རྫོངས་ཡོངས་ཀྱི་ཁྱིམ་བདག་དང་སློབ་མ་རྣམས་ལ་སྤྲིངས་པའི་འཕྲིན་ཡིག

བཀུར་འོས་པའི་ཁྱིམ་བདག་དང་སློབ་གྲོགས་རྣམ་པའི་སྤྱན་ལམ་དུ།

མིག་སྔར་རྒྱལ་ནང་གི་ནད་ཡམས་སྔོན་འགོག་གི་རྣམ་པ་སྔར་བཞིན་ཛ་དྲག་ཆེ་ཞིང་། ས་ཆ་མང་པོར་ནད་ཡམས་ཁྱབ་བཞིན་འདུག ཁྱད་པར་དུ་ལྷ་ས་སོགས་ཡུལ་སྐོར་ཆེད་གཉེར་གྱི་ཞིང་ཆེན་མང་པོར་ཅུང་ཚབས་ཆེ་བའི་སྣང་ཚུལ་བྱུང་ཡོད། རང་རེའི་ཡུལ་ཤུལ་ཁུལ་དུའང་དེ་རིང༢༠༢༢ལོའི་ཟླ༨པའི་ཚེས༢༢ཉིན་བར། ཏོག་ཡོད་ནད་དུག་འགོས་པའི་ནད་པ༦༤ཡོད། དེའི་ནང་དུ་ཚེས་ཉེར་གཅིག་ཉིན་གྱི་ནད་པ་༡༧པོ་དེ་དག་ཀྱང་འདུས། གཞན་ཡང་ཟླ༨པའི་ཚེས༢༡ཉིན། ལྷ་སའི་ཨ་མདོ་རྫོང་གིས་མངགས་བཅོལ་ལྟར་བོད་ལྗོངས་དང་མཚོ་སྔོན་རྫ་སྟོད་ས་མཚམས་སུ་ལོགས་སུ་བཀར་བའི་ཡུལ་བསྐོར་བར་ཉིང་བསྐྱུར་བརྟག་དཔྱད་བྱས་པའི་ནང་དུ་མི༡༣ལ་ནད་དུག་ཕོག་ཡོད་པ་དེ་དག་ཀྱང་འདུས་ཡོད། ཁ་སང་དེ་རིང་ནི་ཡུལ་བསྐོར་ལྗོངས་རྒྱུའི་དུས་ཚུགས་ཡག་པོ་ཡིན་པ་དང་མིའི་འགྲོ་འོང་གི་ཚད་ཀྱང་ཇེ་མང་དུ་འགྲོ་བཞིན་ཡོད་པའི་རྒྱུ་མཚན་གྱིས་ནད་དུག་འགོས་པར་ཡང་ཉེན་ཁ་ཆེན་པོ་ཡོད། དེ་བས་སློབ་མགོ་ཚུགས་པའི་སྔོན་འགོག་གི་བྱ་བ་ལེགས་པོར་བསྒྲུབ་ཏེ་དགེ་སློབ་གཉིས་ཀའི་ལུས་པོའི་བདེ་ཐང་དང་ཚེ་སྲོག་གི་བདེ་འཇགས་ལ་ཁེག་ཐེག་བྱ་དགོས། བདེ་བླག་ངང་སློབ་མགོ་ཚུགས་ཆེད་གཤམ་གྱི་གསལ་བརྡ་འདི་བཏང་བ་ཡིན།

༡ ཚེ་སྲོག་ལ་གཅེས་སྤྲས་བྱ་དགོས་ན་ཚན་རིག་དང་མཐུན་པའི་སྔོན་འགོག་བྱ་དགོས་ཏེ། ནད་ཡམས་སྣང་མེད་དུ་མི་འཇོག་པར་སེམས་བསམ་པའི་གཏིང་ནས། སྔོན་འགོག་རྒྱུན་འཁྱོངས་བྱས་ནས་སློབ་མགོ་ཚུགས་པའི་གྲ་སྒྲིག་གི་ལས་དོན་ཐམས་ཅད་ལེགས་པོར་བསྒྲུབ་དགོས།

༢ རང་རྫོང་ནས་ས་ཆ་གཞན་ལ་ངེས་པར་དུ་འགྲོ་མི་དགོས་ན་མ་སོང་ཡག འདུག་པའི་སྐབས་སུ་རྫོང་རིམ་པའི་ནད་ཡམས་སྔོན་འགོག་བཀོད་འདོམས་ཁང་གིས་རེ་བ་དང་། རྫོང་ཡོངས་ནད་ཡམས་ལས་རྣམ་པར་རྒྱལ་བར་དངོས་ཤུགས་བརྒྱུད་གསུམ་ནས་ནུས་པ་ཅི་ཡོད་གང་ཡོད་འདོན་དགོས། དེ་བས་ཁྱིམ་བདག་དང་སློབ་མ་ཚོས་སྒོ་ཕྱི་ནས་འདུ་འཚོགས་བྱ་མི་རུང་ངོ་།།

༣ ཉིང་བསྐྱུར་བརྟག་དཔྱད་ལ་ཤུགས་སྣོན་བྱ་དགོས། སློབ་མགོ་མ་ཚུགས་སྔོན་ལ་སློབ་མ་ཚང་མས་རང་རང་གི་ཉེ་ས་ནས་ཉུང་མཐའ་ཡང་ཉིང་བསྐྱུར་བརྟག་དཔྱད་ཐེངས་ལྔར་བྱ་དགོས་པར་མ་ཟད། སློབ་མགོ་ཚུགས་པའི་ཉིན་མོར་དུས་ཚོད༧༢རིང་གི་ནད་མེད་བརྟག་དཔྱད་མཇུག་འབྲས་འཁྱེར་ནས་ཐོ་འགོད་བྱ་དགོས།

༤ མི་སྒེར་གྱི་སྔོན་འགོག་ལེགས་པོར་བསྒྲུབ་ནས་རྒྱུན་འཁྱོངས་བྱ་དགོས། དུས་རྒྱུན་ཕྱི་ནང་གཉིས་ཀ་ནས་ཁ་ཐུམ་རྒྱག་པ་དང་། ལག་པ་བཀྲུ་བ། ཁྱིམ་ནས་སྐར་ཁུང་ཕྱེས་ཏེ་རླུང་རྒྱུ་བར་བྱེད་པ། འདུ་ཚོགས་མི་བྱེད་པ། གོང་གིས་གཏན་ཁེལ་བྱས་ཡོད་པའི་ཉིང་བསྐྱུར་བརྟག་དཔྱད་ས་ཚིགས་དང་སྨན་ཁང་། སྔོ་ཚོད་ཁང་དང་ཚོང་ཁང་སོགས་སུ་འགྲོ་ཚེ་མིའི་བར་ཐག་ལ་སྨི་གཅིག་འཇོག་དགོས་པ་དང་ལག་ཤུབས་གོན་པ། ཚ་གྲངས་ལ་བརྟག་པ་དང་ལས་སྒྲུབ་མི་སྣའི་རེ་བ་ལྟར་ཡོངས་འགྲུབ་བྱ་དགོས་པ་ལ་སོགས་པའི་གོམ་གཤིས་ལེགས་པོ་ཆགས་སུ་འཇུག་དགོས།

༥ ཉིན་རེར་མི་རང་ཉིད་ཀྱི་བདེ་ཐང་ལ་ཚད་ལེན་ཞིབ་བཤེར་བྱ་དགོས། གལ་ཏེ་ཚ་རྒྱག་པ་དང་སྐམ་ལུད་བྱེད་པ། ཐང་ཆད་པ། མགྲིན་པ་ན་བ། སྣ་དང་ལྕེ་དབང་ཉམས་པ་སོགས་ཀྱི་རྟགས་བྱུང་ཚེ། སྦ་གསང་མེད་པར་རང་དང་ཐག་ཉེ་སའི་སྨན་ཁང་དུ་སོང་ནས་ནད་བཅོས་དང་རང་གི་འདུག་གནས་དང་འབྲེལ་འདྲིས་སོགས་གནས་ཚུལ་ཐམས་ཅད་དྲང་མོར་ཡར་ཞུ་བྱ་དགོས།

༦ རང་འགུལ་གྱིས་ཏོག་དབྱིབས་ནད་དུག་གི་འགོག་ཁབ་རྒྱག་དགོས། ཁྱད་པར་དུ་ལོ་གསུམ་ནས་བཅུ་བདུན་བར་གྱི་ལོ་ཆུང་ཚོས་ངེས་པར་དུ་མྱུར་མགྱོགས་སྒོས་རྒྱག་དགོས་ལ། འགོག་ཁབ་རྒྱག་སར་འགྲོ་དུས་ཡང་རྒྱུན་ལྡན་ལྟར་ཁ་ཐུམ་རྒྱག་པ་སོགས་གཟབ་གཟབ་བྱ་དགོས། གལ་ཏེ་ནད་དུག་ཕོག་པའི་ནད་པ་ཡོད་པའི་གནས་ཚུལ་ཤེས་ཚེ། མྱུར་དུ་འབྲེལ་ཡོད་མི་སྣའམ་སྡེ་ཁག་ལ་ཡར་ཞུ་བྱས་ཏེ་འགོར་འགྱངས་དང་ཁྱབ་རྒྱ་ཆེ་རུ་མི་འགྲོ་བར་འབད་དགོས།

ཁྱིམ་བདག་རྣམ་པ། ནད་ཡམས་འདིའི་མཇུག་འབྲས་ཇི་འདྲ་ཞིག་ཡིན་པ་ཀུན་གྱིས་ཤེས་གསལ་ལྟར་རེད། དེ་བས་གོང་རིམ་པའི་སྒྲིག་ཁྲིམས་དང་བསྲུང་བྱ་དག་ལེགས་པོར་སྲུང་ནས་ཁྱེད་དང་ང་ཡི་བདེ་སྐྱིད་ཀྱི་ཆེད་དུ་འབད་བརྩོན་ལྷོད་མེད་བྱ་དགོས།

མཐར་ཁྱེད་རྣམ་པའི་ཁྱེད་རྣམ་པའི་སྐུ་ཚེ་རྒྱལ་མཚན་བརྟན་ཞིང་བསམ་དོན་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུ།

རྫ་སྟོད་རྫོང་སློབ་གསོ་ཅུའུ་ནས།

༢༠༢༢ལོའི་ཟླ༨པའི་ཚེས༢༢ཉིན་ལ།

杂多县教育局致家长的一封信

家长朋友、同学们:

你们好!

目前国内疫情防控形势依然严峻复杂,疫情呈现多点散发、多地频发、局部爆发态势,特别是西藏等旅游大省出现疫情外溢现象,玉树州截至2022年8月22日报告本土确诊病例64例(含8月21日报告的17例),另外8月21日玉树州杂多县受西藏安多县委托(8月19日),在青藏交界处西藏一侧隔离管控的核酸检测异常人员中,发现13名阳性感染者。加之当前正值旅游旺季,人员流动不断加大,疫情输入风险持续增加,为切实做好秋季开学疫情防控工作,保障师生身体健康和生命安全,确保新学期学校工作能够平稳有序开展,现温馨提示如下:

1.珍爱生命,科学防护,坚决防止麻痹思想、松劲心态,继续保持临战状态,做好防疫相关工作,认真落实开学返校的各项保障准备工作。

2、最大限度地坚决落实非必要不出(返)县,严格做好个人防护,以高度的政治责任感和历史使命感坚决服从疫情防控工作安排,为全县干部群众共同打赢疫情防控阻击战做出表率。家长、学生应减少聚集活动。

3.加强核酸检测。所有学生在开学前自行就近进行核酸检测至少五次,做到“应检尽检”。开学报到当天,持72小时内核酸阴性证明,并提供健康绿码。

4.坚持做好个人防护。一是时刻保持个人防护不放松,坚持戴口罩、勤洗手、常通风,少聚集、“一米线”等良好习惯,咳嗽、打喷嚏时注意遮挡,做好家庭环境清洁和垃圾处理。二是尽量避免前往室内密闭场所,减少聚集,不扎堆;到公共场所应保持一米社交距离,主动配合测温、扫码等防疫措施。三是购买冷链食品时要去正规超市或市场,戴好口罩和一次性手套,尽量避免用手直接接触。

5.积极开展自我健康监测。做好日常自我健康监测。如出现发热、干咳、乏力、咽痛、嗅(味)觉减退等不适症状,切勿自行诊治,应立即前往就近的发热门诊就诊,如实告知个人旅居史、接触史等流行病学史,就诊过程中做好佩戴口罩等个人防护措施,避免搭乘公共交通工具等。

6.积极接种新冠疫苗,特别是3-17岁青少年,主动接种,尽早完成全程接种和加强接种。自觉遵守测温、扫码亮码、绿码通行、戴口罩、查验核酸等出行管理要求,及时关注疫情动态,一旦发现与感染者有交集请立即报备,严防疫情扩散蔓延。

家长朋友们!疫情防控工作正处于“逆水行舟、不进则退”的关键时期和吃劲阶段,这场旷日持久的疫情极大地考验着我们的意志力、耐力和定力。让我们家校携手,牢固树立“每个人都是自己健康第一责任人”的理念,切实提高疫情防控意识,严格遵守疫情防控要求,共筑一道守护孩子安全健康成长的坚实屏障!

最后,祝愿各位家长身体健康、万事如意,祝愿各位同学学习进步、心想事成、扎西德勒!

杂多县教育局

2022年8月22日