龙门乡民族寄宿制小学2022秋季学期延期开学线上教学工作安排

ལུང་དམར་ཡུལ་ཚོ་མི་རིགས་བཅའ་སྡོད་སློབ་ཆུང་གི་2022སྟོན་དུས་སློབ་འགོ་ཚུགས་པའི་དུས་ཚོད་དུས་འགྱངས་བྱས་ནས་དྲྭ་ལམ་སློབ་ཁྲིད་ལས་དོན་བཀོད་སྒྲིག

གུས་པར་འོས་པའི་ཁྱིམ་བདག་དང་གྲོགས་པོ་རྣམ་པ།སྙིང་ཉེ་བའི་སློབ་གྲོགས་རྣམ་པ།ལྷན་རྒྱས་ཁམས་བཟང་།

ལུས་པོ་གང་དུ་ཡོད་ཀྱང་ཁྱེད་ཀྱིས་ཀྱང་རིམས་ནད་ཀྱི་འགྱུར་ལྡོག་ལ་དོ་ཁུར་བྱེད་ཀྱི་ཡོད་པས་མིག་སྔར་རིམས་ནད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་དང་རྙོག་འཛིང་ཆེ་བས་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་ཆེས་འགག་རྩའི་དུས་མཚམས་སུ་གནས་པ་དང་སློབ་གྲྭ་སློབ་འགོ་ཚུགས་རྒྱུར་དུས་འགྱངས་བྱེད་རྒྱུའི་དམིགས་བསལ་དུས་སྐབས་སུ་ལྷུང་ཡོད།སློབ་འགོ་ཚུགས་རྒྱུ་དུས་འགྱངས་བྱེད་པའི་དུས་ཚོད་ནང་ང་ཚོའི་སློབ་གྲྭས་ཆ་འཕྲིན་ཅན་གྱི་ལག་རྩལ་དང་དྲ་རྒྱའི་ཐོན་ཁུངས་སྤྱད་དེ་དྲ་ལམ་སློབ་ཁྲིད་དང་དྲ་ཐོག་དོགས་གཞིར་ལན་འདེབས་པ་སོགས་ཀྱི་སློབ་སྦྱོང་མཛུབ་ཁྲིད་བྱས་ནས་སློབ་གྲོགས་ཚོར་སློབ་མཚམས་མི་འཇོག་པ་བྱས་པ་རེད།དུས་ཚོད་དེ་བེད་སྤྱོད་གང་ལེགས་བྱས་ནས་སློབ་མ་འཚར་ལོངས་ཡོང་རྒྱུ་དུས་འགྱངས་མི་བྱེད་པ་དང་སློབ་སྦྱོང་འགོར་འགྱངས་མི་ཡོང་བའི་འགན་ལེན་ཏན་ཏིག་བྱ་ཆེད་ད་ཆ་རང་རེའི་སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་དུས་ཡུན་ཁྲོད་ཁྱིམ་དུ་སློབ་སྦྱོང་བྱེད་པ་དང་འབྲེལ་ཡོད་དོན་ཚན་གཤམ་གསལ་ལྟར།

གཅིག དྲ་ཐོག་སློབ་སྦྱོང་བྱེད་པའི་དུས་ཚོད་2022ལོའི་ཟླ9ཚེས1ཉིན་ནས་སློབ་ཁྲིད་བསྐྱར་གསོ་བྱ་རྒྱུའི་བརྡ་ཐོ།

གཉིས།དྲ་ཐོག་སློབ་སྦྱོང་གི་རྩ་དོན།

༡.སློབ་ཚན་གྱི་ཐོན་ཁུངས་གཅིག་གྱུར་གྱིས་བཀོད་སྒྲིག་ཡག་པོ་བྱས་ནས་སློབ་ཁྲིད་ཞབས་ཞུ་ཁྱོན་ཡོངས་ལ་ཁ་ཕྱོགས་པ་དང་སློབ་མ་ཚང་མར་ཁྱབ་པར་འགན་ལེན་ཏན་ཏིག་བྱ་དགོས།སློབ་སྦྱོང་གི་སྦྱངས་འབྲས་ཞན་པ་དང་ཁྱིམ་བདག་ལ་ལྟ་རྟོག་བྱེད་ཚད་དམའ་བར་དོ་ཁུར་བྱས་ཏེ་སྟབས་བསྟུན་སྣ་མང་གི་ཞབས་ཞུ་མཁོ་འདོན་བྱེད་དགོས།

༢.བསླབ་སྣ་སོ་སོ་འཆར་གཞི་ཡོད་པའི་སྒོ་ནས་སློབ་ཚན་སྔོན་སྦྱོང་དང་།དྲ་ཐོག་ནས་རང་བརྟེན་སློབ་སྦྱོང་།དྲ་ཐོག་ཐད་གཏོང་སོགས་ཀྱི་སློབ་ཁྲིད་ལས་ཀ་ལེགས་པར་སྤེལ་བ་དང་།སློབ་ཚན་གསར་པའི་ཚད་གཞིར་རྩེ་གཅིག་ཏུ་དམིགས་ནས་སློབ་དེབ་རྟེན་གཞིར་འཛིན་དགོས།

༣.བསླབ་སྣ་རེ་རེའི་དགེ་རྒན་གྱི་གྲུབ་ཆ་གཙོ་བོའི་གོ་གནས་འདོན་སྤེལ་བྱས་ནས་སློབ་ཚན་མ་འཚོགས་གོང་གི་དྲན་སྐུལ་དང་།སློབ་ཚན་ཁྲོད་དུས་ཀྱི་མཛུབ་སྟོན།སློབ་ཚན་གྲོལ་རྗེས་ཀྱི་དོགས་གཞིར་ལན་འདེབས་པ་དང་དོགས་གནད་སེལ་བ།ཟུར་ཁྲིད།ལས་བྱ་དག་བཅོས་སོགས་ཀྱི་ལས་ཀ་ལེགས་པར་བསྒྲུབ་དགོས་པ་དང་།ངོ་ཐུག་གདོང་འཕྲད་ཀྱིས་སློབ་ཁང་དུ་སློབ་ཁྲིད་བྱེད་པའི་ཕན་འབྲས་འཐོབ་པར་བརྩོན་ལེན་བྱ་དགོས།

༤.སློབ་ཁྲིད་ཀྱི་དུས་ཡུན་རིང་བ་དང་སློབ་ཁྲིད་ཀྱི་མྱུར་ཚད་བཀོད་སྒྲིག་ལུགས་མཐུན་དང་།ལས་བྱ་བསྡོམས་འབོར་ཚོད་འཛིན་ནན་པོ།སློབ་མས་རང་འདོད་སྒོས་སློབ་སྦྱོང་བྱེད་པར་སྐུལ་བ།དཔེ་ཀློག་བྱེད་སྒོ་སྤེལ་བ་བཅས་བྱ་དགོས།

༥.གཉིས་འཕྲི་སྲིད་ཇུས་དོན་འཁྱོལ་བྱས་ཏེ་སློབ་ཆུང་ལོ་རིམ་དང་པོ་དང་གཉིས་པར་ཡིག་ཐོག་དང་དྲ་ཐོག་ལས་བྱ་བཀོད་སྒྲིག་མི་བྱེད་པ།ལོ་རིམ་གསུམ་པའི་སློབ་མས་ཉིན་རེར་ཡིག་ཐོག་དང་དྲ་ཐོག་ལས་བྱ་སྤྱིའི་དུས་ཡུན་སྐར་མ་60ནང་ཚུན་དུ་ཚོད་འཛིན་བྱ་དགོས།ངལ་རྩོལ་ལས་བྱ་དང་ལུས་རྩལ་ལས་བྱ་སོགས་བཀོད་སྒྲིག་བྱས་ནས་སློབ་མ་ཕྱོགས་ཡོངས་ནས་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་བའི་ཁྱིམ་སྦྱོང་ལས་བྱ་བཀོད་སྒྲིག་བྱེད་པར་སྐུལ་བ།སློབ་མས་རང་བདག་གིས་སློབ་སྦྱོང་བྱེད་པར་སྐུལ་བ།དཔེ་ཀློག་བྱེད་སྒོ་སྤེལ་བ་བཅས་བྱ་དགོས།

གསུམ།དྲ་ཐོག་སློབ་སྦྱོང་གི་བླང་བྱ།

༡.རང་ཚུགས་ངང་བསླབ་སྣ་རེ་རེའི་ལས་བྱ་ནན་ཏན་སྒོས་ལེགས་འགྲུབ་ཡོང་བར་བྱེད་པ་དང་(པར་རིས་བརྒྱུད་བསྐུར་བྱེད་སྐབས་པར་རིས་ཀྱི་གསལ་ཚད་ལ་དོ་སྣང་བྱེད་དགོས)དུས་ལྟར་སློབ་ཚན་འཁྲིད་མཁན་དགེ་རྒན་གྱིས་དག་བཅོས་སམ་དབྱེ་ཞིབ་བྱས་རྗེས་དུས་ཐོག་ཏུ་དག་བཅོས་བྱེད་དགོས།

༢.གློག་རྡུལ་ཐོན་རྫས་བེད་སྤྱོད་ལུགས་མཐུན་བྱས་ནས་མིག་ལ་སྲུང་སྐྱོང་ཡག་པོ་བྱས་ཏེ་དུས་ཡུན་རིང་པོར་གློག་རྡུལ་ཐོན་རྫས་ཀྱི་འཆར་ངོས་ལ་ལྟ་མི་རུང་།

༣.གལ་ཏེ་སློབ་སྦྱོང་གི་གནད་དོན་དང་འཕྲད་ན་དུས་དང་རྣམ་པ་ཀུན་ཏུ་དྲི་བ་འདོན་རྒྱུ།

༤.དྲ་ཐོག་སློབ་སྦྱོང་ལེགས་གྲུབ་བྱེད་དགོས་པ་ཕུད་སློབ་གསེང་གི་དུས་ཚོད་དེ་བས་ལུགས་མཐུན་ངང་འཆར་འགོད་ཡག་པོ་བྱེད་དགོས་།སློབ་གྲོགས་ཚོས་རང་ཉིད་དགའ་བའི་ལས་ཀ་རེ་སྒྲུབ་རྒྱུ།དཔེར་ན་རི་མོ་འབྲི་བ་དང་།་ཡིག་གཟུགས་འབྲི་བ།ངལ་རྩོལ།ལུས་སྦྱོང་སོགས་བྱས་ནས་ཁྱིམ་བདག་ལ་ཁྱིམ་ལས་ངལ་རྩོལ་བྱེད་རོགས་དང་།ཁྱིམ་མི་དང་མཉམ་དུ་ཟས་ཞིམ་པོ་ཐེངས་གཅིག་བཟོ་བ།ཁྱིམ་བདག་དང་མཉམ་དུ་དཔེ་ཆ་གཅིག་ཀློག་པ།་བརྗོད་གཞི་གཅིག་གི་སྟེང་ནས་ཁྱིམ་བདག་དང་རང་ཉིད་ཀྱི་བསམ་ཚུལ་བརྗེ་རེས་བྱེད་པ།ཁྱིམ་བདག་དང་མཉམ་དུ་རྒྱལ་གཅེས་གློག་བརྙན་གཅིག་ལ་བལྟ་བ་སོགས་ཀྱི་གྲོས་གཞི་བཏོན་པ།

བཞི།སློབ་སྦྱོང་གི་ནང་དོན།

༡.ལུས་རྩལ་སྦྱོང་བརྡར་དང་ཁྱིམ་ལས་ངལ་རྩོལ།

༢.ཤེས་བྱ་རྙིང་པ་བསྐྱར་སྦྱོང་དང་གསར་པ་སྔོན་སྦྱོང་བྱ་དགོས།

༣.རིམས་ནད་སྔོན་འགོག་གི་ཤེས་བྱ།

༤.བདེ་འཇགས་སློབ་གསོ་དང་བདེ་ཐང་སློབ་གསོ།་རྒྱལ་གཅེས་སློབ་གསོ། གོམས་གཤིས་ཆགས་པའི་སློབ་གསོ་སོགས་བརྗོད་བྱ་ཡིན་པའི་སློབ་གསོ།

ལྔ།གསལ་འདེབས་།

༡.མིག་སྔར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་སྔར་བཞིན་ཛ་དྲག་ཡིན་པས།རང་ངོས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པ་ཐབས་ཤེས་ཡག་ཤོས་དེ་ཡིན་པས་ཕྱིར་མི་འགྲོ་བ།

༢.འབྲེལ་ཡོད་སློབ་སྦྱོང་ཡོ་བྱད(དཔེ་དེབ་དང་།་ཆུ་སྨྱུག སྦྱོང་དེབ་ཁྲེ་ཙེ་སོགས་)གྲ་སྒྲིག་ཡག་པོ་བྱེད་རྒྱུ། ཅོགཙེ་ངོས་གཙང་མ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་རོགས།

༣.དུས་ཐོག་ཏུ་དགེ་རྒན་དང་འབྲེལ་འདྲིས་གང་ལེགས་བྱས་ནས། ཁྱིམ་ཚང་དང་སློབ་གྲྭ་མཉམ་འབྲེལ་དང་སེམས་ཤུགས་གཅིག་སྒྲིལ་གྱིས་སློབ་སྦྱོང་གི་སྤུས་ཚད་མཐོར་འདེགས་གཏོང་དགོས།ཁྱིམ་བདག་དང་སློབ་གྲོགས་ཚོ།་ང་ཚོས་མཉམ་དུ་འབད་བརྩོན་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས།ང་ཚོས་ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་དང་གཅེས་སྤྲས་བྱས་ནས།སློབ་གྲོགས་ཚོའི་སློབ་སྦྱོང་དང་འཚར་ལོངས་ལ་སྲུང་སྐྱོང་ཡག་པོ་བྱས་ཏེ་སླར་ཡང་སློབ་གྲྭར་ལོག་པའི་དྲོ་སྐྱིད་དང་མཛེས་སྡུག་ལྡན་པའི་ཉི་མ་དེར་རེ་སྒུག་བྱེད་ཀྱིན་ཡོད།

尊敬的家长朋友们、亲爱的同学们:

大家好!

不论身在何处,您一定也在默默地关注疫情变化,当前,疫情形势依然严峻复杂,防控正处在最关键的阶段,学校正处于延迟开学的特殊时期。在延迟开学的一段时间里,我校利用信息化技术、网络资源和平台,开展网络教学、线上答疑等学业指导,让同学们停课不停学。为充分利用好这段时间,切实保障学生成长不延期,学习不延误,现将我校疫情防控期间在家学习和有关事项如下:

一、线上学习时间2022年9月1日至复课通知

二、线上学习原则

(一)统筹安排好课程资源,确保教学服务面向全体,覆盖到每一名学生。关注学习成绩薄弱、家长照顾程度低,提供灵活多样的服务。

(二)各学科有计划地开展好课前预习、线下自主学习、在线直播等教学工作,紧紧围绕新课程标准,以教材为依托。

(三)发挥各学科教师的主体地位,做好课前提示、课中点拨及课后答疑反馈、解惑、辅导、作业批改等各环节工作,线上线下融合,力争收到面对面课堂教学的效果。  (四)合理安排教学时长和教学进度,严格控制作业总量,鼓励学生自主学习,广泛开展阅读活动。

(五)落实“双减”政策,小学一、二年级不安排书面和在线作业,三年级学生每天书面和在线作业总时长控制在60分钟以内。鼓励布置劳动作业、体育作业等促进学生全面成长的家庭作业,鼓励学生自主学习,广泛开展阅读活动。

二、线上学习要求

1、认真独立完成各科作业,并按时上交(上传图片,要注意图片的清晰度),任课教师批改或分析后及时订正。

2、合理使用电子产品,保护好眼睛,避免长时间盯电子产品屏幕。

3、如遇学习问题,随时提出问题。

4、在线学习期间,除了完成学业外,更需要合理规划好课余时间。建议同学们可以做一些自己喜欢的事,如绘画、书法、阅读、劳动、体育运动等,帮家长做家务劳动,和家人共做一顿美食,和家长共阅一本书,就一个话题和家长交流自己的所思所想,和家长共看一部爱国影片等。

三、学习内容

1.体育锻炼和家务劳动。

2.复习旧知识和预学新知识。

3.预防疫情知识。

4.安全教育、健康教育、爱国教育、养成教育等主题教育。

四、提示

1.目前疫情防控形势仍然严峻,保护自身安全最好的办法,非不得已不要外出。

2.除了准备好相关学习用品和学习工具(书本、水笔、练习本、尺规等)外,请保持桌面整洁。

3.及时与老师沟通,家校合作,齐心协力提高学习质量。

4.确实不具备线上学习条件的孩子,可与科任老师主动沟通

家长朋友们,让我们共同努力,坚决打赢疫情防控阻击战!疫情虽然阻断了空间,却使全社会人们的心紧紧贴在一起,让我们携手共进,珍惜这段延迟开学的日子,守护好孩子们的学习成长,期待疫情过后那个重返校园的温馨、美好时刻!

线上教学课程表

学习

疫情

家长

作业

教学

开学

线上

学生

防控

在线