བློ་གྲོས་ཀྱི་སྣང་བ་གསལ་བྱེད་དཔེ་ཆ་ཡིན།།

རིག་པ་ཡི་སྒོ་མོ་འབྱེད་བྱེད་དཔེ་ཆ་ཡིན།།

དཔེ་ཆ་ནི་ཤེས་རབ་ཡིན་ལ། ཤེས་རབ་ནི་འོད་སྣང་འབྱེད་པའི་སྒྲོན་མེ་ཡིན།

དཔེ་ཆ་ནི་འཚོ་བ་ཡིན་ལ། འཚོ་བ་ནི་མཚར་སྡུག་སྟོན་པའི་མེ་ལོང་ཡིན།

སྐྱེ་བུ་དམ་པ་ཚོས་མིའི་རིགས་ལ་ཤུལ་དུ་བཞག་པའི་ཆེས་རྩ་ཆེ་བའི་དངོས་པོ་ནི་དཔེ་ཆ་ཡིན། མི་རབས་ནས་མི་རབས་ལ་འཕུལ་བའི་ལག་གཅེས་ཀྱི་མཆོག་ནི་དཔེ་ཆ་ཡིན།

ཁ་སང་ལ་ཕྱི་མིག་བལྟ་ན་དཔེ་ཆར་ལྟོས།དེ་རིང་དོན་སྣང་དུ་གཏོང་ན་དཔེ་ཆར་ལྟོས།

སང་ཉིད་ལ་རྒྱང་ལྟ་བྱེད་ན་ཡང་དཔེ་ཆར་ལྟོས།

དཔེ་ཆ་ནི་ང་ཚོའི་འདས་མ་ད་གསུམ་གྱི་མིག་ཡིན།

ཡར་ཐོན་གྱི་གོམ་པ་དང་པོ་དཔེ་ཀློག་ནས་མགོ་བརྩམས་དགོས།

འཕེལ་རྒྱས་ཀྱི་འགུལ་ཤུགས་ཐོག་མ་དཔེ་ཀློག་ནས་མགོ་བརྩམས་དགོས།