གླིང་དཀར་དཔའ་བོའི་རིགས་རྒྱུད།།བཙན་པོ་གདོང་དམར་བོད

洛周

གླིང་དཀར་དཔའ་བོའི་རིགས་རྒྱུད།།
བཙན་པོ་གདོང་དམར་བོད་པ།།
གླེང་ན་ལྷ་སྒྲུང་རིང་མོ།།
སེམས་ན་འཚོར་བ་ཟབ་མོ།།

སེང་ལྕམ་འབྲུག་མོ་ནི་སྐྱ་ལོ་ཚོ་ཤོག་གི་གདུང་ལས་མཆེད་ཅིང་།

ཡབ་སྐྱ་ལོ་སྟོན་པ་རྒྱལ་མཚན་དང་ཡུམ་རྨ་བྱ་མཛེས་ལྡན་གཉིས་ལས་སྐུ་འཁྲུངས། ལྷ་སྒྲོལ་མ་དཀར་མོའི་རྣམ་སྤྲུལ་ཡིན་པར་བཞེད།

གླིང་རྗེ་གེ་སར་རྒྱལ་པོའི་བཙུན་མོ་དང་གླིང་གི་དྭངས་སྨན་མཆེད་བདུན་གྱི་གཙོ་མོ་ཡིན། ངག་རྟ་ལ་དགུ་སེང་དྲུག་འགྱུར་ཟེར།

སེང་ལྕམ་འབྲུག་མོ་ཞེས་མིང་ཐོགས་དོན་ལ་སྒྲུང་ལས།

ང་སེང་ལྕམ་འབྲུག་མོ་ཐོགས་དོན་དེ། །དབྱར་ལ་མ་སྐྱེས་དགུན་ལ་སྐྱེས། །

དགུན་སྟག་ཡོས་གཉིས་ཀྱི་བར་སྒང་དུ། །སེར་མོ་སྐུ་དེ་འཁྲུངས་ཞོགས་དེར། །

ཨ་སྔོན་དགུང་ནས་འབྲུག་གཅིག་གྲགས། །དོག་མོ་ས་ན་ལྕམ་གཅིག་སྐྱེས། །

དཀར་ཡག་གངས་ལ་སེང་གེ་འགྱིང་། །སེང་ལྕམ་འབྲུག་མོ་དེ་ནས་ཐོགས། །[1]ཞེས་བཀོད་ཡོད།
གླིང་གི་རྟ་རྒྱུག་རྒྱལ་འཇོག་ཐོག་ཏུ་སེང་ལྕམ་འབྲུག་མོ་དང་སྐྱ་ལོ་ཚང་གིས་གཉེར་བའི་རྒྱུ་ནོར་འབོར་ཆེན་རྒྱན་དུ་བཞག་སྟེ་རྟ་རྒྱུག་རྒྱན་འཇོག་བྱས།

གླིང་རྗེ་གེ་སར་རྒྱལ་པོ་གསེར་ཁྲི་མངའ་གསོལ་རྗེས་སུ་སེང་ལྕམ་འབྲུག་མོ་བཙུན་མོར་ཁབ་ཏུ་བཞེས།

འབྲུག་མོ་ནི་གཤིས་རྒྱུད་བཟང་ཞིང་ཚུལ་ལྡན་ཞིག་ཡིན་པས་གླིང་རྗེ་གེ་སར་རྒྱལ་པོ་ལ་ཞབས་ཞུ་ལེགས་པོ་ཞུས་ཡོད།

གེ་སར་རྒྱལ་པོ་བྱང་ཕྱོགས་སུ་བདུད་འདུལ་བར་ཆས་ནས་ཚུར་གླིང་ཡུལ་དུ་མ་སླེབས་གོང་ལ་ཧོར་གླིང་དམག་འཁྲུག་བྱུང་སྟེ་ཧོར་དམག་གིས་གླིང་ལ་བསྐོར་རྒོལ་བྱེད་པར་འབྲུག་མོས་དམག་འབངས་ཁྲིད་ནས་དཔའ་ངར་ཆེན་པོས་ཧོར་དམག་ལ་འགོག་རྒོལ་བྱས།

ཇ་མཁར་རིང་མོ་ཧོར་ལ་ཤོར་རྗེས་འབྲུག་མོས་གླིང་གི་དམག་འབངས་བདེ་འཇགས་སུ་འགོད་པའི་ཆེད་དུ།

དཔའ་མོ་གཅིག་པུ་ཧོར་གྱི་དམག་སྒར་དུ་ཕྱིན་ནས་ཞི་མཐུན་ཡོང་རྒྱུའི་རེ་བ་བཏོན་པ་དང་།

ཧོར་གྱིས་གླིང་གི་ཇ་མཁར་རྨང་ནས་བཤིག་སྟེ་འབྲུག་མོ་ཧོར་ཡུལ་དུ་བཙན་ཕྲོགས་བྱས་ནས་ཡུན་རིང་བཞུགས་དགོས་བྱུང་ཡང་།

འབྲུག་མོས་རང་གི་ཡུལ་དང་གེ་སར་རྒྱལ་པོ་རྟག་པར་སེམས་ལ་དྲན། བཤད་རྒྱུན་ལ་ཧོར་ཟས་མ་ཟོས་ལོ་གསུམ་དང་།

ཧོར་གོས་མ་གོན་ལོ་གསུམ།

ཧོར་སྐད་མ་བཤད་ལོ་གསུམ་བསྡད་པར་གྲགས།

ཧོར་རྒྱལ་བཏུལ་རྗེས་འབྲུག་མོ་གླིང་ཡུལ་དུ་ཚུར་བྱོན་པ་རེད།

སྒྲུང་ཡིག་ལས་འབྲུག་མོ་དང་གེ་སར་རྒྱལ་པོ་བར་གྱི་བློ་བརྟན་འགྱུར་མེད་ཀྱི་མཛའ་བརྩེ་རང་མདངས་མ་ཉམས་པའི་གནས་ཚུལ་ཤིན་ཏུ་རྒྱས་པར་བཀོད་ཡོད།
སེང་ལྕམ་འབྲུག་མོའི་སྐུའི་བྱད་གཟུགས་ལ།

མིག་འབྲུ་ཁྲ་ཞིང་རྫི་མ་རིང་། ངོ་མདོག་དཀར་ཞིང་སྣ་གདོང་རིང་།

སྐེད་པ་ཕྲ་ཞིང་སྐེ་མགུལ་རིང་། ནུ་མ་འབུར་ཞིང་ལུས་གཟུགས་ལྡེམ།

དཀར་ས་དཀར་ལ་བལྟས་ན། གངས་ལ་ཉི་མ་ཤར་འདྲ།

དམར་ས་དམར་ལ་བལྟས་ན། མཚོ་ལ་མེ་ལྕེ་ཕོག་འདྲ།

རྫི་མ་ནག་ལ་འབྲི་བརྒྱ་རིན། སྤྱན་མིག་ཁྲ་ལ་རྟ་བརྒྱ་རིན།

སོ་དཀར་སུམ་ཅུ་ལུག་བརྒྱ་རིན། ཕར་འགྲོ་གོམ་པ་གཟི་བརྒྱ་རིན།

ཚུར་འོང་གོམ་པ་བྱུར་བརྒྱ་རིན། ལྕེ་ལ་ཡི་གེ་ཨ་ཡིག་བྱོན།

ལྷ་བླ་མ་ཡིན་ཡང་སྤྱན་ཟུར་ཤོར་ལེ། གོང་དཔོན་པོ་ཡིན་ཡང་ཁྲིམས་ར་ཤོར་ལེ། སྟག་ཤར་ར་ཡིན་ཡང་ཡིད་སེམས་འཁྲུགས་ལེ།

སྨན་བུ་མོ་ཡིན་ཡང་སྙིང་རླུང་ལངས་ལེ།

[2]ཞེས་མཐོང་པ་ཙམ་གྱིས་ཡིད་དབང་ཅིག་ཅར་འཕྲོག་པ་དང་མཛེས་པའི་མིག་དཔེར་གྱུར། ཡང།

སྒྲོལ་དཀར་སྙན་ངག་ལྷ་མོའི་གར༔ རྒྱལ་ཡུམ་སེང་ལྕམ་འབྲུག་མོ་ནི༔ ངོ་མཚར་ལང་ཚོའི་ཡིད་ཅན་འགུགས༔ འབྲེལ་ཚད་ཌཀྐིའི་འཁོར་དུ་འདྲེན༔[3]ཞེས་བྲིས་པའོ། །

ལུང་ཁུངས།
[1]《ཧོར་གླིང་གཡུལ་འགྱེད》སྟོད་ཆ། 1962ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ཤོག་ངོས4ནས5ན་གསལ།
[2]《གླིང་གི་མི་སྣ》སྒ་བ་ཀུན་བཟང་སྐྱབས་ཀྱིས་སྒྲིག་རྩོམ་བྱས། 2016ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཤོག་ངོས194ན་གསལ།
[3]《སྔ་རབས་གླིང་དཀར་དཔའ་རྟུལ་བརྒྱད་ཅུའི་ངོ་སྤྲོད་གཙོ་བོར་བརྗོད་པ》ནང་ཁུལ་གྱི་ཡིག་ཆ། སྒྲུང་གཏེར་བ་ཨོ་རྒྱན་བསྟན་འཛིན་གྲགས་པས་ཕབ། ཤོག་ངོས74ན་གསལ།
༼བོད་རྒྱ་ཤན་སྦྱར་གྱི་གེ་སར་ཚིག་མཛོད་དང་། ཧོར་གླིང་གཡུལ་འགྱེད། རྟ་རྒྱུག་དཔྱིད་ཀྱི་ཉི་མ། གླིང་གི་མི་སྣ་སོགས་དཔེ་ཆ་གཞིར་བཟུང་ནས་སྒྲིག༽