༄༅ ༎གནས་མཇལ་ཟིན་ཐོ།

Lo

ས་ཚིགས་དང་པོ། ཡ་ཆེན་ཆོས་སྒར།

བླ་མ་ནམ་མཁའི་སྙིང་པོས་ཉིད་ཀྱི་སྐུ་ངལ་ལ་མི་འཛེམ་པར་མི་རིགས་གྲུབ་མཐའ་མཐོ་དམན་གང་ཡང་མེད་པར་ཀུན་གྱི་འདོད་པ་བཞིན་གསོན་པོར་ཁྲུས་དབང་གནང་ཞིང་། ཤི་བོར་འཕོ་ལུང་གསུང་བས་མི་ཚད། གསེར་སྐུ་སོགས་རྟེན་རྫས་སླེ་བོ་དང་སླེ་བོར་རབ་གནས་གནང་བར་མཇལ།

ས་ཚིགས་གཉིས་པ།

དཔལ་ཡུལ་རྫོང་གི་ཁོངས་གཏོགས་༼སྙི་ཁོག་༽ཉག་བླ་པད་མ་བདུད་འདུལ་སྐུ་འཇལ་ལུས་གཤེགས་ཡུལ་མཇལ་བ།

བླ་མའི་ཆིབས་པ།

ས་ཚིགས་གསུམ་པ།

སྡེ་དགེ་པར་ཁང་མཇལ་བ།

ས་ཚིགས་བཞི་པ།

ལོ་ཕྱུག་༼འདན༽་གླང་ཐང་སྒྲོལ་མ་ལྷ་ཁང་དང་འདན་མའི་དྲན་གསོ་ཁང་།ཀརྨ་པ་རིག་པའི་རྡོ་རྗེ་འཁྲུངས་ཁྱིམ་དུ་ཕྱིན་པ་ཡིན་ལ། འདན་མ་དྲན་གསོ་ཁང་དུ་འདན་མའི་ཁྲབ་རྨོག་སོགས་དངོས་སུ་མཇལ་བར་འདུག

གླང་ཐང་སྒྲོལ་མ་ལྷ་ཁང་འདིའི་རྟེན་གཙོ་བོ་ནི་སྒྲོལ་མའི་སྐུ་གསུམ་དེ་མི་ལོ་༡༣༠༠ལྷག་གི་བོད་རྒྱལ་སྲོང་བཙན་སྒམ་པོ་དང་རྒྱ་བཟའ་གཉིས་ཀྱི་ཐུགས་དམ་གྱི་རྟེན་སྒྲོལ་མ་གསུང་འབྱོན་མ་དང་། མི་ལོ༣༥༢ཙམ་གྱི་སྔོན་རྒྱལ་དབང་ལྔ་བ་བློ་བཟང་རྒྱ་མཚོའི་ཐུགས་དམ་གྱི་རྟེན་དུ་སྒྲོལ་མ་ང་འགྲོ་གསུང་བྱོན། མི་ལོ༢༧༠ཡས་མས་ཀྱི་མི་དབང་བསོད་ནམས་སྟོབས་རྒྱལ་གྱིས་གནང་བའི་རྟེན་སྐལ་སྒྲོལ་སྐུ་བཅས་གསུམ་ཡིན་པར་གླེང་།

ས་ཚིགས་ལྔ་པ།

ཡུལ་ཤུལ་གྲོང་ཁྱེར་སྐྱེ་རྒུ་མདོར་རྒྱ་ནག་མ་ཎི་མཇལ་སྐོར་དུ་ཕྱིན་པ།

གནས་འདིར་མ་ཎིའི་རྡོ་འབུམ་ཡོད་པས་མི་ཚད་མ་ཎི་རྡོ་འབུམ་ཐོག་མར་བཞེངས་གནང་མཛད་མཁན་རྒྱ་ནག་སྤྲུལ་སྐུའི་སྐུ་ཕྲེང་དང་པོ་སྟོབས་ལྡན་བྱང་ཆུབ་འཕགས་དབང་གིས་གཏེར་ལས་བླངས་པའི་མ་ཎི་རང་བྱོན་གྱི་རྡོ་ལེབ་དང་རྡོ་ཡི་མཆོད་ཀོང་། ཞབས་རྗེས། ནབ་གོས་སོགས་མཇལ་དུ་ཡོད།

ཉིན་མཚན་གཉིས་ཀར་དད་ལྡན་གྱི་མཇལ་སྐོར་བ་ཆད་མེད་གདའ། ཡུལ་འདིའི་མི་རྣམས་ཀྱིས་ཡོད་མེད་དེར་༼གདའ་མི་གདའ༽་ཞེས་པས་སོ།།

ས་ཚིགས་དྲུག་པ།

བྱང་སྡེ་ཉི་མ་རྫ་ཆུ་ཁ།

༡༽ སེར་ཤུལ་དགོན་མཇལ་བ།

༢༽ལྕང་མ་རི་ཁྲོད།

རྫ་སྟོད་ལྕང་མ་རི་ཁྲོད་ཅེས་པའི་གནས་འདི་ནི་པཱ་ཐུལ་མཁན་པོ་ཐུབ་དགའ་ཡིད་བཞིན་ནོར་བུའི་གདན་ས། ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱིས་མི་ལོ་དྲུག་གི་རིང་འཚོ་བ་ངན་ངོན་ངང་སློབ་གཉེར་གནང་སྟེ་བཞུགས་པ་དང་། གནས་ལྔ་རིག་པའི་མཁས་པ་ཆེན་པོ་ཨ་རིག་མཁན་ཆེན་པདྨ་ཚེ་དབང་། དགེ་མང་མཁན་པོ་པདྨ་དབང་རྒྱལ་སོགས་ཀྱིས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་མང་པོ་གསན་བསམ་མཛད་སའི་བཞུགས་གནས་དང་། ཀུན་མཁྱེན་བོད་པ་སྤྲུལ་སྐུ་གནས་དེར་ཕེབས་ནས་མཁན་ཆེན་ཐུབ་བསྟན་ཆོས་འཕེལ་དང་མཇལ་འཕྲད་གནང་ནས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་བའི་མཚོན་ལོ་རྒྱུས་དུ་མ་ལྡན་པའི་གནས་འགངས་ཆེན་དུ་གཅིག་ཏུ་མངོན།

ད་ལྟའི་གནས་དེ་རུ་ལྕང་མ་རི་ཁྲོད་དུ་བཤད་གྲྭ་ཁྱད་འཕགས་ཅན་ཞིག་དང་། ཐུབ་དགའ་ཡིད་བཞིན་ནོར་བུ་དང་ཆོས་རྗེ་འཇིགས་མེད་ཕུན་ཚོགས་གཉིས་མཉམ་དུ་བཞུགས་མྱོང་སའི་ཁང་པ། ཆོས་རྗེ་དམ་པ་འཇིགས་མེད་ཕུན་ཚོགས་ཀྱི་མི་ལོ་དུ་མའི་རིང་དམ་ཆོས་འཆད་ཉན་བྱེད་པར་བཞུགས་སའི་བཞུགས་ཤུལ། རི་མགོ་རུ་རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་སྐུ་རྐྱང་ལ་བུད་ནས་དབྱར་ཁར་སྦྲང་བུ་སོགས་ལ་ལུས་སྦྱིན་གནང་སའི་རྡོ་ཕ་བོང་ཡོད་ཅིང་། ད་ལྟའི་ཆར་རྡོ་ངོས་སུ་ཆོས་དུང་དཀར་པོ་རང་བྱོན་མཇལ་རྒྱུ་ཡོད་པར་ཀུན་གྱིས་གླེང་ཡང་། བདག་གིས་དེ་མཇལ་ཐུབ་མ་བྱུང་།😜གཞན་ཡང་ཐུབ་དགའ་ཡིད་བཞིན་ནོར་བུའི་སྐུ་གདུང་འབུལ་བྱེད་ས། གདུང་རྟེན་མཆོད་རྟེན་ཆེན་མོ་ནང་རྟེན་ཚེམས་བྱས་ཡོད་པ་དང་། མ་ཎི་བླ་མ་པདྨ་སིདྡྷིའི་ཆོས་ཁྲི། ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱི་ནབ་གོས། མཁན་ཆེན་ཐུབ་དགའི་ཆོས་དུང་། ཁོང་གི་ཕྱག་དཔེ་སྤྱོད་འཇུག་ཆེན་མོ་སོགས་རྟེན་གནས་རྩ་ཆེན་མང་དག་ཅིག་དད་པའི་རྟེན་དུ་མ་ཉམས་པར་གནས་ཡོད་པར་མཇལ།

༣༽དཔལ་དགེ་མ་ཎི་མཇལ་སྐོར་དུ་ཕྱིན་པ།

རྫ་དཔལ་དགེ་མ་ཎིའི་རྡོ་འབུམ་ནི་དཔལ་སྤྲུལ་སྐུ་ཕྲེང་དང་པོ་དཔལ་དགེ་བསམ་གཏན་ཕུན་ཚོགས་ཀྱིས་རྡོ་བརྐོས་མ་ཎི་ཚེ་རིང་གི་རྡོ་དང་། རང་བྱུང་མ་ཎི་རྡོ་བརྐོས་སོགས་ལ་གཞི་བཅོལ་ནས་རྡོ་བརྐོས་པར་བཤད་ལ། ད་ལྟ་ས་མིག་དེ་རུ་མཆོད་རྟེན་ཞིག་བཞེངས་འདུག དཔལ་སྤྲུལ་སྐུ་ཕྲེང་རིམ་བྱོན་གྱིས་མ་ཎིའི་རྡོ་རིང་སྔར་ལས་གཞི་རྒྱ་ཇེ་ཆེར་གནང་བ་ཡིན་པར་བཤད། རྡོ་འབུམ་གྱི་རིང་ཚད་ལ་སྤྱི་ལེ་གཅིག་དང་སྨི་དྲུག་བརྒྱ་ཡིན་ཞིང་། གནའ་ནས་ད་ལྟའི་བར་མི་ལོ་བཞི་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པར་གླེང་། ད་ལྟའི་དུས་སུ་སྐོར་བ་བྱེད་མཁན་དང་། གནས་མཇལ་བྱེད་མཁན་བགྲང་གིས་མི་ལང་བར་མཐོང་དུ་ཡོད།

༤༽ རྫ་ཁྲ་མ་ལུང་།

གནས་མཆོག་འདི་ནི་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོའི་བླ་མ་འཇིགས་མེད་རྒྱལ་བའི་མྱུ་གུའི་གདན་ས་སྟེ་རྫ་ཁྲ་མ་ལུང་ཞེས་པ་དེ་ཡིན་ལ། གནས་འདི་ནི་དབེན་པའི་ཡོན་ཏན་ཀུན་ལྡན་དེ།

མདུན་རི་སོགས་ལ་ས་དཔྱད་ལས་བཤད་པ་བཞིན་ས་ཡི་ཡོན་ཏན་ཀུན་ཚང་ཞིག་ཡོད་པར་གླེང་བཞིན་པར་སྨན་རག་གཏོར་གསུམ་དང་། ཚུར་རི་སོ་སོ་དེ་རིམ་པ་བཞིན་དུང་དཀར་དང་། རྡོ་རྗེ། དྲིལ་བུའི་རང་བཞིན་ཡོད་པ་གླེང་།

གཞན་ཡང་འཇིགས་མེད་རྒྱལ་བའི་མྱུ་གུའི་གདུང་འབུལ་བྱེད་སའི་མཆོད་རྟེན། ཆོས་ཁྲི། ས་འོག་ནས་གཏེར་དུ་བཞེས་པའི་ཆུ་གཏེར་ངོ་མཚར་ཅན། ལ་ལས་གུ་རུ་རིན་པོ་ཆེའི་ཞབས་རྗེ་རེད་ལབ། ལ་ལས་བླ་མ་ཁོང་གི་ཡིན་པ་བཤད་པ་སོགས་མཇལ་དུ་ཡོད་པར་མངོན་ནོ།།

༥༽རྫ་དཀར་ཆུང་རི་ཁྲོད།

གནས་འདི་ནི་སྤྱན་རས་གཟིགས་དངོས་འཇིགས་མེད་གླིང་པའི་རྣམ་འཕྲུལ་སྐུ་ཡི་སྤྲུལ་པ་འཇམ་དབྱངས་མཁྱེན་བརྩེ་དབང་པོ། གསུང་གི་སྤྲུལ་པ་འཇིགས་མེད་ཆོས་ཀྱི་དབང་པོའམ་དཔལ་སྤྲུལ་རིན་པོ་ཆེ། ཐུགས་ཀྱི་སྤྲུལ་པ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་ཞེས་གྲགས་པའི་ནང་ཚན་ལས་དཔལ་སྤྲུལ་རིན་པོ་ཆེ་འཁྲུངས་པའི་གནས་དང་། ཁོང་ཉིད་སྐུ་ཚེའི་སྨད་ལ་འདིར་བཞུགས་པ་དང་། མཐར་དགོངས་པ་ཆོས་དབྱིངས་སུ་གཤེགས་སའི་གནས་རྫ་དཀར་ཆུང་རི་ཁྲོད་དམ་དཀར་ཆུང་ཀོ་མོ་འོར་ལི་ཡང་ཟེར།རི་ཁྲོད་འདི་ནི་ངག་རྒྱུན་དང་དད་གུས་ཅན་མང་དག་ཅིག་གིས། བསམ་ཡས་མཆིམས་ཕུ་དང་། གངས་རི་ཐོད་དཀར་སོགས་དང་བྱིན་རླབས་མཉམ་ཞེས་བཤད། ད་ལྟའི་དུས་སུ་རྫ་དཔལ་སྤྲུལ་གྱི་བཞུགས་གནས་དང་། གདུང་ཚ། གདུང་ཐལ་སོགས་ཀྱིས་བཞེངས་བའི་མཆོད་རྟེན། གདུང་བཞུ་བྱེད་ས། ཆོས་ཁྲི། རི་ཁྲོད་དང་བར་ཐག་ཅུང་ཙམ་རིང་བའི་ལུང་པ་ཞིག་ཏུ་ས་འོག་ནས་གཏེར་དུ་བཏོན་པའི་གཏེར་ཆུ། ཁོང་གིས་ནམ་རྒྱུན་གནས་དེ་ནས་ཆུ་ལེན་པ་དང་། ཇ་བསྐོལ་སྤྱད་སོགས་དེ་བཀོལ་བ་རེད་ཅེས་ཡུལ་མིས་བཤད།

ལུང་མདོ་ཡར་འཁོར་དུས་གཡོན་ཕྱོགས་སུ་རྫ་དཔལ་སྤྲུལ་འཇིག་རྟེན་མི་ཡུལ་འདིར་ལྟེ་ཁྲག་འཕོ་སའི་རྗེས་ཤུལ་དང་དུད་ཁྱིམ་འགའི་ནང་ནས་ཁང་བ་དང་རྒྱ་ར་ཆེས་ཆེ་བ་རུ་རྫ་དཔལ་སྤྲུལ་ཁོང་གི་ཁོལ་མོ་དང་དཔེ་ཆ། ནབ་གོས། ཡོ་བྱད་སོགས་དངོས་སུ་མཇལ་དུ་ཡོད།

༦༽ དཔལ་སྤྲུལ་དང་སྨྱོ་ཤུལ་ལུང་རྟོགས་རིན་པོ་ཆེའི་མ་མོའི་དྲེལ་དཀར་ཕུག་པ་མཇལ་བ།

སྒྲུབ་ཕུག་འདི་ནི་དཀར་ཆུང་རི་ཁྲོད་དུ་འགྲོ་སའི་ལམ་ཟུར་དུ་ཡོད།

༧༽དགེ་གོང་དགོན།

འཇམ་མགོན་མི་ཕམ་དང་རྫ་དཔལ་སྤྲུལ་གཉིས་ཀྱི་དངོས་སློབ་མཁན་ཆེན་ཀུན་བཟང་དཔལ་ལྡན་ནམ་ཡོངས་གྲགས་སུ་ཀུན་དཔལ་དུ་འབོད་པས་ཀུན་མཁྱེན་བོད་པ་སྤྲུལ་སྐུ་ལ་དམ་ཆོས་ཀྱི་བདུད་རྩིའི་བགོ་སྐལ་ནོད་ས། ཕྱིས་སུ་བོད་པ་སྤྲུལ་སྐུའི་གདན་ས་དང་། མཁན་ཆེན་བྱ་བྲལ་མི་ལ་གཉིས་པ་ཆོས་དབྱིངས་ཁྱབ་བརྡལ། ཧོར་ཤུལ་གྱི་མཁས་པའི་དབང་པོ་མཁན་ཆེན་ཟླ་འོད་སོགས་ཀྱི་དཔེ་ཆ་སློབ་སྦྱོང་བྱེད་པའི་གནས། གནའ་དུས་སུ་སྔ་འགྱུར་རྙིང་མའི་བླ་མ་རྣམས་ཀྱི་གྲྭ་ས་ཆེ་ཤོས་སུ་གྱུར་བ་རྫ་སྟོད་དགེ་གོང་དགོན་ལུང་རྟོགས་པདྨོ་རྒྱས་པའི་དགའ་ཚལ་དུ་སོང་། དགོན་དེ་རུ་ཀུན་མཁྱེན་བོད་པ་སྤྲུལ་སྐུ་ཡིས་ཆོས་འཆད་ཉན་བྱེད་སའི་གཙུག་ལག་ཁང་། མཁན་ཀུན་དཔལ་གྱི་གདུང་འབུལ་བྱེད་སའི་མཆོད་རྟེན་དང་། མཁན་ཆེན་ཆོས་ཁྱབ་བཞུགས་སའི་བཞུགས་ཤུལ་སོགས་མཇལ།

༨༽དགེ་མང་དགོན།

དགེ་མང་དབོན་པོ་བསྟན་འཛིན་ནོར་བུ་དང་། མཁན་ཆེན་ཡོན་དགའ། རྒྱལ་སྲས་གཞན་ཕན་མཐའ་ཡས་སོགས་དང་། གཞན་ཡང་མཁན་ཆེན་དམ་པ་ཐུབ་དགའ་ཡིད་བཞིན་ནོར་བུའི་དངོས་སློབ་དང་། ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱི་མཆེད་པོར་གྱུར་བ་རྫ་པདྨ་དབང་རྒྱལ་གྱི་གདན་ས་རྫ་དགེ་མང་དགོན་དུ་འབྱོར། ད་ལྟའི་ཆར་རྫ་དགེ་མང་དགོན་དུ་དབོན་པོ་བསྟན་འཛིན་ནོར་བུའི་ཐུགས་ལྗགས་སྤྱན་གསུམ་འཕོ་འགྱུར་མ་ཤོར་བར་མཇལ་རྒྱུ་དང་། པདྨ་དབང་རྒྱལ་གྱི་གདུང་འབུལ་བྱེད་ས་དང་གདུང་རྟེན་མཆོད་རྟེན་མཇལ་བ། བླ་མའི་གདུང་ཚ། ནབ་གོས་སོགས་གནང་རྒྱུ་འདུག སངས་རྒྱས་སྨན་ལྷའི་སྐུ་འབུམ་ཞིག་ཡོད་པ་དེར་སྐུ་འབུམ་རྡོ་མཁར་ཡང་ཞེས་པ། ནད་པ་ཚོས་དེར་བསྐོར་ན་ནད་དྲག་ནུས་པར་བཤད་དོ།།

༩༽ མི་ར་མ་ཎི།

༡༠༽ སྔ་འགྱུར་རྙིང་མའི་བསྟན་པའི་སྲོལ་འཛིན་ཆེན་མོ་འཇམ་མགོན་མི་ཕམ་ཕྱོགས་ལས་རྣམ་རྒྱལ་ལམ་འཇུ་མི་ཕམ་ཞེས་གྲགས་པའི་འཁྲུངས་གནས་སུ་མཇལ་དུ་སོང་།

འཁྲུངས་གནས་ཀྱི་ས་ཆ་འདི་ནི་པདྨའི་བཀའ་སྡོད་ཡུལ་སྐྱོང་དགེ་བསྙེན་ཆེན་པོ། ཟླ་རྒྱལ་རྡོ་རྗེ་འཕེན་ཕྱུག་གིས་སྲུང་བའི་ས་ཡི་ཐིག་ལེ་ཡ་ཆུའི་དིང་ཆུང་དུ་སྐུ་འཁྲུངས་ཏེ། དྷཱི་ཡིག་དམར་སེར་སྦྲུམ་པའི་ངོ་མཚར་གནས། ། ཡ་ཆུའི་དིང་ཆུང་པདྨ་འཛུམ་པའི་ལྗོངས། ། ཞེས་གསུངས་པ་བཞིན་དང་། རྒྱབ་རིའི་ནང་རྟེན་ས་འཁོར་གཤིན་རྗེ་འཁོར་ལོ། མདུན་རི་གླང་ཆེན་འགྱང་འདྲ་ཡིན་ལ། གནའ་མི་དག་གིས་བཤད་པ་ལྟར་ན་རྒྱབ་རི་ངོས་སུ་འཁོར་ལོའི་སྒྲ་དངོས་སུ་ཐོས་པ་དང་། གཤིན་རྗེ་འཁོར་ལོ་རི་གསུམ་རྩེ་ནས་འཁོར། ། ཞེས་བཤད་ལ། རིག་གསུམ་མགོན་པོའི་གནས་རི་ཡིན་ཞེས་ཡུལ་མི་དག་གིས་གླེང་།

༡༡༽ཨ་རིག་ཆོས་གྲྭ།

འདི་རུ་ཆོས་རྗེ་དམ་པ་འཇིགས་མེད་ཕུན་ཚོགས་ཀྱི་མཆེད་གྲོགས་ཨ་རིག་མཁན་ཆེན་པད་མ་ཚེ་དབང་གི་གདན་ས། བླ་མའི་དབུ་ཐོད། ནབ་གོས། དཔེ་ཆ་སོགས་མཇལ་དུ་ཡོད་པ་དང་། ཆོས་དུང་འབུད་ཅིང་བླ་མའི་ཕྱག་བྲིས། བྱིན་ཅན་གྱི་རིལ་བུ་སོགས་གནང་རྒྱུ་འདུག

༡༢༽གསང་གི་མ་ཎིའམ་ཁྲོ་ཐུང་མ་ཎི་མཇལ་བར་སོང་།

༡༣༽མ་ཆུ་མ་ཎི།

༡༤༽འཇུ་ཉུང་དགོན་དུ་མཇལ་བར་ཕྱིན།

གདན་ས་འཇུ་ཉུང་དགོན་ནི་འཇུ་བླ་གསང་སྔགས་ཀྱིས་ཕྱག་བཏབ་གནང་། འཇུ་མི་ཕམ་གྱི་གཟིམས་ཁང་དང་སྒྲུབ་ཕུག་གཉིས་པོ་མཉམ་དུ་ཡོད་ཅིང་། མིང་ལ་འཆི་མེད་མཆོག་གྲུབ་གླིང་ཞེས་འབོད། དེ་རུ་འཇམ་མགོན་མི་ཕམ་ལོ་གཅིག་དང་ཟླ་བ་དྲུག་ལ་བཞུགས་ཤིང་། ལོ་རེ་ལ་ཉིན་བདུན་དང་། ཟླ་བ་རེ་ལ་བཞུགས་པར་བཤད། འཇམ་མགོན་མི་ཕམ་མ་བྱོན་པའི་གོང་རོལ་ནས་དབོན་པོ་སྒྲུབ་ལུ་སོགས་སྒྲུབ་ཁང་དེ་ནས་བཞུགས་ལ། ངག་རྒྱུན་དུ་ལོ་ཉིས་བརྒྱ་དང་དགུ་བཅུ་ལྷག་གི་ལོ་རྒྱུས་ཡོད་ཅེས་བཤད། ཀུན་མཁྱེན་མི་ཕམ་རྒྱ་མཚོས་གཏེར་ཆེན་རཏྣ་གླིང་པའི་ཟབ་གཏེར་འདུས་པ་སྐོར་བཞིའི་ཡ་གྱལ་ཚེ་སྒྲུབ་གསང་བ་འདུས་པ་དང་། འཇམ་དཔལ་དམར་པོ་ལོངས་སྤྱོད་ཚེ་འཕེལ་གྱི་བསྙེན་སྒྲུབ་མཛད་པ་སོགས་དང་། འཇུ་ཉུང་དགོན་དུ་ཞག་མ་གསུམ་གྱི་རིང་ལ་བཀའ་ཆོས་ཞག་གསུམ་གྱིས་ཐུགས་ལ་བཟུང་བའི་ལོ་རྒྱུས་སོགས་བརྗོད་ཀྱིས་མི་ལང་བ་ཡོད། སྒྲུབ་ཕུག་དེའི་ནང་བཞུགས་ཀྱི་རྟེན་ནི། ངག་དབང་འཕྲིན་ལས་ཀྱི་ཁྱིམ་རྒྱུད་ནས་འཇུ་མི་ཕམ་རྣམ་རྒྱལ་གྱི་ཚེམས་གདུང་མཆོད་རྟེན་ཆེན་མོ། ནང་རྟེན་གཙོ་བོ་ནི། ཀུན་མཁྱེན་མི་ཕམ་པའི་གདུང་རུས། ཕྱག་ཕྲེང་། ནབ་གཟའ། དབུ་སྐྲ། ཕྱག་བྲིས་སོགས་འདུག གཞན་ཡང་འཇུ་བླ་ཚེ་རིང་དབང་རྒྱལ་གྱི་ཕྱག་རྔ། ཀུན་མཁྱེན་མི་ཕམ་རྒྱ་མཚོ་ཚེ་སྒྲུབ་ཀྱི་སྐུ་མཚམས་ལ་བཞུགས་སྐབས་ཆེ་ཚང་བཤམ་ས། མི་ཕམ་ཞབས་རྗེས་བཅས་རང་ཅག་གི་དད་པའི་བགོ་སྐལ་དུ་མ་ཉམས་པར་གནས་ཡོད་དོ། །

ཐེངས་འདིའི་གནས་མཇལ་འདི་ཙམ་མོ།།

འཇམ་དཔལ་དཔའ་བོའི་ཇི་ལྟར་མཁྱེན་པ་དང༌། །

ཀུན་ཏུ་བཟང་བོ་དེ་ཡང་དེ་བཞིན་ཏེ། །

དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཕྱིར། །

དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །

དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །

བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །

བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང༌། །

བཟང་བོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །