ཡུས་ཧྲུའུ་ཁུལ་ཏོག་དབྱིབས་ནད་དུག་གསར་པ་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡི་བརྡ་ཁྱབ(2022ལོའི་ཨང11པ)གཞིར་བཟུང་། ཟླ8པའི་ཚེས14ཉིན་བོད་རང་སྐྱོང་ལྗོངས་ནས་ཡུས་ཧྲུའུ་ཁུལ་ལ་ལོག་པའི་མི་སྣའི་ཁྲོད་ཏོག་དབྱིབས་ནད་དུག་གསར་པའི་ཉིང་སྐྱུར་གདགས་གཤིས་ཅན་གྱི་མི་སྣ1ཤེས་རྟོགས་བྱུང་བ་དང་། རང་རེའི་ཁུལ་གྱི་རིམས་ནད་ནང་འདྲེན་གྱི་ཉེན་ཁ་མྱུར་དུ་ཆེ་རུ་ཕྱིན་ཡོད་། ཞིང་ཆེན་ཡོངས་ཀྱི་ཏོག་གསར་རིམས་ནད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་དང་ཞིང་ཆེན་དང་ཁུལ་གྱིའབྲེལ་ཡོད་འགོ་ཁྲིད་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཡུས་ཧྲུའུ་གྲོང་ཁྱེར་གཅེས་གཡང་བྱིས་སྐྱོང་ཁང་གི་དགེ་རྒན་དང་གྲོགས་པོ་ཆུང་ཆུང་ཡོངས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་འགན་ལེན་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་འཐབ་རྩོད་ལས་རྒྱལ་ཁ་སྔ་ཙམ་ཐོབ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་ཆེད། རྒྱ་ཆེའི་ཁྱིམ་བདག་དང་དགེ་སློབ་ཡོངས་ལ་གཤམ་གསལ་གྱི་བླང་བྱ་འདོན་རྒྱུ་ཡིན།

གཅིག རྒྱ་ཆེ་བའི་ཁྱིམ་བདག་དང་དགེ་རྒན། གྲོགས་པོ་ཆུང་ཆུང་ཡོངས་ཀྱིས་ཚེ་སྲོག་གི་བདེ་འཇགས་གཙིགས་སུ་བཟུང་ནས་ཚང་མས་རང་ངོས་ནས་ནད་ཡམས་ལ་འགོག་སྲུང་ལེགས་པོ་བྱེད་དགོས། དེ་ནི་རང་རེའི་ཁུལ་གྱི་ནད་ཡམས་སྔོན་འགོག་དང་ནད་ཡམས་སང་དྲག་འབྱུང་བའི་ལས་དོན་དང་ཐད་ཀའི་འབྲེལ་བ་ཡོད་པ་རེད།

གཉིས། ཁུལ་དང་ཞིང་ཆེན་གཞན་ནས་ཐོན་པའི་དགེ་རྒན་དང་གྲོགས་པོ་ཆུང་ཆུང་ཚོས་རང་འགུལ་ངང་སློབ་གྲྭར་འབྲེལ་ཡོད་ཆ་འཕྲིན་སྙན་ཞུ་བྱེད་དགོས་པ་དང་། སྡེ་ཁུལ་དོ་དམ་ལས་ཁུང་ལ་ཐོ་འགོད་སྙན་སེང་དང་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་ལས་དོན་ཡག་པོ་སྒྲུབ་དགོས། ཉེན་ཁ་ཆེ་འབྲིང་ས་ཁུལ་ན་ཡོད་པའི་དགེ་སློབ་རྣམས་སློབ་འགོ་མ་ཚུགས་གོང་གི་ཉིན14ནང་ཕྱིར་ལོག་བྱེད་དགོས་པ་མ་ཟད་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ཡི་བླང་བྱ་གཞིར་བཟུང་སྟེ། འབྲེལ་ཡོད་སྙན་སེང་དང་ཁྱིམ་སྡོད་ལོགས་བཀར་བྱེད་དགོས། སློབ་འགོ་ཚུགས་ནས་འབྱོར་ཐོ་འགོད་སྐབས་དགེ་སློབ་ཚང་མས་ཉིན14ཡི་ནང་གི་འགྲིམ་འགྲུལ་ཨང་རྟགས་སྟོན་དགོས། ཉེ་ཆར་ཉེན་ཁ་ཆེ་འབྲིང་གི་ས་ཁུལ་དུ་འགྲོ་མྱོང་བ་དག་གིས་ཉིན7ཁྲོད་ཐེངས4ཡི་ཉིང་སྐྱུར་བརྟག་དཔྱད་དཔང་ཡིག་གྲ་སྒྲིག་བྱེད་དགོས།

གསུམ། རྒྱ་ཆེ་བའི་དགེ་རྒན་དང་ཁྱིམ་བདག་གྲོགས་པོ་ཆུང་ཆུང་རྣམ་པས་རྒྱུན་པར་མི་དམངས་དྲ་བ་དང་ཞིང་ཆེན། ཁུལ། རྫོང་རིམ་པའི་ཆ་འཕྲིན་ལ་དོ་ཁུར་བྱས་ནས་ཚན་རིག་རང་བཞིན་གྱིས་ཏོག་གསར་ནད་དུག་ལ་སྔོན་འགོག་དང་རང་ཉིད་ཀྱི་བདེ་འཇགས་ལ་མཐོང་ཆེན་བྱེད་དགོས།

བཞི། རྒྱ་ཆེ་བའི་ཁྱིམ་བདག་རྣམ་པས་དོགས་ཟོན་སྔར་བས་ཆེ་བ་བྱས་ཏེ་རང་གི་ཁྱིམ་མི་ལ་འགན་ཁུར་ཡོད་པ་དང་། སྤྱི་ཚོགས་ལ་འགན་ཁུར་ཡོད་པ་སྒོས་རང་གི་བུ་ཕྲུག་དང་བཟའ་མི་རང་གར་མི་མང་སར་འགྲོ་རུ་མི་བཅུག་པ་དང་། གོང་རིམ་སྡེ་ཁག་གི་བརྡ་སྦྱོར་ལྟར་ཐོ་འགོད་བྱེད་དགོས་པ་ལས་མགོ་བསྐོར་དང་རྫུན་བཟོ་སོགས་ཀྱིས་ལས་ཀར་གཏན་ནས་ཞུགས་མི་རུང་།

ལྔ། གལ་ཏེ་ཚ་་བ་རྒྱས་པ་དང་། གློ་ལུ་བ། མིད་པ་སྐམ་པ། ལུས་པོའི་སྟོབས་ཤུགས་ཉམས་པ། སྣའི་དྲི་ཉམས་པ། སྣ་འཚང་བ། སྣ་ཆུ་བཞུར་བ་སོགས་བྱུང་ན་སྨན་པས་སྤྱད་པའི་ཁ་རས་དང་དེ་ལས་རིམ་པ་མཐོ་བའི་ཁ་ཡོལ་རྒྱག་དགོས་པ་མ་ཟད་མྱུར་དུ་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་སུ་འགྲོ་དགོས། ཉིང་བསྐྱུར་བརྟག་དཔྱད་དང་སྨན་བཅོས་སུ་འགྲོ་དུས་སྤྱི་སྤྱོད་རླངས་འཁོར་དུ་བསྡད་མི་རུང་།

རྒྱ་ཆེ་བའི་དགེ་རྒན་དང་ཁྱིམ་བདག གྲོགས་པོ་ཆུང་ཆུང་ཚོས། ཁྱིམ་བདག་རྣམ་པས་ཏོག་གསར་ནད་དུག་རིམས་འགོག་ནི་རྙོག་འཛིང་ཆེ་བ་དང་གཏན་འཁེལ་མིན་པར་ཡིད་འཇོག་བྱས་ཏེ་རང་གི་འགྲོ་འདུག་ལ་ཚོད་འཛིན་གཟབ་ནན་བྱ་དགོས།

མཇུག་མཐར། རྒྱ་ཆེ་བའི་དགེ་རྒན་དང་ཁྱིམ་བདག གྲོགས་པོ་ཆུང་ཆུང་ཚོ། ལུས་ཁམས་བདེ་ཐང་། འཚོ་བ་བདེ་སྐྱིད་ཡོང་བ་བཀྲ་ཤིས་སྨོན་འདུན་ཞུ།

ཡུས་ཧྲུའུ་གྲོང་ཁྱེར་གཅེས་གཡང་བྱིས་སྐྱོང་ཁང་།

སྤྱི་ལོ༢༠༢༢ལོའི་ཟླ༨པའི་ཚེས༡༤ཉིན་ནས།

根据玉树新型冠状病毒感染的肺炎疫情防控处置工作指挥部通告(2022年第11号),8月14日,玉树州在西藏来(返)玉树重点人员排查过程中发现1名新冠病毒核酸检测阳性人员,我市疫情输入风险急剧增加。为全面贯彻落实全省新冠疫情电视电话会议和省州有关领导重要指示精神,确保玉树市金鹰幼儿园全体师幼的身体健康和生命安全,全力支持疫情防控阻击战早日取得胜利,特向广大家长和师幼提出以下要求。

1.做好自我防护,非必要不要出门,不聚餐、不到人员密集的场所,注意个人卫生。请大家认真对待,事关广大教师的生命财产安全,也关系到玉树市疫情防控工作顺利进行的关键因素。

2.请出州、出省的师幼主动向幼儿园报备相关信息,返青、返玉后按要求向社区或居委会做好登记报备及核酸检测工作;有在中高风险地区旅居史的师幼开学前14天返回,并根据疫情防控指挥部要求做好相关报备、居家隔离,核酸检测工作;开学报到时所有师幼要出具14天内行程码,有中高风险旅居史的需要准备7天4次核酸检测证明。

3.请广大师幼和家长朋友们多了解关注新华网、人民网等和省、州、市政府官方、教育局发布的信息,学习正确的防护知识,正确认识新型冠状病毒感染的肺炎疫情,了解疫情防控工作情况,学习正确防疫知识,提高自我防护能力。

4.希望家长们高度保持对幼儿、对家人、对社会高度负责的态度,履行好监护人的法定责任,教育引导孩子严格遵守各项防疫工作要求,落实好居家健康监测和核酸检测等防控措施,密切家园联系,全力配合属地和学校开展的各项排查与信息填报工作,务必做到不瞒报、不谎报、不漏报。

5.如出现发热、干咳、乏力、咽痛、嗅(味)觉减退、鼻塞、流涕、结膜炎、肌痛和腹泻等症状者,要佩戴一次性医用口罩及以上级别口罩,及时到具有发热门诊(诊室)的医疗机构就诊并进行核酸检测,就医过程尽量避免乘坐公共交通工具。

希望广大师幼及家长,深刻认识新冠肺炎疫情防控的复杂性及不确定性,始终绷紧疫情防控这根弦,克服麻痹思想、侥幸心理。为精准做好“外防输入、内防反弹”,降低疫情输入传播风险。

最后,祝所有家长及师幼,身体健康,生活愉快!

玉树市金鹰幼儿园

2022年8月15日