【学前教育宣传月】守护育幼底线 成就美好童年——曲美乡幼儿园2024年学前教育宣传月致家长的一封信

曲美乡中心小学附设幼儿园

亲爱的家长朋友:

您好!每年的5月20日—6月20日是全国学前教育宣传月。今年是第十三个全国学前教育宣传月,也是《3-6岁儿童学习与发展指南》颁布的十三周年,更是全国砥砺奋进推动学前教育跨越式发展、推进科学保教取得重大进展的十三年。接下来,让我们一起了解第十三个全国学前教育宣传月的具体内容,共同关注学前教育的发展,共同营造良好的学前教育氛围吧!

མཛའ་བརྩེ་དང་ལྡན་པའི་ཁྱིམ་བདག་རྣམ་པ།

སྐུ་ཁམས་བཟང་།

ལོ་རེའི་ཟླ་5ཚེས་20ཉིན་ནས་ཟླ་6ཚེས་20ཉིན་བར་ནི་རྒྱལ་ཡོངས་ཀྱི་སློབ་ཞུགས་གོང་གི་སློབ་གསོའི་དྲིལ་བསྒྲགས་ཟླ་བ་ཡིན། འདི་ལོ་ནི་རྒྱལ་ཡོངས་ཀྱི་སློབ་ཞུགས་གོང་གི་སློབ་གསོའི་དྲིལ་བསྒྲགས་ཟླ་བ་ཐེངས་བཅུ་གསུམ་པ་དང་།《ལོ་3ནས་6བར་གྱི་བྱིས་པའི་སློབ་སྦྱོང་དང་འཕེལ་རྒྱས་ཕྱོགས་སྟོན》ཁྱབ་བསྒྲགས་བྱས་ནས་ལོ་བཅུ་གསུམ་འཁོར་བའི་ལོ་ཞིག་ཡིན་ལ། རྒྱལ་ཡོངས་ཀྱིས་འབད་འབུངས་ཡར་བརྩོན་གྱིས་སློབ་ཞུགས་གོང་གི་སློབ་གསོའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཚན་རིག་དང་མཐུན་པའི་སློབ་གསོ་སྲུང་སྐྱོང་ལ་སྐུལ་འདེད་བཏང་ནས་འཕེལ་རྒྱས་གལ་ཆེན་བྱུང་བའི་ལོ་བཅུ་གསུམ་ཡང་ཡིན། གཤམ་ལ། ང་ཚོས་རྒྱལ་ཡོངས་ཀྱི་སློབ་ཞུགས་གོང་གི་སློབ་གསོའི་དྲིལ་བསྒྲགས་ཟླ་བ་ཐེངས་བཅུ་གསུམ་པའི་ཞིབ་ཕྲའི་ནང་དོན་ཤེས་རྟོགས་དང་སློབ་ཞུགས་གོང་གི་སློབ་གསོའི་འཕེལ་རྒྱས་ལ་ཐུན་མོང་ཐོག་དོ་ཁུར་བྱས་ཏེ་སློབ་ཞུགས་གོང་གི་སློབ་གསོའི་རྣམ་པ་བཟང་པོ་ཞིག་ཐུན་མོང་ཐོག་གཏོད་དགོས།

了解学前教育宣传月

སློབ་ཞུགས་གོང་གི་སློབ་ཞུགས་སློབ་གསོའི་དྲིལ་བསྒྲགས་ཟླ་བ་ཤེས་རྟོགས་བྱེད་པ།

活动主题

守护育幼底线 成就美好童年

活动时间

2024年5月20日至6月20日

什么是学前教育宣传月

为深入贯彻落实教育规划纲要和《国务院关于当前发展学前教育的若干意见》(国发[2010]41号),营造有利于幼儿健康成长的良好社会环境,推进学前教育科学发展,教育部决定从2012年起在全国范围内组织开展全国学前教育宣传月活动,活动时间定为每年的5月20日至6月20日。

བྱེད་སྒོའི་བརྗོད་དོན་གཙོ་བོ།

བྱིས་པ་གསོ་སྐྱོང་གི་མཐའ་ཐིག་སྲུང་སྐྱོང་བྱས་ནས་ སྤྲོ་སྣང་ལྡན་པའི་བྱིས་དུས་གཏོད།

བྱེད་སྒོའི་་དུས་ཚོད།

2024ལོའི་ཟླ་5ཚེས་20ཉིན་ནས་ཟླ་6ཚེས་20ཉིན་བར།

གང་འདྲ་ཞིག་ལ་སློབ་ཞུགས་གོང་གི་སློབ་གསོའི་དྲིལ་བསྒྲགས་ཟླ་བ་ཟེར་རམ།

སློབ་གསོའི་འཆར་འགོད་རྩ་གནད་དང་《མིག་སྔའི་སློབ་ཞུགས་གོང་གི་སློབ་གསོ་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར་འགའ་ཞིག》(རྒྱལ་ཁབ་སྤེལ་[2010]ཡིགཨང་41)དོན་འཁྱོལ་གཏིང་ཟབ་བྱས་ཏེ། བྱིས་པ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་ཕན་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་ནས་སློབ་ཞུགས་གོང་གི་སློབ་གསོ་ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད། སློབ་གསོ་པུའུ་ཡིས་2012ལོ་ནས་བཟུང་རྒྱལ་ཡོངས་སུ་རྒྱལ་ཡོངས་ཀྱི་སློབ་ཞུགས་གོང་གི་སློབ་གསོའི་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྒྲིག་འཛུགས་བྱ་རྒྱུ་དང་། བྱེད་སྒོའི་དུས་ཚོད་ནི་ལོ་རེའི་ཟླ་5ཚེས་20ཉིན་ནས་ཟླ་6ཚེས་20ཉིན་བར་གཏན་འཁེལ་བྱས་ཡོད།

今年“学前教育宣传月”的

重点宣传内容

(一)重大法规政策。宣传近年来国家和地方推进实施的有关学前教育法规政策,展现党和政府为保障适龄幼儿接受公平教育机会,解决人民群众急难愁盼问题的重大成果,宣传推进学前教育普及普惠安全优质发展的重大意义。

(二)重要管理制度。宣传国家和地方在学前教育机构准入与管理、师资配备、幼儿园安全防护、卫生保健、保育教育等方面的规章制度,呈现完善学前教育治理体系、促进学前教育规范发展的崭新面貌。

(三)科学保教理念。针对社会公众对学前教育的认识误区、困扰问题,广泛传播科学育儿理念和知识,帮助家长充分认识违反幼儿身心发展规律活动的危害。

འདི་ལོའི་སློབ་ཞུགས་གོང་གི་སློབ་གསོའི་དྲིལ་བསྒྲགས་ཟླ་བའི་དྲིལ་བསྒྲགས་ནང་དོན་གཙོ་བོ།

(གཅིག)ཁྲིམས་སྲོལ་དང་སྲིད་ཇུས་གལ་ཆེན་ཡིན། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་དང་ས་གནས་ཀྱིས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་བའི་སློབ་ཞུགས་གོང་གི་སློབ་གསོ་དང་འབྲེལ་བ་ཡོད་པའི་ཁྲིམས་སྲོལ་སྲིད་ཇུས་དྲིལ་བསྒྲགས་བྱས་ཏེ་ཏང་དང་སྲིད་གཞུང་གིས་སློབ་ལོ་རན་པའི་བྱིས་པར་འདྲ་མཉམ་ངང་སློབ་གསོ་ཐོབ་པའི་གོ་སྐབས་འགན་ལེན་དང་མི་དམངས་མང་ཚོགས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་དཀའ་ངལ་གྱི་གནད་དོན་ཐག་གཅོད་བྱས་པའི་གྲུབ་འབྲས་གལ་ཆེན་མངོན་པར་བྱེད་པ་དང་། སློབ་ཞུགས་གོང་གི་སློབ་གསོ་ཁྱབ་གདལ་ཀུན་ཕན་དང་བདེ་འཇགས་སྤུས་དག་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་དྲིལ་བསྒྲགས་བྱེད་དགོས།

(གཉིས། )དོ་དམ་ལམ་ལུགས་གལ་ཆེན་ཡིན། སློབ་ཞུགས་གོང་གི་སློབ་གསོའི་སྒྲིག་གཞིའི་བཀའ་འཁྲོལ་དོ་དམ་དང་། དགེ་རྒན་བཀོད་སྒྲིག བུ་བཅོལ་ཁང་གི་བདེ་འཇགས་འགོག་སྲུང་། འཕྲོད་བསྟེན་འཕྲོད་སྦྱོར། གསོ་སྐྱོང་སློབ་གསོ་སོགས་ཐད་ཀྱི་རྒྱལ་ཁབ་དང་ས་གནས་ཀྱི་སྒྲིག་སྲོལ་ལམ་ལུགས་དྲིལ་བསྒྲགས་བྱས་ནས་སློབ་ཞུགས་གོང་གི་སློབ་གསོའི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་སློབ་ཞུགས་གོང་གི་སློབ་གསོ་ཚད་ལྡན་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་རྣམ་པ་གསར་པ་མངོན་པར་བྱེད་དགོས།

(གསུམ། )ཚན་རིག་དང་མཐུན་པའི་སློབ་གསོ་སྲུང་སྐྱོང་གི་འདུ་ཤེས་ཡིན། སྤྱི་ཚོགས་དམངས་ཡོངས་ཀྱིས་སློབ་ཞུགས་གོང་གི་སློབ་གསོར་འཛིན་པའི་ངོས་འཛིན་ནོར་འཁྲུལ་དང་དཀའ་ངལ་གྱི་གནད་དོན་ལ་དམིགས་ཏེ་ཚན་རིག་དང་མཐུན་པའི་ཕྲུ་གུ་གསོ་བའི་འདུ་ཤེས་དང་ཤེས་བྱ་རྒྱ་ཁྱབ་ཏུ་ཁྱབ་སྤེལ་བྱས་ནས་ཁྱིམ་བདག་གིས་བྱིས་པའི་ལུས་སེམས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་འགལ་བའི་གནོད་འཚེར་ངོས་འཛིན་གང་ལེགས་བྱེད་རྒྱུར་རོགས་རམ་བྱེད་དགོས།

守护育幼底线 成就美好童年

ཕྲུ་གུ་གསོ་སྐྱོང་གི་མཐའ་ཐིག་སྲུང་ནས་ སྤྲོ་སྣང་ལྡན་པའི་བྱིས་དུས་གཏོད།

“守护育幼底线”

我们要确保每一个孩子都能在安全、健康、快乐的环境中成长。这包括为他们提供安全的设施、合格的教师、科学的教育方法和充满爱的关怀。我们将严格遵循教育规律,坚决抵制任何有损孩子身心健康的行为,确保孩子在学前教育阶段得到最基础、最必要的保护和培养。

“成就美好童年”

我们要努力让每一个孩子的童年都充满阳光和欢笑。我们将通过丰富多彩的教育活动,激发孩子的好奇心和探索欲,培养他们的自信心和合作精神,让他们在游戏中学习,在快乐中成长。我们希望每一个孩子都能在学前教育阶段留下美好而难忘的记忆,为他们的未来奠定坚实的基础。

ཕྲུ་གུ་གསོ་སྐྱོང་གི་མཐའ་ཐིག་སྲུང་དགོས།

ང་ཚོས་བྱིས་པ་ཚང་མ་བདེ་འཇགས་དང་བདེ་ཐང་། བདེ་སྐྱིད་བཅས་ཀྱི་ཁོར་ཡུག་ཁྲོད་འཚར་ལོངས་ཡོང་བར་འགན་ལེན་བྱེད་དགོས། དེའི་ནང་ཁོ་ཚོར་བདེ་འཇགས་ཀྱི་སྒྲིག་ཆས་དང་ཚད་ལྡན་གྱི་དགེ་རྒན། ཚན་རིག་དང་མཐུན་པའི་སློབ་གསོའི་ཐབས་ཤེས། བརྩེ་བ་དང་ལྡན་པའི་ཐུགས་ཁུར་བཅས་བྱེད་རྒྱུ་ཚུད་ཡོད། ང་ཚོས་སློབ་གསོའི་ཆོས་ཉིད་ལ་བརྩི་སྲུང་ནན་པོ་ཞུས་ནས་ཕྲུ་གུའི་ལུས་སེམས་བདེ་ཐང་ལ་གནོད་པའི་བྱ་སྤྱོད་གང་རུང་ལ་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ་སློབ་ཞུགས་གོང་གི་སློབ་གསོའི་དུས་མཚམས་སུ་ཕྲུ་གུ་ལ་ཆེས་རྨང་གཞི་དང་ཆེས་དགོས་ངེས་ཀྱི་སྲུང་སྐྱོང་དང་གསོ་སྐྱོང་ཐོབ་པར་འགན་ལེན་ཏན་ཏིག་བྱེད་དགོས།

སྤྲོ་སྣང་ལྡན་པའི་བྱིས་དུས་གཏོད།

ང་ཚོས་བྱིས་པ་ཚང་མར་བྱིས་དུས་སུ་བརྩེ་བ་དང་སྤྲོ་སྣང་གིས་ཁེངས་པ་བྱེད་དགོས། ང་ཚོས་སྣ་མང་ཕུན་སུམ་ཚོགས་པའི་སློབ་གསོའི་བྱེད་སྒོ་བརྒྱུད་དེ་བྱིས་པའི་ཡ་མཚན་གྱི་བསམ་པ་དང་འཚོལ་ཞིབ་ཀྱི་འདོད་པ་སྐུལ་སྤེལ་དང་། ཁོ་ཚོའི་ཡིད་ཆེས་དང་མཉམ་ལས་ཀྱི་སྙིང་སྟོབས་གསོ་སྐྱོང་བྱས་ཏེ། ཁོ་ཚོར་རོལ་རྩེད་ཁྲོད་སློབ་སྦྱོང་དང་སྤྲོ་སྣང་ཁྲོད་འཚར་ལོངས་ཡོང་བ་བྱེད་དགོས། ང་ཚོས་ཕྲུ་གུ་ཚང་མས་སློབ་ཞུགས་གོང་གི་སློབ་གསོའི་དུས་མཚམས་སུ་མཛེས་སྡུག་ལྡན་ཞིང་བརྗེད་པར་དཀའ་བའི་དྲན་འཆར་བཞག་ནས་ཁོང་ཚོའི་འབྱུང་འགྱུར་ལ་རྨང་གཞི་བརྟན་པོ་འདིང་དགོས།

我们呼吁家长们关注以下几个方面,共同为孩子们营造一个健康、快乐、和谐的成长环境:

ང་ཚོས་ཁྱིམ་བདག་རྣམས་ལ་གཤམ་གསལ་གྱི་ཕྱོགས་འགའ་ལ་དོ་སྣང་བྱས་ཏེ། ཐུན་མོང་ཐོག་ཕྲུ་གུ་ཚོར་བདེ་ཐང་དང་། སྤྲོ་སྐྱིད། འཆམ་མཐུན་བཅས་ཀྱི་འཚར་ལོངས་ཁོར་ཡུག་ཅིག་བསྐྲུན་དགོས་པའི་རེ་འབོད་བྱེད་དགོས།

第一,关注孩子的心理健康

དང་པོ། བྱིས་པའི་སེམས་ཁམས་བདེ་ཐང་ལ་དོ་སྣང་བྱེད་དགོས།

孩子的心理健康是他们成长过程中的重要支撑。请您多关心孩子的情感需求,倾听他们的心声,给予关爱和支持。倾听孩子的话语和心声,才能更好地理解孩子,关注孩子各方面的发展,才能更好地帮助孩子成长。

བྱིས་པའི་སེམས་ཁམས་བདེ་ཐང་ནི་ཁོ་ཚོ་འཚར་ལོངས་བྱུང་བའི་གོ་རིམ་ཁྲོད་ཀྱི་འདེགས་སྐྱོར་གལ་ཆེན་ཞིག་ཡིན། ཁྱེད་ཀྱིས་ཕྲུ་གུའི་བརྩེ་དུང་གི་དགོས་མཁོར་སེམས་ཁུར་མང་ཙམ་གནང་ནས་ཁོང་ཚོའི་སེམས་གཏམ་ལ་ཉན་ཏེ་གཅེས་སྐྱོང་དང་རྒྱབ་སྐྱོར་གནང་རོགས། ཕྲུ་གུའི་སྐད་ཆ་དང་སེམས་ཀྱི་གཏམ་ལ་ཉན་ན་ད་གཟོད་ཕྲུ་གུ་ལ་གོ་བ་སྔར་ལས་ལེགས་པ་ལེན་པ་དང་། ཕྲུ་གུའི་ཕྱོགས་གང་ཅིའི་ཐད་ཀྱི་འཕེལ་རྒྱས་ལ་དོ་སྣང་བྱེད་ཐུབ། ཕྲུ་གུ་འཚར་ལོངས་ཡོང་བར་རོགས་རམ་སྔར་ལས་ལེགས་པ་བྱེད་ཐུབ།

第二,重视孩子的身体健康

གཉིས་པ། བྱིས་པའི་ལུས་ཕུང་བདེ་ཐང་ལ་མཐོང་ཆེན་བྱེད་དགོས།

请您关注孩子的饮食健康,合理搭配营养,确保他们摄入充足的营养。同时,也要让孩子参加适当的体育锻炼,增强身体素质,提高抵抗力。

ཁྱེད་ཀྱིས་ཕྲུ་གུའི་བཟའ་བཏུང་བདེ་ཐང་ལ་དོ་སྣང་དང་འཚོ་བཅུད་སྡེབ་སྒྲིག་ལུགས་མཐུན་བྱས་ཏེ་ཁོང་ཚོར་འཚོ་བཅུད་འདང་ངེས་ཟ་ཐུབ་པའི་འགན་ལེན་བྱེད་དགོས། དེ་དང་ཆབས་ཅིག་བྱིས་པ་རྣམས་ལུས་རྩལ་སྦྱོང་བརྡར་འོས་འཚམ་དུ་ཞུགས་སུ་བཅུག་ནས་ལུས་ཕུང་གི་བྱང་ཚད་ཇེ་དྲག་ཏུ་གཏོང་དགོས། འགོག་ཤུགས་ཇེ་མཐོར་གཏོང་དགོས།

第三,培养孩子的社交能力

གསུམ་པ། བྱིས་པའི་སྤྱི་ཚོགས་འབྲེལ་འདྲིས་

ནུས་པ་གསོ་སྐྱོང་བྱེད་དགོས།

幼儿园是孩子迈入社会的第一步,也是他们建立友谊、学会合作的重要场所。请您鼓励孩子与同伴友好相处,学会分享和尊重他人。通过集体活动增强孩子的合作精神和团队协作能力。

བུ་བཅོལ་ཁང་ནི་ཕྲུ་གུ་སྤྱི་ཚོགས་སུ་ཞུགས་པའི་གོམ་པ་དང་པོ་ཡིན་ལ། ཁོང་ཚོས་མཛའ་གྲོགས་འཛུགས་པ་དང་མཉམ་ལས་བྱེད་ཤེས་པའི་གནས་ཡུལ་གལ་ཆེན་ཞིག་ཀྱང་ཡིན། ཁྱེད་ཀྱིས་ཕྲུ་གུ་དང་གྲོགས་པོ་མཛའ་མཐུན་མཉམ་གནས་བྱེད་པར་སྐུལ་མ་བྱས་ཏེ་མི་གཞན་ལ་མཉམ་སྤྱོད་དང་བརྩི་འཇོག་བྱེད་ཤེས་དགོས། ཐུན་མོང་གི་བྱེད་སྒོ་བརྒྱུད་ཕྲུ་གུའི་མཉམ་ལས་སྙིང་སྟོབས་དང་ཚོགས་པའི་མཉམ་ལས་ནུས་པ་ཆེ་རུ་གཏོང་དགོས།

第四,关注孩子的兴趣爱好

བཞི་པ། བྱིས་པའི་དགའ་ཕྱོགས་ལ་དོ་སྣང་བྱེད་དགོས།

每个孩子都有自己的兴趣和特长,请您关注并尊重孩子的选择,为他们提供多样化的学习资源和活动平台。通过培养孩子的兴趣爱好,激发他们的创造力和想象力,为他们的未来发展打下坚实基础。

ཕྲུ་གུ་ཚང་མར་རང་ཉིད་ཀྱི་དགའ་ཕྱོགས་དང་ཁྱད་ཆོས་ཡོད་པས། ཁྱེད་ཀྱིས་ཕྲུ་གུའི་གདམ་ག་ལ་དོ་སྣང་དང་བརྩི་འཇོག་བྱས་ཏེ། ཁོང་ཚོར་སྣ་མང་ཅན་གྱི་སློབ་སྦྱོང་ཐོན་ཁུངས་དང་བྱེད་སྒོའི་སྟེགས་བུ་མཁོ་འདོན་བྱེད་དགོས། ཕྲུ་གུའི་དགའ་ཕྱོགས་གསོ་སྐྱོང་བྱས་པ་བརྒྱུད་ཁོང་ཚོའི་གསར་གཏོད་ནུས་པ་དང་བསམ་པའི་བཀོད་ཤུགས་སྐུལ་སྤེལ་བྱས་ནས་ཁོང་ཚོའི་འབྱུང་འགྱུར་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་དགོས།

第五,用心陪伴孩子,高质量互动

ལྔ་པ། སེམས་ཤུགས་ཀྱིས་ཕྲུ་གུ་དང་འདུག་རོགས་བྱས་ནས་སྤུས་ཚད་མཐོ་བའི་མཉམ་འགུལ་བྱེད་དགོས།

高质量的互动对幼儿的探索成长是至关重要的。真正的陪伴并不是父母简单地和孩子待在一起,而是真正地投入时间和精力去关注他们的情感需求,去见证他们的成长变化,去理解他们内心的想法,给予他们支持和鼓励,让他们感受到被爱被接纳和被尊重。

སྤུས་ཚད་མཐོ་བའི་མཉམ་འགུལ་ནི་བྱིས་པ་འཚོལ་ཞིབ་དང་འཚར་ལོངས་ཡོང་བར་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། འདུག་རོགས་ངོ་མ་ནི་ཕ་མ་གཉིས་ཀྱིས་སྟབས་བདེའི་ངང་ཕྲུ་གུ་དང་མཉམ་དུ་སྡོད་རྒྱུ་མ་ཡིན་པར། དུས་ཚོད་དང་སེམས་ཤུགས་དངོས་སུ་བཏོན་ནས་ཁོ་ཚོའི་བརྩེ་དུང་གི་དགོས་མཁོར་དོ་སྣང་བྱེད་པ་དང་། ཁོ་ཚོའི་འཚར་ལོངས་ཀྱི་འགྱུར་ལྡོག་དཔང་པོ། ཁོ་ཚོའི་ནང་སེམས་ཀྱི་བསམ་ཚུལ་ལ་རྒྱུས་ལོན་བྱེད་པ་བཅས་ཀྱི་ཐོག་ནས་ཁོ་ཚོར་རྒྱབ་སྐྱོར་དང་སྐུལ་མ་བཏང་ནས་ཁོ་ཚོར་བརྩེ་བ་དང་དང་ལེན་དང་བརྩི་འཇོག་བྱེད་པ་ཚོར་ཐུབ་པ་བྱ་རྒྱུ་དེ་ཡིན།

第六,做情绪稳定的父母

དྲུག་པ། སེམས་ཁམས་བརྟན་པོ་ཡོད་པའི་ཕ་མ་བྱེད་དགོས།

无论何时,都请有接纳孩子情绪的胸怀,同理孩子感受的能力,控制自我情绪的意识。用温和而坚定的态度处理各种养育中的问题,与孩子一起改善,一起成长,也是一场为人父母的自我修行。

དུས་ནམ་ཞིག་ཡིན་རུང་བྱིས་པའི་སེམས་ཁམས་དང་ལེན་བྱེད་པའི་སེམས་ཁམས་དང་། བྱིས་པའི་ཚོར་སྣང་དང་འདྲ་བའི་ནུས་པ། རང་ཉིད་ཀྱི་སེམས་ཁམས་ཚོད་འཛིན་བྱེད་པའི་འདུ་ཤེས་བཅས་ཡོད་དགོས། ཞི་འཇམ་དང་བློ་བརྟན་འགྱུར་མེད་ཀྱི་རྣམ་འགྱུར་ཐོག་ནས་གསོ་སྐྱོང་ཁྲོད་ཀྱི་གནད་དོན་སྣ་ཚོགས་ཐག་གཅོད་བྱས་ཏེ། བྱིས་པ་དང་མཉམ་དུ་ལེགས་བཅོས་དང་མཉམ་དུ་འཚར་ལོངས་ཡོང་བ་ནི་ཕ་མ་གཉིས་ཀྱི་རང་ཉིད་ཀྱི་སྒོམ་སྒྲུབ་ཅིག་ཡིན།

亲爱的家长们,让我们携手共同努力坚守育幼底线,为孩子们成就一个美好的童年!

སྙིང་ཉེ་བའི་ཁྱིམ་བདག་ཚོ། ང་ཚོས་ལག་གདང་སྦྲེལ་ནས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་ཕྲུ་གུ་གསོ་སྐྱོང་གི་མ་མཐའི་མཚམས་ཐིག་བརྟན་སྲུང་བྱས་ནས་ཕྲུ་གུ་ཚོར་མཛེས་སྡུག་ལྡན་པའི་བྱིས་དུས་ཤིག་བསྐྲུན་དགོས།

学前教育

孩子

宣传

育幼

他们

童年

成长

美好

底线

关注