད་རྟེན་ས་བཤགས་པ་བྱེད་པའི་དབང་གིས། སྡུག་བསྔལ་ལས་གྲོལ་ནས་བདེ་སྐྱིད་ཀྱི་རྫོགས་ལྡན་གྱི་དཔལ་ལ་གནས་རེད་ཅེས་ངག་རྒྱུན་ལས་བྱུང་། རྐྱེན་དེ་ཙམ་ཡིན་ཡང་གཙོ་བོ་ནི་སེམས་ཅན་རྣམས་ཀྱི་ལས་དང་སྨོན་ལམ། ཉིད་ཀྱིས་འགྲོ་དོན་དུས་ལ་བབ་པའི་དབང་གིས་གཏེར་ལེན་པ་ཡིན་པར་སྨོས་མ་དགོས་སོ།

( གཙོ་རོ་གྲོང )

( ཕ་བོང་ལ་གབ་པའི་སྐུ་རྗེས )

( ཚེ་ཆུའི་འདབས )

གསུམ་པ་འགྱུར་ལྡོག་བཤད་པ་ནི། སངས་རྒྱས་སྟོང་གི་ཐུགས་སྲས་དུས་གསུམ་མཁྱེན་པའི་ཆུ་གཏེར་བླངས་ནས་བཟུང། ལོ་བརྒྱ་ཕྲག་དུ་མར་ལ་བྱིན་རླབས་ཀྱི་འོད་སྟོང་འབར་ནས་སེམས་ཅན་ཀུན་ལ་བདུད་རྩི་ལྟ་བུར་གྱུར། སྤྱི་ལོ་༡༩༦༦་མེ་རྟ་ལོར་གཞུང་ལམ་ལས་དུས་ཚེ་ཆུ་ས་འོག་ཏུ་སོང་ནས་ལོ་ཁ་ཤས་ཁྲ་མིག་ཡུལ་དུ་མེད་པར་གྱུར། ཕྱིས་སུ་ལེགས་སྨོན་སྟོབས་ལས་ལམ་ཞབས་ནས་ཚེ་ཆུའི་འདབས་ཡང་ནས། ལོ་བཅུ་བཞི་ཙམ་རིང་ལ་གཟི་བརྗིད་དང་ལྡན་པ་གནས། དེ་ནས་ཕྱི་ལོ་༡༩༨༡་རབ་བྱུང་བཅུ་དྲུག་པའི་ནང་དུ་ཏང་ཀྲུང་དབྱངས་ཀྱིས་དགོན་པ་ཆོས་སྒོ་ཕྱེ་བའི་ཆོག་མཆན་གནང་ནས་བཟུང་། ཚེ་ཆུའི་འདབས་དེ་ཡང་ཉ་བྲག་དགོན་པའི་དཔྲལ་བའི་མིག་ལྟར་བདག་པོ་བྱེད་པ་ཡིན་ན་ཡང་། སྤྱི་ལོ་༢༠༡༢་ལོར་སླར་ཡང་གཞུང་ལམ་ལས་དུས་ཚེ་ཆུ་འདབས་ལམ་འོག་ཏུ་སོང་། དུས་སྐབས་སུ་ཉ་བྲག་དགོན་པའི་ལས་འཛིན་རྣམས་ཀྱིས་སྔོན་ཚེ་ཆུ་ས་འོག་ཏུ་སོང་བ་དེ་བཙའ་ནས་རྙེད་པ་ཡིན། ཕྱིས་སུ་བདག་ལས་འཛིན་ཡིན་དུས་གྲྭ་ཚང་རྣམས་ཀྱིས་ཁང་པ་ཆུང་ཆུང་ཞིག་ལས་ནས་ཉར་ཚགས་བྱེད་དོ།

( པུས་བཙུགས་རྗེས )

གསུམ་པ་ཚེ་ཆུའི་ཕན་ནུས་བཤད་པ་ནི། ཚེ་ཆུའི་ཕན་ཡོན་བདག་ལྟ་བུའི་བློ་ཡུལ་ལས་འདས་པ་རྒྱ་མཚོ་ལྟ་བུར་ཡིན་ན་ཡང་། རང་གིས་མཐོང་ཚད་དང་གཞན་གྱིས་བཤད་སྲོལ་དྲི་མེད་ཆུ་ཐིག་ཙམ་ལེན་ནས་བརྗོད་ན། ཆུས་འཛེར་བ་སོགས་བཀྲུས་ན་མེད་འགྲོ་བའི་རྒྱུ་མཚན་གྱིས་ཚེ་ཆུ་ལ་འཛེར་ཆུ་ཡང་ཟེར། ཞིང་ནང་འདེབས་ན་ལོ་ཏོག་གི་གནོད་པ་སེལ་ཞིང་། སུས་མཐུང་ན་ཚེ་རིང་ནད་མེད་པ་དང་བྱ་བར་ལམ་འགྲོ་ཡང་བའི་རྒྱུ་མཚན་གྱིས་ཡུལ་མི་ཀུན་གྱིས་དམར་ཆུང་སྙིང་ལྟར་རྩ་ཆེན་བྱེད། ཡང་སེམས་ཅན་རྣམས་ཀྱི་འཆི་མེད་ཚེ་ཆུ་ བྱེད་པའི་རྒྱུ་མཚན་གྱིས་མིང་ཡང་ཚེ་ཆུ་ཞེས་གྲགས། མདོར་ན་ཆུ་གཏེར་འདི་ནི་བསྟན་འགྲོའི་ཕན་བདེའི་སྲོག་ཤིང་ཀརྨ་པ་དུས་གསུམ་མཁྱེན་པའི། བྱིན་རླབས་ལས་གྲུབ་པའི་འཆི་མེད་བདུད་རྩིའི་ཚེ་ཆུ་ཡིན་པ་མ་ཟད། ཆུ་འདི་དེང་སང་འཕྲུལ་ཆས་བརྟག་དཔྱད་བྱེད་དུས་སུ་ཡང་ཨང་དང་པོ་ཡིན་པའི། ཡིད་བཞིན་ནོར་བུ་རིན་པོ་ཆེ་དང་འདྲ་བ་ཡིན་ནོ། །

( འུར་རྡོ་བཞག་པའི་རྗེས )

འདི་དང་ཚེ་རབས་ཐམས་ཅད་དུ། །རང་གཞན་བསགས་པའི་དགེ་བ་རྣམས། །བསྟན་དང་འགྲོ་བའི་ཆེད་དུ་ནི། །སངས་རྒྱས་སྨོས་པ་དེ་བཞིན་ཤོག །ཅེས་པ་འདི་ནི་ཉ་བྲག་གྲྭ་མཐའ་སུ་གནས་པ་བསམ་གཏན་ནས་ཚེ་ཆུའི་འདབས་ལ་ཚེ་ཆུ་གཏེར་བླངས་ས་འཁྲུལ་བའི་མུན་པ་སེལ་བའི་ཆེད་དུ། སྤྱི་ལོ་༢༠༡༢་ལོར་དཀར་མཛེས་བསྡེ་མགོན་ཁང་གི་འགྲམ་དུ་འཛུམ་མོ་ལ་ངལ་བ་བྱིན་ནོ། །དགེ་ལེགས་འཕེལ།། །།

( བསམ་གཏན )