འབྲས་ལྡན་གྱི་དུས་བཟང་འདིར་ངེད་གསེར་བང་བྱིས་སྐྱོང་ཁང་གིས་ཐེངས་40པའི་དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱ་འགུལ་སྤེལ།

ང་ཚོས་བྱ་འགུལ་གྱི་ནང་དོན་གཤམ་གསལ་ལྟར།

གཅིག དགེ་རྒན་གྱི་དུས་ཆེན་ནི་ལོ་རེའི་ཟླ་༩ཚེས༡༠ཡིན་པ་ཤེས་སུ་བཅུག།

གཉིས། སློབ་མ་རང་གིས་སྨོན་འདུན་ཞུ་བྱང་བཟོས་ནས་དགེ་རྒན་ལ་སྟབས་བདེའི་སྨོན་འདུན་ཞུ་བར་མཛུབ་སྟོན་བྱས།

གསུམ། སློབ་མ་རྣམས་ལ་དགེ་རྒན་འཕྲད་སྐབས་རང་འགུལ་ངང་བྱམས་བརྩེའི་སྒོ་ནས་འཚམས་འདྲི་དང་དྲིན་དྲན་སྐོར་ཁྲིད་སྟོན་བྱོས། དོན་དངོས་ཐོག་ཕྲུ་གུའི་འཚམས་འདྲི་དང་།འཛུམ་མདངས།ཡར་རྒྱས་ཀྱི་སྐོར་ཞུ་ན་དེ་ནི་ང་ཚོ་ལ་འབུལ་བའི་ཆེས་བཟང་བའི་ལེགས་སྐྱེས་ཡིན་ལ།གལ་ཏེ་ང་ཚོའི་ལས་ཀ་ལ་ནོར་འཁྲུལ་ཕྲན་བུ་བྱུང་ཚེ་ཁྱེད་ཅག་གིས་བཅོས་མིན་གྱི་འཛུམ་མདངས་རེ་གནོང་དང་དེ་ནི་ང་ཚོའི་ལས་སྟོབས་འཕེལ་བའི་སེམས་ཤུགས་ངོ་མའོ།

སྐབས་འགར་བདེ་སྐྱིད་ནི་ཧ་ཅང་ཐོབ་སླ་སྟེ།འཚམས་འདྲི་རེ་དང་ཡིད་ཆེས་རེས་ང་ཚོ་ལ་སེམས་ཤུགས་གང་མང་གནང་ལ།ང་ཚོས་མཉམ་དུ་མཐུན་སྒྲིལ་གྱི་ཨ་ལོང་གཅིག་ཏུ་སྦྲེལ་ནས་བྱིས་པ་འདི་དག་བདེ་ཐང་ངང་འཚར་ལོངས་འབྱུང་བར་རེ་སྒུག་བྱས་ནས་མཚར་སྡུག་འོད་སྟོང་འབར་བའི་མ་འོངས་མདུན་ལམ་ལ་རེ་བས་ངང་བསུ་བཞིན་ང་ཚོའི་དོན་སྙིང་ལྡན་པའི་དགེ་རྒན་དུས་ཆེན་ཞིག་རོལ་བའོ།

བྱིས་པའི་སློབ་གསོ་ལ་གས་ཆག་ཤོར་ཚེ། མི་རིགས་ཀྱི་སྲོག་རྩ་ལ་གས་ཆག་ཤོར་བ་རེད།