【昂赛寄校】的美篇

卓玛

ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ཁྱིམ་བདག་གིས་སློབ་མའི་སེམས་ཁམས་བདེ་ཐང་གི་སློབ་གསོ་ཤུགས་སྣོན་ཆེ་རུ་གཏོང་རྒྱུའི་སྐོར་གྱི་འཕྲིན་ཡིག

ཉེ་བའི་ལོ་ཤས་རིང་ལ། རང་རྒྱལ་གྱི་ལོ་བཅོ་བརྒྱད་མན་གྱི་ན་ཆུང་གཞོན་ནུའི་སེམས་ཁམས་གནད་དོན་དང་སེམས་ནད་འདྲ་མིན་བྱུང་ཚད་མུ་མཐུད་དུ་མཐོ་རུ་ཕྱིན་ཡོད།ན་ཆུང་གཞོན་ནུའི་སེམས་ཁམས་གནད་དོན་རིམ་བཞིན་མང་དུ་སོང་བ་དང་ཆབས་ཅིག་ཐལ་སྐྱོད་ཀྱི་དོན་རྐྱེན་ཡང་ཐོན་དང་ཐོན་བཞིན་པའི་སྐབས་འདིར།ཡ་ང་བའི་བྱ་སྤྱོད་དེས་ཁྱིམ་བདག་དང་སློབ་གྲྭ་ལ་ཡང་ཡིད་ཕམ་པའི་སློབ་གསོ་གང་མང་སྟེར་ཡོད་ལ།ཁྱིམ་བདག་དང་སློབ་གྲྭས་དེའི་ཕྱོགས་ལ་སེམས་ཁུར་དང་སེམས་ཁྲལ་བྱེད་བཞིན་པ་སྒང་རེད།ན་ཆུང་གཞོན་ནུའི་སེམས་ཁམས་གནད་དོན་དེ་ཁོ་ཚོ་རང་སྒེར་གྱི་ལུས་སེམས་བདེ་ཐང་དང་བདེ་སྐྱིད་ངང་འཚར་ལོངས་ཡོང་རྒྱུར་བྲེལ་བ་དམ་པོ་ཡོད་ལ། ཁྱིམ་ཚང་སོ་སོའི་འཚོ་བ་བདེ་སྡུག་ལ་ཡང་འབྲེལ་བ་ཆེན་ཆུང་གཞོན་ནུའི་སེམས་ཁམས་བདེ་ཐང་གི་སློབ་གསོའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་རེད། ༢༠ ༢༢ལོའི་ཟླ༡༡ཚེས༢༣ཉིན་སྐབས་སུམ་ཅུ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སོ་གཅིག་པའི་ཐོག ཁྱིམ་ཚང་སློབ་གསོའི་སྐུལ་འདེད་བཅའ་ཁྲིམས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་ཞིང་།དེ་ནི་རང་རྒྱལ་གྱིས་ཁྱིམ་ཚང་གི་སློབ་གསོའི་ཐད་ལ་ཆེད་དུ་བཙུགས་པའི་ཁྲིམས་ཐེངས་དང་པོ་ཡིན་ལ།ཁྱིམ་ཚང་སློབ་གསོ་ཞེས་པའི་སྲོལ་རྒྱུན་གྱི་༼ ཁྱིམ་གྱི་ལས་དོན་དེ་གལ་ཆེའི་༼རྒྱལ་དོན༽ལ་གྱུར་ཡོད། སློབ་གསོའི་སྲིད་འཛིན་སྡེ་ཚན་དང་སློབ་གྲྭའི་ངོས་ནས་ང་ཚོས་སློབ་མ་ཡོངས་ཀྱི་ཁྱིམ་བདག་གིས་ང་ཚོ་དང་མཉམ་འབྲེལ་བྱས་ཏེ་ན་ཆུང་གཞོན་ནུའི་ལུས་སེམས་བདེ་ཐང་ལ་དོ་ཁུར་བྱེད་བཞིན།སློབ་སྦྱོང་གི་ཁོར་ཡུག་ལེགས་པོ་བསྐྲུན་ཏེ།ན་ཆུང་སློབ་མའི་སེམས་ཁམས་བདེ་ཐང་གི་སློབ་གསོ་མཉམ་གཅིག་ཏུ་སྤེལ་དགོས་པའི་འབོད་སྐུལ་བྱས་ཡོད།

དང་བོ།ཁྱིམ་ཚང་གི་ཁོར་ཡུག་ལེགས་བོ་བསྐྲུན་དགོས། ཁྱིམ་ཚང་ནི་མི་ཚེའི་ནང་གི་སློབ་གྲྭ་ཐོག་མ་དེ་ཡིན་པ་དང་།ཕ་མ་ནི་ཕྲུ་གུའི་དགེ་རྒན་དང་པོ་དེ་ཡིན།ཁྱིམ་ཚང་ཁོར་ཡུག་གིས་མི“གཅིག་འཚར་ལོངས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་བཞིན་ཡོད། ཁྱིམ་ཚང་གི་ཁོར་ཡུག་བཟང་པོས་ཕྲུ་གུར་བདེ་ཐང་གི་སེམས་ཁམས་དང་དྲོད་སྐྱིད་སྟེར་ཐོབ་ལ། ཁྱིམ་མིའི་བར་འཆམ་མཐུན་དུ་གནས་ཐུབ་པ་དང་། ཕྲུ་གུ་བདེ་ཐང་གི་སེམས་ཁམས་གསོ་སྐྱོང་བྱ་རྒྱུར་ཕན་ཐོགས་ལ། སེམས་ཁམས་ཀྱི་བདེ་ཐང་དང་། རང་གཤིས་ཀྱི་སྤུས་ཚད་དང་རྨང་གཞི། ཕྲུ་གུ་འཚར་ལོངས་ཀྱི་བརྒྱུད་རིམ་ནང་མི་དང་མིའི་བར་འཆམ་མཐུན་གྱི་འབྲེལ་བ་འཛུགས་པ་དང་ལྷག་པར་དུ་འབྲེལ་བ་དམ་ཟབ་འཛུགས་རྒྱུར་ཤུགས་ནུས་ངེས་རྐྱེན་ཞིག་ཐེབས་པས། དེའི་ཕྱིར་བྱིས་པ་ལ་མི་ཚེ་གང་བོ་བདེ་སྐྱིད་ཐོབ་འདོད་ན།ཁོ་ཚོར་མཛའ་བརྩེ་ལྡན་པའི་ཁྱིམ་ཚང་ཞིག་བསྐྲུན་རོགས།

གཉིས་བ།ཚེ་སྲོག་ལ་བརྩི་སྲུང་ཡག་བོ་བྱེད་བའི་སློབ་གསོ་གཏོང་དགོས།

ཐོག་མར་ཁྱིམ་བདག“བྱིས་པའི་མིག་དཔེ་ལྟ་ས་བྱེད་དགོས།ཕ་མས་ཚེ་སྲོག་ལ་མཐོང་ཆེན་བྱེད་པའི་རྣམ་འགྱུར་དེ་མྱོང་དུ་བཅུག་དགོས། བྱིས་པ་ལ་ཚེ་སྲོག་བརྩི་སྲུང་བྱེད་པའི་འདུ་ཤེས་ཡོད་པ་བྱེད། དེ་ནས་བྱིས་པ་རང་ཉིད་བདག་སྐྱོང་བྱེད་པའི་འདུ་ཤེས་གསོ་སྐྱོང་བྱེད་དགོས།མི་ཚེའི་དོན་སྙིང་ཤེས་སུ་བཅུག་དགོས།

གསུམ་བ།འཆམ་མཐུན་གྱི་ཁྱིམ་མི་འབྲེལ་བ་འཛུགས་དགོས།ཕ་མས་བྱིས་པ་ཁོ་ཉིད་དང་བྱིས་པའི་ལུགས་དང་མཐུན་པའི་འདུན་པ་ལ་བརྩི་བཀུར་བྱེད་དགོས་པ་དང་།བྱིས་པ་སྐྱོང་དུས་བཟོད་སྒོམ་དང་ཚོད་འཛིན་མཉམ་དུ་འཛིན་དགོས། ནམ་རྒྱུན་བྱིས་པ་དང་མཉམ་དུ་འབྲེལ་འདྲེས་དམ་པོ་ཡང་བྱེད་ཐུབ་པ་བྱ་དགོས།

བཞི་བ། ཕྲུ་གུ་འཚར་ལོངས་ཡོང་བའི་ཆོས་ཉིད་ལ་བརྩི་འཇོག་དང་ཕྲུ་གུ་འཚར་ལོངས་ཡོང་བར་དོ་སྣང་བྱེད་དགོས། ཕྲུ་གུའི་ལུས་ཐོག་གི་དགེ་མཚན་དེ་མཐོང་ཐུབ་དགོས།

ལྔ་བ། ཁྱིམ་མི་འབྲེལ་འདྲེས་བྱེད་བའི་ཐབས་རྩལ་དེ་ཁོང་དུ་ཆུད་དགོས།

ཕྲུ་གུ་དང་འབྲེལ་འདྲེས་བྱེད་དུས་མི་དགའ་བའི་རྣམ་འགྱུར་དེ་ཡོད་མི་ཉན།ད་དུང་ཕ་མས་གཤེ་གཤེ་བཏང་རྒྱུཉུང་ན་ཕྲུ་གུ་ཚོས་ཁ་ཏའི་ཚིག་དེ་དང་ལེན་བྱེད་སླ།

དྲུག་བ།ཕ་མས་བྱིས་བར་ལུགས་མཐུན་ལྟར་རྒྱུ་འབྲས་དབྱེ་ཞིབ་བྱེད་སྟངས་ཁྲིད་སྟོན་བྱེད་བ་དང་།རེ་བ་འོས་འཚམ་འཇོག་བ།ཤེས་འཇོན་གྱི་ལྟ་བ་ཚད་ལྡན་འཛིན་ནས་ཕྲུ་གུའི་འབད་བརྩོན་གྱི་ཚད་ལ་དོ་ཁུར་བྱས་ཏེ་སྦྱངས་འབྲས་ལ་ཚན་རིག་དང་མཐུན་པའི་ངོས་འཛིན་བྱེད་པ་དང་།སློབ་སྦྱོང་ཡར་ཐོན་དང་གནད་དོན་ཐག་གཅོད་ཀྱི་ཐབས་ཤེས་མཉམ་འཚོལ་བྱ་སྟེ་ཚད་ལྡན་གྱི་ཐབས་ལམ་སྟོན་ཏེ། ཕྲུ་གུར་ཡང་དག་པའི་འཇིག་རྟེན་ལྟ་བ་དང་།མི་ཚེའི་ལྟ་བ།རིན་ཐང་གི་ལྟ་བ་བཅས་བཟུགས་སུ་བཅུག་དགོས།

བདུན་བ།སློབ་གྲྭ་དང་ཁྱིམ་བདག་གཉིས་མཉམ་འབྲེལ་ལེགས་བོ་བྱ་དགོས། ཁྱིམ་བདག་ཚོས་དགེ་རྒན་དང་སློབ་གྲྭ་ལ་ཡིད་ཆེས་བྱེད་ཅིང་། སློབ་གྲྭས་སྤེལ་བའི་དྲ་ཐོག་དང་དྲ་འོག་གི་ཁྱིམ་ཚང་སློབ་གསོའི་བྱ་འགུལ་ལ་དོ་སྣང་དང་རྒྱབ་སྐྱོར་བྱེད་ནས་དུས་རྒྱུན་ཕྲུ་གུའི་སེམས་ཁམས་ཀྱི་འགྱུར་བ་ལ་ལྟ་ཞིབ་བྱེད་པ་དང་། ཕྲུ་གུར་ཚན་རིག་དང་མཐུན་པའི་ངལ་གསོ་བྱེད་སྟངས་མཛུབ་སྟོན་བྱེད་པ་དང་བཅས་ཁྱིམ་ལས་དང་གཞན་ཕན་གྱི་ལས་ཀ་སོགས་རིན་ཐང་ལྡན་པའི་བྱ་འགུལ་ལ་ཞུགས་བཅུག་པ།གལ་སྲིད་ཕྲུ་གུའི་སེམས་ཁམས་ལ་ནམ་རྒྱུན་དང་མི་འདྲ་བའི་སྣང་ཚུལ་བྱུང་ན་ཁྱིམ་བདག་གིས་གསང་སྐུང་མེད་པར་འཛིན་བདག་དང་འབྲེལ་གཏུག་བྱེད་ནས། དུས་ཐོག་ཏུ་སྨན་བཅོས་བྱེད་པ་གལ། ཁྱིམ་བདག་རྣམས་ཀྱིས་མཁྱེན་དགོས་པ་ཞིག་ལ་ཁྱེད་ཀྱི་བུ་རྒྱུད་ལུས་སེམས་བདེ་ཐང་གི་ངང་འཚར་ལོངས་བྱུང་བ་དེ་ཆེས་གལ་ཆེན་ནང་གི་གལ་ཆེན་ཞིག་གོ།

ཁྱིམ་བདག་རྣམས་པ།བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བ་ནི་ཁྱེད་ཀྱི་མཛུབ་སྟོན་དང་སློབ་གསོ་ལ་ཁ་འབྲལ་ཐབས་མེད་པས།ཁྱེད་ཀྱིས་མཛད་བྲེལ་ཆེ་བའི་དུས་ཚོད་ལས་ཡུན་ཙམ་སྦྱིན་ཏེ་ཁོང་ཚོར་གཅེས་སྐྱོང་དང་སྐུལ་ལྕག་མང་ཙམ་གནང་རོགས་ལ།ང་ཚོ་དང་ལག་གདང་སྦྲེལ་ནས་ཕྲུ་གུར་གཅེས་སྐྱོང་དང་། ཕྲུ་གུའི་ལུས་སེམས་བདེ་ཐང་དང་སྤྲོ་སྐྱིད་ངང་འཚར་ལོངས་ཡོང་བ་གནང་རོགས། མཇུག་མཐར་ཁྱེད་དང་ཁྱེད་ཀྱི་བུ་རྒྱུད་བདེ་སྐྱིད་དཔལ་ལ་རོལ་བའི་བཀྲ་ཤིས་སྨོན་འདུན་ཞུ།

2022ལོའི་ཟླ་བ3པའི་ཚེས་27ཉིན།