ཞབས་བྲོ་ནི་བྱིས་པའི་དགེ་རྒན་ལ་དགོས་ངེས་ཀྱི་ཆེད་ལས་རྨང་གཞིའི་ནུས་རྩལ་ཡིན་ཞིང་།བྱིས་སྐྱོང་གླིང་གི་དགེ་རྒན་གྱི་ཞབས་བྲོའི་ཆེད་ལས་ཆུ་ཚད་མཐོ་རུ་གཏོང་ཆེད་དང་།བྱིས་པའི་དགེ་རྒན་ཆེད་ལས་ཅན་དུ་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་ཆེད།2020ལོའི་ཟླ་12ཚེས་9ཉིན་གྱི་ཕྱི་དྲོར་རེན་ཁྲི་འདུ་རྫོང་ལྟེ་གནས་བྱིས་སྐྱོང་གླིང་དགེ་རྒན་གྱི་ཞབས་བྲོའི་རྨང་གཞིའི་ནུས་རྩལ་འགྲན་བསྡུར་བྱེད་སྒོ་སྤེལ་བ་རེད།

舞蹈是幼儿教师必备的专业基本功,为了提升我园教师的舞蹈专业水平,促进幼儿教师的专业化成长,2020年12月9日下午,称多县中心幼儿园举行了教师舞蹈基本功比赛活动。

ཐེངས་འདིའི་ཞབས་བྲོའི་འགྲན་བསྡུར་དྲང་གཞག་གཞུང་དྲང་ཡོང་ཆེད་དམིགས་བསལ་གདན་དྲངས་ཏེ་རྫོང་ཆ་ཚང་སློབ་ཆུང་གི་དགེ་རྒན་ལྷ་དཔལ་དབྱངས་མཚོ་བློ་ཡག་མཚོ་མོ་འཇམ་དཔལ་བདེ་འཛམ་གསུམ་གྱིས་སྐར་གྲངས་དཔྱད་བསྡུར་བྱས་ཡོད།

为了本次舞蹈大赛能公平公正的进行 特邀请称多县完全小学的拉巴永措 罗样措毛 江巴代藏三位老师来进行评分。✍🏼

དགེ་རྒན་གསུམ་གྱིས་རྩལ་ནུས་འགྲན་བསྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་པའི་ཚོགས་པའི་ཚོགས་ཆུང་ལ་བྱ་དགའ་སྤྲད་པ།

由三位老师在才艺大比拼中荣获一等奖的团体组进行颁奖🏆

ཐེངས་འདིའི་ཞབས་བྲོའི་རྩལ་ནུས་འགྲན་བསྡུར་བྱེད་སྒོ་སྤེལ་ནས་འགྲན་བསྡུར་ནང་ཞུགས་མཁན་དགེ་རྒན་ཚང་མར་རང་ངོས་ཀྱི་ཉམས་འགྱུར་མངོན་པའི་སྟེགས་བུ་ཞིག་བསྐྲུན་ཏེ་སྐུལ་འདེབས་སློབ་སྦྱོང་དང་།སློབ་སྦྱོང་ལ་སྐུལ་འདེད་གཏོང་བའི་དམིགས་ཡུལ་དངོས་སུ་འགྲུབ་པ་དང་།དགེ་རྒན་མི་སྒེར་གྱི་ལས་སྒོའི་བྱང་ཚད་འཕེལ་རྒྱས་འགྲོ་བར་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད།ཕྱིས་སུ་དེ་བས་ལེགས་པའི་སྒོ་ནས་སློབ་གསོ་དང་སློབ་ཁྲིད་བྱས་ནས་ཚང་མའི་ནུས་པ་ལྡན་པའི་དགེ་རྒན་ཞིག་ཏུ་འགྱུར་བར་རྨང་གཞི་བརྟན་པོ་ཞིག་འདིང་དགོས།

此次舞蹈技能比赛活动的开展,给每位参赛教师搭建了一个展示自我风采的平台,真正达到了激励学习、促进提高的目的,对教师的个人业务素质发展起到了非常积极的促进作用。也为今后更好的地进行教育教学,成为全能型教师打下扎实的基础。🌞