ཚེ་སྲོག་ལ་གཅེས་སྤྲས་བྱས་ཏེ་དུག་རྫས་ལ་འགོག་པ་བྱ་དགོས།

为进一步加强学校禁毒宣传教育工作,普及毒品知识、传播禁毒理念、宣传禁毒政策,让学生从思想上树立禁毒、防毒意识,2022年3月28日下午,治多县希望小学开展了以“远离毒品,健康成长”为主题的禁毒宣传教育活动!

སློབ་གྲྭའི་དུག་འགོག་དྲིལ་བསྒྲགས་སློབ་གསོའི་ལས་དོན་ལ་སྔར་ལས་ཤུགས་སྣོན་བརྒྱབ་ནས་དུག་རྫས་ཀྱི་ཤེས་བྱ་ཁྱབ་གདལ་དང་དུག་འགོག་འདུ་ཤེས་བརྒྱུད་བསྒྲགས་དང་དུག་འགོག་སྲིད་ཇུས་དྲིལ་བསྒྲགས་བྱས་ཏེ་སློབ་མ་ཚོར་བསམ་བློའི་ཐོག་ནས་དུག་འགོག་དང་དུག་ཟོན་གྱི་འདུ་ཤེས་འཛུགས་ཐུབ་པ་བྱ་ཆེད་༢༠༢༢ལོའི་ཟླ༣ཚེས༢༨ཉིན་གྱི་ཕྱི་དྲོ་འབྲི་སྟོད་རྫོང་རེ་ལྟོས་སློབ་ཆུང་གིས་དུག་རྫས་དང་རྒྱང་ཐག་རིང་དུ་བཏང་ནས་སྐྱོན་བྲལ་ངང་འཚར་ལོངས་ཡོང་བ་བྱེད་ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་དུག་འགོག་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།

本次毒品预防教育的主题是:远离毒品,健康成长。帮助学生牢固树立了“吸毒极易成瘾,很难戒断”的意识,帮助学生树立了“吸毒违法,贩毒犯罪”的意识,帮助学生树立了责任意识和自我保护意识,帮助学生树立了心理、行为、思想三道防线。

ཐེངས་འདིའི་དུག་རྫས་སྔོན་འགོག་སློབ་གསོའི་བརྗོད་བྱ་གཙོ་བོ་ནི་དུག་རྫས་དང་རིང་དུ་གྱེས་ནས་བདེ་ཐང་ངང་འཚར་ལོངས་བྱུང་བ་དེ་ཡིན།སློབ་མར་དུག་འཐེན་པར་དབྱིངས་ཞུགས་སླ་བ་དང་གཅོད་དཀའ་བའི་འདུ་ཤེས་བརྟན་པོ་སྐྱེས་སྲིང་བྱ་ཐུབ་དགོས་པ་མ་ཟད་སློབ་མར་དུག་འཐེན་ཁྲིམས་འགལ་དང་དུག་ཚོང་ཉེས་གསོག་གི་འདུ་ཤེས་འཛུགས་རོགས་བྱས་ཏེ་རང་གིས་རང་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཡོད་དགོས་པ་སོགས་སློབ་གསོ་བྱས།

ད་ཐེངས་ཀྱི་དུག་འགོག་སློབ་གསོའི་བྱེད་སྒོ་སྤེལ་བ་བརྒྱུད་སློབ་མ་ཚོས་ཚེ་སྲོག་ལ་གཅེས་སྤྲས་དང་དུག་རྫས་དང་ལེན་མི་བྱེད་པའི་གལ་ཆེའི་རང་བཞིན་ལ་གོ་བ་གཏིང་ཟབ་ལེན་ཐུབ་པ་བྱུང་བ་མ་ཟད་ཕྱིན་ཆད་ཀྱི་དུག་འགོག་དྲིལ་བསྒྲགས་ལས་དོན་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།

通过这次禁毒教育活动,使学生真正的理解“珍爱生命、拒绝毒品”的重要性,并为今后的禁毒宣传工作奠定了坚实的基础