དགེ་སློབ་ཀྱི་བདེ་འཇགས་འདུ་ཤེས་ཟབ་ཏུ་གཏོང་བ་དང་།ཛ་དྲག་གི་གནས་ཚུལ་འོག་དགེ་སློབ་ཀྱི་ཁ་འགྲེམས་ནུས་པ་ཆེ་རུ་གཏོང་བ།མི་ངན་དང་མི་གསོད་པའི་ཐོལ་བྱུང་དོན་རྐྱེན་ཐོན་སྐབས་ཀྱི་སྟབས་བསྟུན་ནུས་པ་ཆེ་རུ་གཏོང་བ།དགེ་རྒན་དང་སྡེ་ཚན་ཁག་དབར་གྱི་མཐུན་སྦྱོར་ནུས་པ་ཆེ་རུ་གཏོང་བ།བུ་བཅོལ་ཁང་གི་ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་སོགས་བྱ་ཆེད།ངེད་གླིང་གིས་2022ལོའི་ཟླ་5ཚེས་5ཉིན་གྱི་ཕྱི་དྲོའི་ཆུ་ཚོད་3པར་ཁྱོན་ཡོངས་ནས་ནང་སྦྱོང་བྱས་པ་ཡིན།

为了提高师生安全意识,提高师生在紧急情况下疏散能力和遇到歹徒行凶等突发事件的应变能力,提高教师和各部门间的协调能力,提升幼儿园处理突发事件的能力等,我园2022年5月5日下午3点,进行了全面性的演练。

གཅིག རྒྱུན་གཏན་གྱི་བྱེད་སྒོ་སྤེལ་རིང་ཕྲུ་གུས་དངོས་ཡོད་ཀྱི་ཐོལ་བྱུང་དོན་རྐྱེན་ལ་ཁ་ཕྱོགས་པའི་ཛ་དྲག་གི་ཁ་འགྲེམས་ནང་སྦྱོང་བྱེད་སྐབས་མགྱོགས་ཤོས་ཀྱི་0:40ཡི་ནང་ཚུན་དུ་བྱིས་པ་བདེ་འཇགས་ཀྱི་ཁ་འགྲེམས་དམིགས་སར་སླེབས་ཐུབ་པ་བྱས་ནས་ཕྲུ་གུར་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ཤེས་བྱ་ཤེས་སུ་འཇུག་དགོས། ས་འགུལ་དང་།མེ་སྐྱོན།ཆུ་སྐྱོན།འདམ་རྡོའི་ཆུ་རུད།གློག་འཁྱུག་ཐོག་རྒྱག་སོགས་རང་བྱུང་གནོད་འཚེར་རིགས་ཧ་ཅང་མང་བ་དང་གནོད་འཚེ་ཧ་ཅང་ཆེ་བས་ང་ཚོས་ཇི་ལྟར་བྱས་ནས་དོགས་ཟོན་བྱ་དགོས་སམ། གནོད་འཚེ་ཐོན་སྐབས་ཇི་ལྟར་བྱས་ཏེ་རང་སྐྱོབ་དང་འཆི་རྨས་ཉུང་དུ་བཏང་ནས་ཚེ་སྲོག་བདེ་འཇགས་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

一、幼儿在正常的活动进行当中面对现实的突发事件紧急疏散演练,用最快的的0:40秒以内让幼儿安全的疏散到达目的地,让幼儿了解防灾减灾的知识。地震、火灾、水灾,泥石流,雷电等自然灾害种类多,危害大,我们应当如何防范?当灾害来临时应该如何自救逃生,减少伤亡,确保生命安全。

ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་གནོད་འཚེ་སྣ་ཚོགས་ལ་ཁ་གཏད་གཅོག་པ་དང་ཐག་གཅོད་བྱེད་པའི་གོ་རིམ་སྔར་བས་ཚད་ལྡན་དུ་གཏོང་དགོས། ཐོལ་བྱུང་དོན་རྐྱེན་ཐོན་པ་དང་བསྟུན་ནས་འཛིན་གྲྭ་ཁག་གི་དགེ་རྒན་གྱིས་རྩ་འཛུགས་དང་སྒྲིག་ཁྲིམས་ལྡན་པའི་ངང་ཕྲུ་གུ་ཚོ་བདེ་འཇགས་ཁུལ་དུ་ཁྲིད་ཅིང་། ནུས་ལྡན་གྱི་ནང་སྦྱོང་གྲུབ་འབྲས་ཏན་ཏིག་ཐོབ་ཡོད།

通过此次活动进一步规范各类灾害的应对处置程序。随着突发事件的发生,各班老师有组织有纪律的带领孩子们走到安全地带;切实做到了有效的演练成绩。