སློབ་མའི་ཁྱིམ་བདག་ལ་སྤྲིངས་པའི་འཕྲིན་ཡིག

རྒྱ་ཆེ་བའི་ཁྱིམ་བདག་རྣམ་པ།

ཆུར་ལྷུང་སྟེ་ཤི་བ་ནི་སློབ་མ་རྐྱེན་ལམ་དུ་འགྲོ་བའི་རྒྱུ་གཙོ་བོ་ཞིག་ཡིན་པ་དང་།རང་རྫོང་དུ་དབྱར་ཁ་སླེབས་པ་དང་ཆབས་ཅིག་ནམ་ཟླ་ཇེ་དྲོ་དང་།ཆར་ཞོད་ཇེ་ཆེར་སོང་ཡོད་ལ།འདི་ནི་སློབ་མ་ཆུར་ལྷུང་བའི་དོན་རྐྱེན་འབྱུང་ཚབས་ཆེ་བའི་དུས་ཤིག་ཀྱང་རེད། ལོ་རེར་བྱུང་བའི་སློབ་མའི་བདེ་འཇགས་དོན་རྐྱེན་ཁྲོད་ཆུར་ལྷུང་བའི་དོན་རྐྱེན་གྱིས་སྤྱིའི་དོན་རྐྱེན་གྱི་ཕྱེད་ཀ་ཙམ་ཟིན་འདུག་པ་དང་། ད་ལོར་ཡང་རྒྱལ་ཡོངས་ཀྱི་ས་ཁུལ་སྐོར་ཞིག་ནས་སློབ་མ་ཆུར་ལྷུང་སྟེ་ཤི་བའི་དོན་རྐྱེན་གཅིག་རྗེས་གཉིས་མཐུད་དུ་བྱུང་ཡོད་ལ། ང་ཚོར་སློབ་མའི་བདེ་འཇགས་སྐོར་གྱི་ཉེན་བརྡ་གལ་ཆེན་བཏང་བ་དང་། རང་གི་བྱིས་པའི་ཚེ་སྲོག་བདེ་འཇགས་ལ་མཐོང་ཆེན་བྱ་དགོས་པའི་ངེས་ཤེས་ཟབ་མོ་འདྲོངས་སུ་བཅུག དེའི་ཕྱིར་ཆེད་དུ་རྒྱ་ཆེའི་ཁྱིམ་བདག་རྣམ་པར་འཕྲིན་ཡིག་འདི་སྤྲིངས་ཏེ། ནན་ཏན་སྒོས་ཆུར་ལྷུང་དོན་རྐྱེན་སྔོན་འགོག་གི་བདེ་འཇགས་སློབ་གསོ་ལེགས་པར་བསྒྲུབ་སྟེ། བྱིས་པར་“གཏན་འགོག་དྲུག་” དམ་སྲུང་བྱེད་པར་སློབ་གསོ་གཏོང་དགོས།

༡ བྱིས་པ་རང་ངོས་ནས་ཆུར་རྐྱལ་བ་གཏན་འགོག་བྱེད་དགོས།

༢ བྱིས་པས་རང་དགར་གཞན་དང་ཁ་མཐུན་དཔུང་སྒྲིག་གིས་ཆུར་རྐྱལ་བ་གཏན་འགོག་བྱེད་དགོས།

༣ ཁྱིམ་བདག་གི་ལྟ་རྟོག་འོག་བྱིས་པ་རང་ཆུར་རྐྱལ་བ་གཏན་འགོག་བྱེད་དགོས།

༤ བདེ་འཇགས་སྒྲིག་བཀོད་དང་རོགས་སྐྱོབ་མི་སྣ་མེད་པའི་ཆུ་ཁོངས་སུ་ཆུར་རྐྱལ་བ་གཏན་འགོག་བྱེད་དགོས།

༥ བྱིས་པས་རྒྱུས་མེད་ཀྱི་ཆུ་ཁོངས་སུ་ཆུར་རྐྱལ་བ་གཏན་འགོག་བྱེད་དགོས།

༦ རྨོངས་ཚོད་ཀྱིས་རོགས་སྐྱོབ་བྱེད་པ་གཏན་འགོག་བྱ་དགོས་ཏེ། ཆུར་རྐྱལ་མི་ཤེས་པའམ་ཆུ་གཤིས་མི་ཤེས་པའི་བྱིས་པ་རང་དགར་ཆུ་ནང་དུ་ལྡིང་ནས་རོགས་སྐྱོབ་བྱེད་མི་འོས་ལ། ལྷག་པར་དུ་བྱིས་པའི་རྩེད་གྲོགས་ཆུར་ལྷུང་སྐབས་རྨོངས་ཚོད་ཀྱིས་ལག་གདང་སྦྲེལ་ཏེ་སྐྱོབ་ཐབས་མི་བྱེད་པར། ཐབས་ཤེས་ལ་བརྟེན་ནས་རོགས་སྐྱོབ་བྱེད་པའམ་མི་དར་མའི་རོགས་སྐྱོར་འཚོལ་དགོས་པའི་སློབ་གསོ་གཏོང་དགོས། རང་འགུལ་གྱིས་འགན་འབབ་ཀྱི་བྱ་བ་དོན་འཁྱོལ་དང་། སྟབས་ལེགས་ཡོང་སྙམ་པའི་བསམ་ཚུལ་དང་ ལྷོད་གཡེང་གི་འདུ་ཤེས་རྣམས་ལེགས་པར་སྤངས་ཏེ་རང་གི་བྱིས་པར་ལྟ་རྟོག་གང་ལེགས་བྱེད་དགོས་པ་མ་ཟད། བྱིས་པ་ཕན་ཚུན་ལ་ལྟ་རྟོག་བྱས་ཏེ། སྒྲིག་འགལ་གྱིས་རང་དགར་ཆུ་རྐྱལ་དུ་འགྲོ་བ་དང་། ཆུ་དོང་དང་ཆུ་ཡུར།གཙང་འགྲམ་སོགས་སུ་རྩེད་མོ་རྩེ་རུ་འགྲོ་བའི་གནས་ཚུལ་ཡོད་ཚེ་བཀག་འགོག་བྱེད་པ་དང་། དུས་ལྟར་ཁྱིམ་བདག་དང་དགེ་རྒན་ལ་སྙན་ཞུ་བྱེད་པར་སྣེ་ཁྲིད་དང་སྐུལ་མ་གཏོང་དགོས། གཞན་ད་དུང་སློབ་གྲྭར་འགྲོ་བའམ་ཕྱིར་ལོག་པའི་ལམ་བར་དུ་གཙང་འགྲམ་དང་། ཆུ་དོང་། ཆུ་རྫིང་སོགས་ཉེན་ཁ་ཆེ་བའི་ཆུ་ཁོངས་སུ་ཆུར་རྐྱལ་བའམ་ཆུ་རྩེད་བྱེད་པ་གཏན་འགོག་བྱེད་དགོས། བརྩེ་ལྡན་གྱི་ཁྱིམ་བདག་ལྷན་རྒྱས། བྱིས་པ་ནི་མེས་རྒྱལ་གྱི་མེ་ཏོག་ཡིན་ལ། ངེད་ཅག་གི་མ་འོངས་པའི་རེ་བའང་ཡིན། བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བར་འགན་ལེན་བྱེད་པ་དང་། བྱིས་པའི་ཚེ་སྲོག་ལ་གཅེས་སྐྱོང་བྱེད་པ་ནི་ང་ཚོ་ཁྱིམ་བདག་རེ་རེའི་འོས་བབས་ཀྱི་འགན་འཁྲི་ཡིན། བདེ་འཇགས་དོན་རྐྱེན་གཅིག་གིས་ཀྱང་བྱིས་པའི་ལུས་སེམས་བདེ་ཐང་དང་། ཁྱིམ་ཚང་གི་ཕུན་ཚོགས་དང་བདེ་སྐྱིད་ཕོངས་བར་བྱས་ཏེ་གསབ་ཐབས་མེད་པའི་མཇུག་འབྲས་ཚབས་ཆེན་བཟོ་ངེས་པས། ང་ཚོས་མཐུན་སྒྲིལ་ལག་གདང་གཅིག་སྦྲེལ་དང་། སྟེས་དབང་དང་ལྷོད་གཡེང་གི་འདུ་ཤེས་དོར་ཏེ། བྱིས་པའི་བདེ་འཇགས་སློབ་གསོ་དང་ལྟ་སྐྱོང་ལ་མཐོང་ཆེན་དང་། བྱིས་པའི་བདེ་འཇགས་ཉེན་ཟོན་གྱི་རང་རྟོག་རང་བཞིན་དང་། ཉེན་ཁར་འཛེམ་པ། ཉེན་གཡོལ་འཇིགས་སྒྲོལ་གྱི་ནུས་པ་མཐོར་འདེགས་སུ་བཏང་སྟེ་མཉམ་གཅིག་དུ་བྱིས་པའི་ཚེ་སྲོག་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཕྲག་དུ་འཁུར་དགོས།

གཅན་ཚ་རྫོང་མར་ཁུ་ཐང་ཆ་ཚང་སློབ་ཆུང་གཉིས་པ།

2022ལོའི་ཟླ4པའི་ཚེས27ལ།

尖扎县马克唐镇第二完小防溺水安全教育致家长的一封信

尊敬的家长朋友:

溺水是造成中小学生意外死亡的第一杀手。春季以后,天气逐渐变热,溺水又将进入高发季,希望广大家长务必增强安全意识和监护意识,切实承担起监护责任,加强对孩子的教育和管理,特别是加强放学后、周末、节假日期间孩子结伴外出游玩的管理,经常进行预防溺水等安全教育,给孩子传授相关知识和技能,不断加强孩子安全意识和自我保护意识,提高孩子的避险防灾和自救能力,严防意外事故的发生。要重点教育孩子做到“六不”:

不私自下水游泳。

不擅自与他人结伴游泳。

不在无家长或教师带领的情况下游泳。

不到无安全设施、无救援人员的水域游泳。

不到不熟悉的水域游泳。

不熟悉水性的学生不擅自下水施救。

尤其要教育孩子遇到同伴溺水时避免手拉手盲目施救,要智慧救援,立即寻求成人帮助。学生安全工作需要各方面尽心尽责、密切配合、齐抓共管。让我们携起手来,共同为保障广大中小学生平安健康成长而努力。

祝您的孩子平安、健康、快乐!

尖扎县马克唐镇第二完小

2022年4月27日