同德县牧场寄宿制小学生2024年秋季学生报到通知

གུས་ཤིང་འོས་པའི་ཁྱིམ་བདག་དང་མཛའ་ཞིང་བརྩེ་བའི་སློབ་གྲོགས་རྣམ་པ་ལགས།ལོ་ལེགས་སྟོན་གྱི་དུས་ཚིགས་ཤིག་ངང་གིས་བསུ་བའི་དུས་བཟང་འདིར་ཀུན་གྱི་སྤྱན་སྔར་དུ་ཞུ་རྒྱུ་ཞིག་ལ། སྤྱི་ལོ2024ལོའི་ 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགན་བབས་སློབ་གསོའི་བཅའ་ཁྲིམས 》དང《ཐུན་ཏེ་རྫོང་སློབ་གསོ་ཅུའུ་2024ལོའི་སློབ་གྲྭའི་སློབ་བསྡུ་བྱེད་ཐབས》 རྫོང་སློབ་གསོ་ཅུའུ་ཡི་གཅིག་གྱུར་གྱི་བཀོད་སྒྲིག་འོག་ངེད་ཕྱུགས་ར་བཅའ་སྡོད་སློབ་ཆུང་གི་སྟོན་དུས་ཀྱི་སློབ་འགོ་ཚུགས་པའི་དུས་དང་ངེས་དགོས་པའི་དོན་ཚན་དག་ཁྱིམ་བདག་དང་སློབ་མ་རྣམས་ལ་བརྡ་སྦྱོར་བཏང་བ་གཤམ་གསལ་ལྟར།

གཅིག སློབ་མའི་མིང་ཐོ་འགོད་པའི་དུས་ཚོད།

1.2024 ལོའི་སྤྱི 8པའི་ཚེས31ཉིན་གྱི་སྔ་དྲོའི་ཆུ་ཚོད9སྟེང་སློབ་མར་མིང་ཐོ་འགོད་རྒྱུ་ཡིན།

གཉིས། སློབ་བསྡུའི་ཁྱབ་ཁོངས།

འབའ་ཐང་བྱིས་སྐྱོང་ཁང་། ཕྱུགས་ར་བྱིས་སྐྱོང་ཁང་།

མགོ་ལོག་སྡེ་གསར་བྱིས་སྐྱོང་ཁང་། མགར་རྩེ་བྱིས་སྐྱོང་ཁང་།

གསུམ། མིང་ཐོ་འགོད་ཡུལ།

ཐུན་ཏེ་རྫོང་ཕྱུགས་ར་བཅའ་སྡོད་སློབ་ཆུང་།

བཞི། མིང་ཐོ་འགོད་པའི་ཆ་རྐྱེན།

གསར་ཞུགས་སློབ་མའི་མིང་ཐོ་འགོད་པའི་ཆ་རྐྱེན།

1.ཁྱིམ་ཐོ་བསྐྱར་དཔར《 ཁྱིམ་ཐོ་སྟེང་གི་ཤོག་ལྷེ་དང་པོ་ཐམ་ཁ་གསུམ་ཅན་དང་ཁྱིམ་བདག་ཕ་མ་སློབ་མ་རང་ཉིད་བཅས་ཀྱི་ཁྱིམ་ཐོ་མ་ཡིག་དང་བསྐྱར་དཔར》 ( 户口原件及复印件:首页 ,父母的以记学生页面)

2.བྱིས་སྐྱོང་ཁང་གི་མཐར་ཕྱིན་འཛིན་ཡིག་གི་མ་ཡིག ( 幼儿园毕业证原件 )

3. རིམས་འགོག་སྨན་ཁབ་དཔང་ཡིག་གི་མ་ཡིག ( 接种原件 )

4.མ་མཐའི་འཚོ་བའི་འགན་སྲུང་དཔང་ཡིག། (低保证 ) དང་དབུལ་སྐྱོར་གནས་འཁེལ་གྱི་དཔང་ཡིག ( 建档立卡户) དབང་བོ་སྐྱོན་ཅན་གྱི་དཔང་ཡིག (残疾证) ཡོད་མཁན་གྱིས་དེ་དག་ཀྱང་བསྐྱར་དཔར་བྱས་ནས་ཁྱེར་ཡོང་དགོས།

གསར་རྙིང་སློབ་མ་ཀུན་གྱི་མིང་ཐོ་འགོད་བའི་ཆ་རྐྱེན།

1. གཅིག་ལྕོགས་བྱང་བུ་བསྐྱར་དཔར། ( 一卡通原件及复印件)

2. ཐོབ་ཐང་ལག་ཁྱེར་གྱི་མ་ཕྱི་དང་བསྐྱར་དཔར་ཁྱེར་ཡོང་དགོས། ( 身份复印件及原件)

3.འགན་སྲུང་ཐོ་ཡིག་གི་བསྐྱར་དཔར་ཁྱེར་ཡོང་དགོས། ( 保险单复印件)

ལྔ། ཡིད་འཇོག་བྱ་དགོས་པའི་དོན་ཚན།

1. སློབ་གྲྭར་ཡོང་དུས་སློབ་མ་ཀུན་གྱིས་སློབ་ལྭ་གྱོན་དགོས།

2. གྲི་དང་ཁ་པར། གློག་ཀླད། MP3/MP4 ཉེན་ལྡན་རྩེད་ཆས། ཚུལ་མིན་དཔེ་དེབ། སྙིགས་མའི་ས་རིགས། རྒྱུ་ནོམ་རྩ་ཆེན་སོགས་སློབ་གྲྭར་གཏན་ནས་ཁྱེར་ཡོང་མི་ཆོག

ཐུན་ཏེ་རྫོང་ཕྱུགས་ར་བཅའ་སྡོད་སློབ་ཆུང་།

སྤྱི་ལོ་2024ལོའི་ཟླ་8པའི་ཚེས་28ཉིན།