གནའ་བོད་ཀྱི་རྒྱུན་སྤྱོད་ཐ་སྙད་དང་། ལག་རྩལ་གྱི་མ་ལག་དག་བྱིས་པ་རྣམས་ལ་ཤེས་སུ་འཇུག་པ་ནི་ཏང་དང་རྒྱལ་ཁབ་ཀྱི་རིག་གནས་དར་སྤེལ་བཏང་བ་ཡིན་པས་ང་ཚོས་ངེས་པར་བརྩོན་དགོས།

为了让孩子们了解古代民族的常用词汇、技术体系,这是发扬党和国家的文化我们必须努力。

གྱང་རྡུང་པ་ནི་གནའ་བོའི་བོད་ཀྱི་ལག་རྩལ་གྱི་མ་རྐང་ཡིན་ལ། དེ་ལ་གྱང་པར་དང་གྱང་སྟེའུ་འབྲེང་ཐག་འདམ་བག་བཅས་ཆ་རྐྱེན་འཛོམས་དགོས།

ཆུ་ཟོམ་ནི། ཆུ་འཁུར་སའམ་རྟེན་སའི་སྣོད་བཟང་ཞིག་ཡིན་ལ། དེའི་རྒྱུ་ཆ་ཤུག་པ་ཡིན་ལ་ལུང་ནི་རྩེད་ཐག་དང་འབྲེང་པ་ཅི་བརྒྱབས་ཡོད།

ཞིང་རྨོ་བ་ནི་བོད་པའི་སྲོལ་རྒྱུན་རིག་གནས་ཀྱི་འཚོ་བའི་རྨང་གཞི་ཡིན། ནས་དང་ཡུང་མ་སོགས་ཀྱི་རྒྱུ་ས་རུ་བཏབ་སྟེ་ཐོང་གཤོལ་གྱིས་ས་སློག་སློག་བྱེད་པ་ལ་ཟེར།རྒྱུ་ཆ་གཙོ་བོ མཐུ་མགོ གཤོས་མདའ གཉའ་ཤིང་ས་བོན་ཁུག་མ།

སྦྲ་གུར་ནི་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཡབ་མེས་ཀྱི་གཞིས་ཁྱིམ་ཞིག་ཡིན་ལ་རས་དང་རེ་ལྡེ་ཕྱིང་པ་བཅས་ལས་བཟོས་པའི་སྡོད་གནས། དེ་དག་ལ་རྣམ་གྲངས་མང་དག་ཅིག་ཡོད། ཕྱིང་གུར། དབུ་གུར། བཞུགས་གུར། དམག་གུར། སོག་གུར། ཐབ་གུར། གུར་རྒྱུག གུར་ཐག་བཅས་དང་། མིང་གི་རྣམ་གྲངས་ལ་གུར་ཁང་དང་། གོས་ཁྱིམ། སྦྲ། སྦྲ་གུར་བཅས་སོ།

རྩམ་པ་འཐག་པ་ནི། བོད་ཀྱི་དམངས་ཁྲོད་ཀྱི་རྒྱུན་ཟས་གཙོ་བོ་ཞིག་ཡིན། ནས་འབྲུ་སྔོན་མོ་ས་རྡོ་མེད་པར་བྱས་ནས་ལྷ་རྔ་ཚ་མོའི་ནང་དུ་བརྔོས་པའི་ཡོས་ཁྲ་འཆིག་རྡོ་གཉིས་ཀྱི་བར་དུ་ཕྱེ་མར་འཐག་པ་ལ་ཟེར།

ཞ་གྲོ་དམར་ཆེམ་ནི་སྔོ་སྨན་གྱི་རིགས་སུ་གཏོགས་པའི་ཟས་མཆོག་ཅིག་སྟེ། རོ་མངར་ལ་ཞུ་རྗེས་བསིལ་ཞིང་ཚ་འཁྲུ་གཅོད་པའི་ནུས་པ་ལྡན། འཇོར་ཆུང་ནི་གྲོ་མ་དང་དབྱར་རྩྭ་དགུན་འབུ་རྐོ་བྱེད་ཀྱི་ཡོ་བྱད་གཙོ་བོ་ཡིན། གསོག་ཁུག་ནི་གྲོ་མ་གསོག་སའི་སྣོད་དམ་འཐུ་སའི་སྣོད་ཡིན།

ནས་རླུང་ལ་བཀྲབ་བ་ནི་ང་ཚོས་བོད་མི་དམངས་ཀྱི་ཐབས་ཤེས་ལས་བྱུང་ལ། ནས་དང་ནས་ཤུན། དྲེ་མ་སོགས་སོ་སོ་འབྱེད་པའི་ཆེད་དང་ནས་སྤུས་ཀ་ཇེ་ཆེ་ཡོང་བའི་ཆེད་ཡིན།

སྦུད་པའམ་ཁོལ་མོ་ནི་ར་ལྤགས་སོགས་ཀྱིས་བཟོས་ཤིང་སྣེར་ལྕགས་སྦུག་ཞིག་འཇོག་ཡོད། ཁོལ་མོས་མེ་འབར་དུ་བཅུག་པའི་ནུས་པ་ཆེན་པོ་ལྡན་པ་དང་། དེ་འབྲོག་པའི་འཚོ་བའི་ཁྲོད་དུ་མེད་དུ་མི་རུང་བའི་ལག་ཆ་ཞིག་ཡིན་ནོ།

རྐྱལ་པ་ནི། ནོར་ཀྱི་པགས་པས་བཟོས་པའི་འོ་མ་དཀྲུགས་སའི་སྣོད་བཟང་ཞིག་ཡིན་ལ་དེ་ལས་གཏོན་པའི་མར་དང་ཆུར་བ་ནི་བཅུད་ཆེ་ལ། ཞིམ་མངར་ལྡན།

ལྕི་ར་བརྩིགས་པ་ནི་མཐོ་སྒང་འབྲོག་པའི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གནས་ཤིག་ཡིན། ལྕི་བ་ནང་དུ་བརྩེགས་ཏེ་ཕྱི་སྙི་བས་བྱུགས་པ་ལ་ཟེར།

ཡ་བརྩེགས་པ་ནི་བོད་མཐོ་སྒང་སྦྲ་གུར་ལས་བྱུང་བའི་རིག་གནས་ཡིན་ཞིང་། སྦྲ་གུར་གྱི་མཐའ་ཁའི་རླུང་དང་གྲང་བ་འགོག་པའི་རྩིག་ར་ལ་ཟེར།

འོ་མ་ཡང་རོ་དང་ཞུ་རྗེས་མངར་ཞིང་སྣུམ་ལ། མདངས་དང་ལུས་ཟུངས་འཕེལ་བར་བྱེད་ནས་ནད་མང་སེལ་བའི་ཟས་ཤིག་ཡིན་པར་མ་ཟད། ཞོ་དང་མར། ཆུར་བ་དང་དར་བ་སོགས་འོ་མ་ལས་འབྱུང་དགོས་པ་ཡིན་ནོ། །ཟོ་ལག་ཕལ་ཆེར་རྒྱུ་ཆ་ཤུག་པ་ལས་གྲུབ་ཅིང་བཞོ་མས་འབྲི་མོའི་ནུ་མ་བསྣུན་ནས་ཟོ་ལག་གི་ནང་དུ་འོ་མ་བཞོ་བཞིན་ཡོད།

ང་ཚོ་འབྲོག་པ་རྣམས་ཀྱིས་ལུག་ཡང་བཞོ་སྲོལ་ཡོད་ལ་ལུག་གི་འོ་མ་ཡང་ཞིམ་ཤིང་མངར་ལ་བཅུད་ལྡན་གྱི་ཟས་མཆོག་ཞིག་ཡིན།ལུག་གི་འོ་མ་ལས་ཐོན་པའི་མར་གྱི་ཁ་དོག་ནི་དཀར་པོ་ཡིན།ད་དུང་ལུག་འོ་ཡིས་གློ་བ་སོགས་ནད་རིགས་དུ་མ་ལ་ཕན།ལུག་བཞོ་སའི་སྣོད་དེའི་མིང་ལ་བཞོ་རྭ་ཟེར་ལ།སྣོད་དེའི་རྒྱུ་ཆ་ནི་འབྲོང་གི་རྭ་ཅོ་ཡིན།

ཁལ་ནི་གནའ་བོའི་བོད་ཀྱི་སྤྱི་ཚོགས་ཁྲོད་ཆེས་མཁོ་ཆེ་བའི་འགྲིམ་འགྲུལ་ཡོ་བྱད་ཅིག་ཡིན་ཏེ། ཆེ་ས་ནས་ཡུལ་ཁབ་དང་ཡུལ་ཁབ་བར་གྱི་ཚོང་འདྲེན། ཆུང་ས་ནས་རུ་སྤར་བ་དང་ཕོགས་ལེན་པ་སོགས་ཀྱི་སྐབས་མེད་དུ་མི་རུང་བའི་སྐྱེལ་འདྲེན་གྱི་ཡོ་བྱད་ཡིན་ལ་མཐོ་སྒང་གི་གྲུ་གཟིངས་ཞེས་པའང་དོན་ལྡན་གྱི་མིང་ཞིག་ཅི་ལ་མིན། བཞོན་པའང་རུང་ངོ་།

འུར་ཆ་ནི་འགྲོ་བ་མི་ཆེས་ཐོག་མའི་ནོར་ལ་བཀོལ་སྤྱོད་མཚོན་བྱེད་ལག་ཆ་དེ་ཡིན་ལ་།གནའ་དང་མ་འཛམ་གླིང་སེང་ཆེན་རྒྱལ་པོ་སྟག་གཟིག་ནོར་གཡང་ཕབ་པའི་དུས་ནོར་གཡང་ཁྲི་ལས་གྲུབ་པའི་སྤུ་ཉག་རེ་རེར་ལས་བཟོས་སྟེ་གཡང་རྟེན་ཁྱད་པ་བ་ཞིག་ཡིན་པ་གྲགས།དུས་དེ་ནས་ད་བར་ལོ་ངོ་སྟོང་ཁྲག་རིང་ལ་དབུ་ནག་འབྲོག་ཁུལ་ལ་མེད་དུ་མི་རུང་བའི་འབྲོག་རྫས་ཞིག་ཡིན་ལ་གཡང་རྟེན་ཞིག་ཀྱང་ངོས་འཛིན་བཞིན་ཡོད།།

རྙི་བ་དང་ལྕི་བ་ནི།ནང་བཅུད་མིའི་འཚོ་བ་ལ་ཕན་པ་མ་ཟད་ཕྱི་སྣོད་སའི་གོ་ལ་ལ་ཡང་ཕན་འབྲས་ཧ་ཅང་ཆེ་སྟེ། འབྲོག་པ་དག་གིས་མི་ལོ་སྟོང་ཚོ་མང་པོའི་རིང་དུ་ལྕི་བ་དང་རིལ་མ་བུད་ཤིང་བྱས་པ་ལ་བསྟེན། ཤིང་ཐུར་གཅིག་བྲེག་མི་དགོས་པས་ཕྱོགས་ཡོངས་ཀྱི་ནགས་ཤིང་སྲུང་སྐྱོབ་དང་། རྡོ་སོལ་ཁྱོར་གང་བརྐོ་མི་དགོས་པས་འབྲོག་སའི་རང་བྱུང་གི་རི་ཆུ་སྲུང་སྐྱོབ་ལ་ཕན་ནུས་ཚད་ལས་འདས་པའི་བྱས་རྗེས་བཞག་ཡོད།

སླེ་བོ་ནི་རྒྱུ་སྨྱུག་དང་ལྕུག་མ་སོགས་ཀྱིས་བསླེས་པའི་ས་རྡོ་འཁུར་བྱེད་དམ་ཕྱུགས་རིགས་ལ་འགེལ་ཆོག་པའི་ཡོ་བྱད་ཅིག རུ་བ་བརྗེ་སྤོར་དང་གནས་མཇལ་སོགས་སུ་འགྲོ་སྐབས་བྱིས་པ་ནང་དུ་བཞག་ཏེ། རྟ་མཛོ་སོགས་ལ་བཀལ་ནས་འགྲོ་བའང་ཡོད། ད་དུང་འབྲོག་བའི་ནོར་གྱི་ལྕི་བ་དང་འབུད་ཤིང་འཐུ་བྱེད་ལ་མེད་དུ་མི་རུང་བའི་དངོས་པོ་སྟབས་བདེ་ཞིག་ཡིན།

འདི་ནི་འབྲོག་པའི་རིག་གནས་ལས་ལྤགས་པ་མཉེན་བཞིན་པའི་རྣམ་པ་སྟེ། འདིས་འབྲོག་པ་མང་ཚོགས་ཀྱི་གྱོན་གོས་སྣ་ཚོགས་བཟོ་ཆོག་ལ། མ་ཟད་ཉལ་གོས་ལ་སོགས་པའི་འབྲོག་པའི་མང་ཚོགས་ཀྱི་འཚོ་བའི་ཡོ་བྱེད་མང་པོ་ཞིག་བཟོ་ཆོག། དེང་སང་བཟོ་གྲྭ་མང་པོས་བཀོལ་སྤྱོད་བྱས་ནས་གྱོན་པ་སོགས་དངོས་པོ་ཅི་རིགས་པའི་རྒྱུ་ཆ་ཡིན་པས་རིན་གོང་ཤིན་ཏུ་ཆེ།

རྩིད་པ་དང་ཁུ་ལུ་བལ་གསུམ་བཟོ་ལས་ལ་མཁོ་བའི་མ་བཅོས་རྒྱུ་ཆ་འབྱུང་བའི་ཁུངས་ཡིན།འཕང་དང་སྐོར་རུ་མཁོ་སྤྱོད་ནས་སྐུད་པ་འཁེལ་ཆོག་ཅིང་།ཐག་པ་དང་ཐི་གུ་བཟོ་ཆོག།རྩིད་ཁུལ་འདྲེས་མས་གདན་འཇོག་པའམ་སྐུད་པ་བཀལ་ནས་ཐགས་བཏགས་ཏེ་འབྲོག་པའི་ཁྱིམ་གཞི་སྦྲ་ནག་བཟོ་ཆོག།

རྩིད་པ་དང་ཁུ་ལུ་བལ་གསུམ་ནི་དེང་སང་བཟོ་གྲྭ་མང་པོས་བཀོལ་སྤྱོད་བྱས་ནས་གྱོན་པ་སོགས་དངོས་པོ་ཅི་རིགས་པའི་རྒྱུ་ཆ་ཡིན་པས་རིན་གོང་ཤིན་ཏུ་ཆེ་བའི་དངོས་རྫས་གྱ་ནོམ་པ་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད།

གནའ་དུས་སྲོལ་རྒྱུན་ལྟར་ན་འབྲོག་པའི་ཡོ་བྱད་དཀྲུག་ཟོ་ནང་དུ་འོ་མ་བླུག་ནས་འོ་མ་དཀྲུག་ན་འོ་མ་ལས་མར་འབྱུང་བ་དང་ད་དུང་ད་ར་རུ་འགྱུར་བ། ད་ར་ནི་རང་བཞིན་སྐ་བ་དང་སྐྱུར་བ་ཡང་བ་ཡིན་པས། འཐུང་ན་གཅིན་སྙི་དང་། གཅིན་མངར་མོ། སྦྱར་དུག རླུང་ནད་སོགས་ལ་ཕན་པ་དང་། ཁྱད་པར་དུ་གཞང་འབྲུམ་གྱི་ནད་ལ་ད་ར་འདི་ལས་ལྷག་པའི་སྨན་ཞིག་མེད་པ་ནི་གསོ་དཔྱད་མཁས་པ་རྣམས་ཀྱི་ཉམས་མྱོང་ལས་གོ་དང་གོ་བཞིན་པ་ཡིན་པས་མ་བཤད་ཀྱང་ཆོག།

སྦྲ་ནི་ནོར་ནག་གི་རྩིད་པས་བཟོས་པའི་ཁང་ཁྱིམ་ལ་ཟེར་ཞིང་།ནག་ནི་ཁྱད་ཆོས་བརྗོད་པའི་མིང་སྟེ།སྦྲའི་ཁ་དོག་ནག་པོ་ཡིན་པའི་ཆ་ནས་དེ་ལྟར་བརྗོད་པ་ཡིན།དབྱིབས་ཀྱི་ཆ་ནས་སྦྲ་ནག་གྲུ་བཞི་ཞེས་འབོད་སྲོལ་ཡང་ཡོད།བོད་མི་རིགས་ཀྱི་འཚོ་བའི་ཁྲོད་སྦྲ་ནག་ཏུ་འཚོ་བ་རོལ་མཁན་མང་ཆེ་བ་འབྲོག་པ་ཡིན་ལ།འདི་ནི་སྦྲ་ནག་འཁྱེར་བདེ་བ་དང་ཕུབ་བདེ་སོགས་སྒོ་ཕྱུགས་ཀྱི་དོན་དུ་རང་འགར་གནས་སྤོར་བྱས་ཆོག་པས།འབྲོག་པའི་དངོས་ཡོད་འཚོ་བའི་དགོས་མཁོ་དང་ཧ་ཅང་འཚམ་པས་རེད།

ཐག་ཐག་རྒྱུ་ནི་མེས་པོ་སྲོལ་རྒྱུན་གྱི་རྒྱན་དུ་འགྱུར་བའི་བོད་རིག་པའི་གནས་ཆེན་བཅུ་བའི་ཡ་གྱལ་བཟོ་རིག་པའི་མཁོངས་སུ་གཏོག་ཞིག འབྲོག་པའི་རྣམ་དཔྱོད་ལ་བརྟེན་ནས་བྱུང་། དེ་ལས་སྦྲག་ནག་གཙོས་འབྲོག་ལས་མི་འཚོ་བ་མཁོལ་སྤྱོད་ཀྱི་མང་པོ་བཟོ་མཆོག

གཡག་ལ་སྒ་བསྟད་ནས་ཁལ་བཀལ་བ། བོད་ཀྱི་སྲོལ་རྒྱུན་རིག་གནས་ཏེ།འགྲིམ་འགྲུལ་འཕྲུལ་འཁོར་མ་དར་གོང་།ཕྱོགས་ཕན་ཚུལ་ལ་སྐྱེལ་འདྲེན་བྱེད་སྐབས་གཡག་ལ་ཁལ་བཀལ་ནས་འགྲོ། སྒ་ནི་རྟ་བོང་དང་བ་གླང་སོགས་ཀྱི་རྒྱབ་ལ་བསྟད་ནས་བཞོན་པ་དང་ཁལ་འགེལ་བའི་ཡོ་བྱད་ཡིན།

དེ་ཡང་སྤྱི་འབྲོག་མོ་རྣམས་ཀྱིས་སྦྲ་ནག་དང་དུ་སྣོད་ཆས་འདྲ་མིན་དང་དཀར་ཡོལ་འདྲ་མིན་སོགས་བཤམ་སྟོན་བྱེད་རྒྱུ་ཤིན་ཏུ་དགའ་བོ་ཡོད་པ་དང་། ཁོ་ཚོ་རྣམ་དཔྱོད་ལ་བརྟེན་ནས་ས་ཡི་སྣོད་ཁྲི་བཟོས་ཏེ་བཤམ་སྟོན་བྱེད་གསོ་ཡོད། དེ་ན་བོད་ཀྱི་བྱིས་པ་ཞིག་ཡིན་ཚད་ཆུང་དུས་ནས་ས་ཡི་སྣོད་ཁྲིའི་ལོ་རྒྱུས་ཇི་ལྟར་རིང་བ་དང་དེ་རྒྱུ་ཆ་དང་བཟོ་སྟངས། ད་དུང་འབྲོག་པའི་འཚོ་བ་དང་ངལ་རྩོལ་ཇི་ལྟ་བྱེད་དགོས་མེད་དང་། སྣོད་ཁྲི་ནང་དུ་བཤམ་སྟོན་བྱེད་པའི་ཁྱིམ་ཆས་བདག་ཕྱིས་ཇི་ལྟ་བྱེད་དགོས་མེད་སོགས་ཀྱི་རྣམ་པར་མངོན་པས་སོ།

ཐབ་ཀ་ཐོག་ཏུ་ཇ་བསྲུབས་པ།གངས་ཅན་བོད་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་འཚོ་བ་སྐྱེལ་ཚུལ་རེད། ཐབ་ཀ་ནི་མེ་བཏང་ནས་ཟས་གཡོ་བ་དང་དྲོད་ལ་སྤྱོད་པ། ལྕགས་བཞུ་བ་སོགས་བྱེད་པའི་ཉེར་སྤྱད་དབྱིབས་དང་རིགས་ཤིན་ཏུ་མང་བ་རྣམས་ཀྱི་སྤྱི་མིང་ སྟེ ། མེ་ཐབ། མགར་ཐབ། ཚ་ཐབ། ལྕགས་ཐབ་ཅེས་པ་སོགས་ཡོད།

བང་རའམ་ལྕི་ར་ནི་སྦྲ་ནག་གི་སྒོ་ནས་ཡར་འཛུལ་བའི་ཚེ་གཡོན་ལ་ཡོད་ཅིང་། ལྕི་བ་སོགས་འབུད་རྒྱུའི་རིགས་སྣ་ཚོགས་འཇོག་ས་སྟེ། དབྱིབས་ཀྱི་ཆ་ནས་རྣམ་པ་སྣ་ཚོགས་ཡོད་ལ། གྲུ་བཞི་དང་ཟུར་གསུམ་སོགས་ཅི་རིགས་མཆིས། དེར་སྦྲ་གུར་ཆེ་ཆུང་དང་བསྟུན་ནས་ལ་ལ་ནི་བདུན་ཕྲག་དུ་མའི་རིང་མེ་འབུད་རྒྱུའམ་ཡང་ལ་ལ་ཟླ་ཁ་ཤས་རིང་མེ་འབུད་རྒྱུ་བཅས་ལྕི་བ་ལ་ཡང་འདྲ་མིན་དུ་མ་ཡོད། དཔེར་ན་རྙི་གཅིར་དང་། ཞ་ལ། ཁྲོག་ལེབ། ལྕི་ཤེ་སོགས་མང་པོ་ཡོད།

གོ་ཁྲི་ཐོག་ཏུ་ཕོར་བ་འཇོག་པ། ང་ཚོ་བོད་པ་ཚང་ལ་ཡུལ་སྲོལ་གོམས་གཤིས་ཆོས་དད་སོགས་དམིགས་བསལ་གྱི་ཁྱད་ཆོས་ཡོད་པས། གོ་ཁྲི་ཐོག་ལ་ཕོར་བ་འཇོག་ཚུལ་ལ་ཡང་གོ་རིམ་ཡོད་པ་རེད།ཕོར་བ་ནང་ལ་དངོས་རྫས་བླུག་མ་ཚར་བར་ལ་གོ་ཁྲི་ཐོག་ལ་འཇོག་སྲོལ་མེད། གོ་ཁྲི་ནི། ཐབ་འོག་གི་གོ་ཐལ་འདོན་སའི་གོ་ར་ཡི་ཁྲི་ལ་ཟེར།

མེ་ར་ནི་གཙོ་་བོ་རོང་བ་རྣམས་ཀྱིས་མེ་གསོ་བྱེད་ཇ་བཀོལ་བྱེད་ཀྱི་ཡོ་བྱེད་ཞིག་ཡིན་ལ་དགོང་མོ་མེ་ར་ནང་དུ་མེ་བཞག་ནས་དེའི་སྟེང་དུ་ལུག་གི་རུལ་མ་ལས་ཐོན་པའི་རུལ་མའི་ཕྱེ་མོ་བླུགས་རྗེས་དེའི་སྟེང་དུ་ཇ་སྣོད་བཞག་པ་རེད།དེ་ལྟར་བྱས་རྗེས་དེའི་ཕྱི་ཉིན་ཡང་མེ་སོང་མེད་ལ་ཇ་ཡང་ཁོལ་ཡོད།

རྡོ་བརྩིགས་ཀྱི་ལག་རྩལ་རྒྱུན་འཁྱོངས་ཆེད།བྱིས་དུས་ཀྱི་དུས་ནས་ལས་ལ་བརྩོན།མི་རིགས་ཀྱི་སྲོལ་བཟང་རྒྱུན་འཛིན་དང་། ངལ་རྩོལ་གྱི་གཟི་བྱིན་ ཕྱོགས་ཀུན་སྤེལ །

གོས་ཀྱི་བཟོ་ལས་བྱེད་པ། གངས་ཅན་བོད་པའི་རིག་གནས་འཚོ་བ་ཐོན་སྐྱེད་ཀྱི་འབྱུང་ཁུང་གཙོ་བོ་ཞིག་རེད། བཟོ་ལས་ལ་བཟོ་ལས་ཀྱི་འཐབ་ཕྱོགས་དང་། བཟོ་ལས་ཐོན་རྫས་སྣ་ཚོགས་ཡོད། གོས་བཟོ་བ་ལ་སྟོད་གོས་སྨད་གོས་ལྷུམ་སོགས་ཡོད་ལ་དེ་དག་བཟོ་ཚུལ་ནི། རས་དྲས་ནས་ཐིགས་སྐུད་ཐེན་རྒྱུ། གོང་བ་དྲུབ་པ། མཐའ་བཏེགས་སོགས་ཞིབ་ཚགས་བྱེད།

ཤིང་བཟོ་ནི་བཟོ་རྩལ་ཞིག་དང་ཐུན་མོང་མ་ཡིན་པའི་ལག་རྩལ་ཞིག་ཡིན།ཤིང་གི་བྱ་བ་ནི་རང་རྒྱལ་གྱི་གནའ་བོའི་ལས་རིགས་ཤིག་ཡིན་ལ།་ཆེས་ཐོག་མར་ལོ་རྒྱུས་སྔོན་གྱི་དུས་རབས་སུ་བྱུང་བ་ཡིན།ལག་ཆ་ལ་ལེན་དང་སྟ་མ་སྟེའི་སོགས་ཡོད།

མགར་བ་ནི་རྨོ་འདེབས་དུས་རབས་ཀྱི་ལས་རིགས་རྙིང་བ་ཞིག་ཡིན། ཞིང་ལས་ཐོན་སྐྱེད་དང་ཁྱིམ་ཚང་འཚོ་བའི་ཁྲོད་ཀྱི་གསེར་དངུལ་གྱི་རྒྱན་ཆ་དང་། ཟངས་ལྕགས་ཀྱི་ཡོ་བྱད་སྣ་ཚོགས་བཟོ་བའི་རིག་གནས་ཀྱི་ལག་རྩལ་ཞིག་ཡིན། ལག་ཆ་ལ་ལྕགས་བཟོ་དང་། ཐབ་ཀ ཐོ་བ། འབེ་འཁོར་སོགས་ཡོད།

རྩེད་ར་ཆུང་ཆུང་ཞིག་འགྲམ་དུ་ན་སྙན་འཇེབས་ཀྱི་རོལ་དབྱངས་དེ་ནི་ཆུང་བྱིས་པའི་དགོད་སྒྲ་ཡིན།