རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི《ལོ་ན3-6བར་གྱི་བྱིས་པའི་སློབ་སྦྱོང་དང་འཕེལ་རྒྱས་ཀྱི་སློབ་སྟོན》《བྱིས་གཉོར་ཁང་གི་སློབ་གསོའི་མཛུབ་སྟོན་རྩ་གནད》《བྱིས་གཉོར་ཁང་གི་བྱ་བའི་སྒྲིག་སྲོལ》《བྱིས་གཉོར་ཁང་ལ་དགེ་རྒན་བསྡུ་བའི་དཔེ་མཚོན་རྒྱུགས་གཞི་དང་དེའི་དྲིས་ལན》སོགས་ལ་གཞི་བཅོལ་ནས་སློབ་ཁྲིད་སྤུས་ཚད་ཚད་ལྡན་ཅན་དུ་འགྱུར་བ་དང་།བྱིས་སྐྱོང་སློབ་གསོའི་བྱ་གཞག་ཡར་རྒྱས་དང་སློབ་ཁྲིད་སྤུས་ཚད་མཐོར་འདེགས་ཡོང་ཆེད། ངེད་ཉིན་ཤུག་གྲོང་རྡལ(བོན་བརྒྱ་ཡུལ་ཚོ)དཀྱིལ་སྙིང་བྱིས་སྐྱོང་ཁང་གཉིས་ཀྱིས་འཆད་ཉན་སྡུར་ཞིབ་བྱེད་སྒོ་སྤེལ།

བྱིས་སྐྱོང་སློབ་གསོའི་ཁྲིད་སྐྱོང་ནི་དགེ་རྒན་སུ་ཡིན་ཞིག་གི་ལྗགས་རྩལ་གྱིས་འཇལ་མི་ནུས་པའི་སྒྱུ་རྩལ་དེ་ཡིན་ལ། སྲོག་ལྡན་གང་ཞིག་གིས་སླ་བར་སློབ་མི་ནུས་པའི་སྐད་ཆ་དེ་ཡིན།ད་དུང་སྤྱི་ཚོགས་གང་ཞིག་གི་ཚན་རིག་དང་མཐུན་པའི་ཐོག་མའི་གོམ་སྟབས་དང་བདེ་ཐང་གི་འཚར་ལོངས་ཡིན།

☀️ན་གཞོན་གསར་བའི་དཔུང་རྡང་ཅིག་གིས།།

✨བྱིས་སྐྱོང་སློབ་གསོ་ཕྱག་གིས་བསྐྱངས་སོང་།།

🌛ཐབས་ཤེས་ཟུང་གི་རྫུ་འཕྲུལ་ཞིག་གིས།།

🔥རིག་པའི་ཁྱེའུ་ཆུང་རིག་པས་གསོས་བྱུང་།།

སློབ་སྔོན་སློབ་གསོ་ནི་སློབ་གྲྭའི་སློབ་གསོའི་སྔོན་གྱི་མི་ཚེའི་བློ་སྒོ་འབྱེད་པའི་སློབ་གསོ་ཐོག་མ་ཡིན་ལ་མི་ཚེ་ལེགས་འགྲུབ་ཀྱི་འཛུམ་མདངས་དང་པོ་རྒྱས་སའི་གནས་མལ་ཡིན།

དགེ་རྒན་ཚོས་ཆད་རྒྱུ་མེད་པའི་སྤྲེལ་འགྱུར་སྟོང་དང་འགག་རྒྱུ་མེད་པའི་གྲེ་འགྱུར་ཁྲི་ཡི་ཁྲོད་ནས་བྱིས་པ་ཚོ་ཕྱག་གིས་ཁྲིད་ནས་བྱམས་ཀྱིས་སྐྱོང་བཞིན།བློ་རིག་པདྨ་དཀར་པོའི་ཞལ་ཁ་ཕྱེས། བློ་གསལ་བུང་བ་གཞོན་ནུའི་གར་སྟབས་བསྒྱུར།

ཕ་བྱང་ཆུབ་སེམས་དཔའི་སྙིང་གི་གཅེས་ཕྲུག།

བོད་ཁ་བའི་བུ་ཕྲུག་ཇོ་སྐྱིད་དམ་པ།།

བློ་རིག་པའི་ཤེས་བྱ་རྩེད་འཇོར་བཞེངས་བཞིན།།

དོན་ཡང་དག་སློབ་གསོའི་འདབ་བརྒྱ་གྲོལ་སོང་།།

བྱ་འགུལ་ཁྲོད་དགེ་རྒན་ཚང་མས་གཅིག་གིས་གཅིག་ལ་སློབ་སྦྱོང་དང་ཉམས་མྱོང་བརྗེ་རེས།མཐུན་སྒྲིལ་རོགས་རེས་ཀྱིས་བྱིས་པ་ཚོའི་ཁྲོད་དུ་བོར་ཞིང་བྱིས་པ་ཚོའི་ཁྲོད་ནས་མངོན་ཡོང་བ་ནི་ལས་རིགས་འདིའི་ཐུན་མིན་སྒྱུ་རྩལ་གྱི་ཆ་དེ་ཡིན།

ང་ཚོའི་སློབ་ཁྲིད་ལ་འཛུམ་མདངས་ཡོད་ལ་ཉམས་འགྱུར་ཡོད། བལྟ་རྒྱུ་ཡོད་ལ་ཉན་རྒྱུ་ཡོད། རེག་རྒྱུ་ཡོད་ལ་འཁྲབ་རྒྱུ་ཡོད་པས། དེ་ཡིས་བྱིས་པ་ཚོ་འཛུམ་གྱིས་འགུག་ལ་ཉམས་ཀྱིས་ཁྲིད་ནས་མཉམ་དུ་བྱིས་པའི་རིག་རྩལ་གླིང་ལ་འཁྲབ་སྟོན་དུ་ཆས་འགྲོ

ལོ་ངོ་ཉི་ཤུའི་ལང་ཚོའི་སྒེག་པའི་ཉི་འོད་ཀྱི་དཔུང་སྡེ།།

རིག་པའི་ཁྱེའུ་ཆུང་ཐབས་ཀྱིས་སྐྱོང་བའི་གཞོན་པ་ཡི་ཚོ་ཁག།

ས་གནས་སློབ་གསོ་སེམས་སུ་ཉར་བའི་ས་སྟེང་གི་སེམས་དཔའ།།

བྱིས་སྐྱོང་སློབ་གསོའི་གསེར་ཞུན་རྒུམ་པའི་ཁྱུང་ཆེན་གྱི་ཁྱུ་ཚོགས།།

གཞན་སྐད་བཤད་ན་གཞན་འདྲ་ལེ།།

རང་སྐད་བཤད་ན་རྐང་འདྲ་ལེ།།

ཐབས་ཤེས་ཐུགས་རྗེ་གློག་འདྲ་ལེ།།

བྱིས་སྐྱོང་བཤེས་གཉེན་གཞན་ལས་ལྷག།

དགེ་རྒན་ཚོའི་ཐབས་ཤེས་ཟུང་འཇུག་གི་ཁྲིད་རྩལ་དང་གཅིག་ཤེས་ཀུན་གྲོལ་གྱི་ཉམས་འགྱུར་ཀློང་ནས་ཐེངས་འདིའི་བྱ་འགུལ་རེ་ཞིག་རྒྱལ་ཁའི་ངང་མཇུག་བསྡུས་ལ། གཟི་བརྗིད་ངང་རྫོགས་ཚིག་བཀོད་དོ།