ཐུན་ཏེ་རྫོང་ཕྱུགས་ར་བཅའ་སྡོད་སློབ་ཆུང་གི༢༠༢༤ལོའི་མཐར་ཕྱིན་འཛིན་གྲྭ།同德县牧场寄宿制小学2024届毕业班

美友7442666

གཅེས་ཕྲུག་ཚོ།

ཁྱོད་ཚོ་ནི་མ་འོངས་བའི་གདུང་འདེགས་ཀྱི་ཀ་བ་ཡིན་ལ་

མི་རིགས་ཀྱི་རེ་བ་ཡིན།

སློབ་ཕྲུག་ཚོ།

རིན་བྲལ་རིག་པའི་ཞིང་ཁམས་ནས།

བརྩོན་འགྲུས་ཀྱི་གཤོག་རྡང་མ་ལྷོད་དང་།

གངས་དཀར་པོ་འདིའི་བདག་པོ་ཁྱོད་ཚོ་ཡིན།

སློབ་ཕྲུག་ཚོ།

འོད་སྟོང་འབར་བའི་མདུན་ལམ་དང་།

གཟི་བརྗིད་ལྡན་པའི་སློབ་གླིང་ཞིག་གིས།

དུས་དེ་རིང་ཁྱོད་ཚོ་ལ་བསུ་བ་བྱེད་བཞིན་ཡོད།

ང་ཚོ་སྟེ་མི་ལོ་དྲུག་གི་སློབ་རའི་འཚོ་བ་མཉམ་རོལ་བྱས་པའི་སློབ་བུ་ཉེར་བརྒྱད་ནི་འདི་ནས་འཛོམས་ཤིང་འདི་ལྟར་བྲལ་དགོས་པ་མི་ཚེ་ཡི་གོ་རིམ་ཞིག་མ་ཡིན་ནམ།

ང་ཚོས་བསྐྱུར་མི་ཕོད་པ་དང་ང་ཚོ་འབྲལ་མི་འདོད་པ་ནི་བྱམས་བརྩེའི་འཛུམ་མདངས་གྲོལ་བའི་དགེ་རྒན། ཀ་ཁའི་དབྱངས་རྟ་གྱེར་སའི་སློབ་ར། མཐུན་རྐྱེན་གང་ལེགས་མཛད་པའི་འགོ་ཁྲིད། ཤེས་རིག་མེ་ཏོག་འཐུ་བའི་སློབ་གྲོགས། འཚོ་བའི་མངར་ཁ་སྤྱིན་པའི་ཇ་མ། མདོར་ན་འདས་ཟིན་པའི་ལོ་ངོ་དྲུག་གི་འཚོ་བ་རེད།

འཛོམས་པའི་མཐའ་མ་འབྲལ་དགོས་པ་སུས་ཀྱང་བསྒྱུར་ཐབས་མེད། དེ་བས་ང་ཚོས་འདི་ལྟར་ཁྱེད་ཚོ་ལ་གྱེས་ཕྱག་འབུལ་དགོས། དགེ་རྒན་ལགས། བཀའ་དྲིན་ཆེ། མུན་སེལ་གྱི་སྒྲོན་མེ། སློབ་ར་ལགས། བཀའ་དྲིན་ཆེ། ཤེས་རིག་གི་ཞིང་ས། སློབ་གྲོགས་ལགས། བཀའ་དྲིན་ཆེ། མ་འོངས་པའི་རེ་བ།

རེད་ཡ། མིག་རྡེབ་དབང་ཙམ་གྱི་ལོ་ངོ་དྲུག འདི་ལྟར་ཚར་སོང་། དགྱེས་འཛོམས་ཤིག འདི་ལྟར་རྫོགས་སོང། གྱེས་བྲལ་གྱི་གདུང་བ་དམར་པོ། ན་ཟུག་གི་མཆི་མ་དྭངས་མོ། སེམས་ཀྱི་ཟབ་ས་རུ་བཞུར་སོང་། བཞུར་སོང་བའི་སེམས་ཀྱི་རང་མདངས། ཞུས་ཟིན་པའི་གྱེས་ཕྱག་ཚིག་གསུམ་ཁ་བཏགས་དཀར་པོ་ཞིག་གི་ཚབ་ཏུ། ཁྱེད་ཚོ་ལ་སེམས་ཀྱིས་མཆོད། སེམས་ཀྱིས་འབུལ།

བརྩོན་དང་། གཅེས་ཕྲུག་ཚོ།

ཁྱོད་ཚོའི་མ་འོངས་བའི་མདུན་ལམ་རྒྱང་ཐག་རིང་ཡང་།

མ་འོངས་བའི་མདུན་ལམ་ལ་འོད་སྟོང་ལྡན།

བྱིས་དུས་ལག་རྡང་སྦྲེལ་སའི་ན་མཉམ་གྲོགས།།

རྩེ་ར་གཅིག་གི་ནང་ནས་གཉོམ་ལག་རྒྱས།།

དགེ་རྒན་གཅིག་གི་ཞལ་གསུངས་དྲོད་མོར་ཉན།།

མཉམ་འཛོམས་སྐལ་བ་འདི་ལ་ཉམ་རེ་དགའ།།

སློབ་ཕྲུག་ཚོ།

ཁྱོད་ཚོ་བྱ་ཚང་གཅིག་གི་བྱ་ཁྱུ་དང་།

ཁྱིམ་ཚང་གཅིག་གི་མིང་སྲིང་ཡིན་པ།

དུས་ནམ་ཡང་མ་བརྗེད་ཅིག་་་་་་་་་་་་་

༢༠༢༤ལོའི་ཟླ་༦པའི་ཚེས༢༧ལ།

རྒན་བསོད་ནམས་སྒྲོལ་མ་ནས།

同德县

寄宿制

2024

毕业班

牧场

小学