翁达镇片区寄宿制学校的美篇

翁达镇片区寄宿制学校

༢༠༢༢ལོའི་ཟླ་༤པའི་ཚེས་༩ཉིན་གཟའ་སྤེན་པའི་ཕྱི་དྲོའི་དུས་ཚོད་བེད་སྤྱད་ནས་གནའ་གཏམ་འགྲན་སྡུར་བྱས་པ་ཡིན།

དེ་ཡང་གླུ་དང་ཞབས་བྲོ་སོགས་ཀྱིས་མགོ་མཇུག་བརྒྱན་པར་བྱས་ཏེ།འཛིན་གྲྭ་རེས་གནའ་གཏམ་རེ་གྲ་སྒྲིག་བྱས་ནས་འཛིན་གྲྭ་སོ་སོའི་བར་ལ་འགྲན་སྡུར་བྱས་པ་ཡིན་ལ།དེ་ཡང་༼ལུ་གུ་འབའ་འབའ།༽དང་༼གླང་ཆེན་དང་ཙི་གུ།༽༼ལེ་ལོ་ཅན་གྱི་སྤུན་གཉིས།༽༼ཤིང་བཟོ་ཀུན་དགའ།༽༼ཡིད་བཞིན་ཅ་ནེ།༽ཟེར་བ་སོགས་ཡིན་ལ།འཛིན་གྲྭ་སོ་སོར་རང་རང་གི་བརྗོད་སྟངས་མི་འདྲ་ལ་རང་རང་གི་ཁྱད་ཆོས་མི་འདྲ་བ་རེ་ཡོད།ཚང་མའི་བརྗོད་སྙིང་ཁ་གསལ་ཞིང་རྗོད་བྱེད་ཚིག་གི་སྒྲ་དག་ཅིང་ཉམས་འགྱུར་གྱིས་ཕྱུག་ཡོད་པས།སློབ་མའི་སྐད་ཡིག་གི་རྨང་གཞི་མཐོར་འདེགས་དང་སྤྱིར་སློབ་སྦྱོང་ཁྱད་པར་དུ་སྲོལ་རྒྱུན་རིག་གནས་ལ་སྤྲོ་སྣང་འདྲེན་ཐུབ།

༼གླང་ཆེན་དང་ཙི་གུ།༽གླང་ཆེན་ཞིག་གིས་ཙི་གུ་ཞིག་དོང་ནང་ནས་བསྐྱབས་ལ་རྗེས་སུ་གླང་ཆེན་དེ་གད་པའི་ཁ་ནས་ལྷུང་དེ་ཡར་ལངས་མ་ཐུབ་པར་འུ་ཐུག་ཐབས་ཟད་ཡོད་པའི་སྐབས་དེར།ཙི་གུས་གྲོགས་པོ་མང་པོ་ཁྲིད་ནས་ཡོང་སྟེ་ས་བརྐོས་ནས་གླང་ཆེན་ཡར་བསླངས་པ་རེད།གནའ་གཏམ་དེས་ཕན་ཚུན་དཀའ་ཁག་ཡོད་དུས་རོགས་རམ་བྱེད་དགོས་པ་བསྟན་ཡོད།སློབ་མ་ཚོས་འཁྲབ་སྟོན་གྱི་ལམ་ནས་ཁ་གསལ་གོ་བདེ་ལ་སྤྲོ་སྣང་ལྡན་པའི་སྒོ་ནས་མཚོན་པར་བྱས་ཡོད།

༼ཐོན་མའི་གླུ༽ རྒྱལ་པོ་སྲོང་བཙན་སྒམ་པོས་སློབ་དཔོན་ཐོན་མི་ལ་བརྩི་མཐོང་ཆེན་པོ་བྱས་པ་ལ་བློན་པོ་གཞན་རྣམས་ཀྱིས་ཕྲག་དོག་བྱས་པས།སློབ་དཔོན་ཐོན་མིས་གླུ་འདི་བླངས་པས་ཁོ་ཚོའི་ཕྲག་དོག་ཞུ་བར་རྒྱུར་པའི་རྣམ་པ་དེ་འཁྲབ་སྟོན་བྱས་པ་ཡིན།

༼ཐོན་མིའི་གླུ།༽

༼མཉམ་གླུ།༽

༼ལུ་གུ་འབའ་འབའ།༽

༼ལེ་ལོ་ཅན་གྱི་སྤུན་གཉིས།༽

༼ཡིད་བཞིན་ཅ་ནེ།༽

༼སློབ་དཔོན་ཐོན་མི།༽