美友14605427的美篇

美友14605427

ཇི་སྐད་དུ།

རིག་ལམ་ཕྲ་མོར་འབྱེད་པའི་རྣམ་དཔྱོད་དང་།།

གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང་།།

ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ།།

ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་།།

སློབ་གྲྭ་ནི་སློབ་མའི་ཐོས་བསམ་གྱི་ཁོ་ལག་ཁྱོན་ཡོངས་ནས་རྫོགས་པའི་ལྡུམ་ར་ཉག་གཅིག་ཡིན་པས།དགེ་སློབ་རྣམས་ཀྱི་ཟླ་གཉིས་རིང་གི་སོས་དལ་གྱི་གུང་གསེང་གི་ངལ་གསོ་ཚར་རྗེས།སླར་ཡང་འུར་འུར་ཟིང་ཟིང་གི་སློབ་གསོ་དང་སློབ་ཁྲིད་ཀྱི་ལས་ཀར་ཞུགས་མགོ་ཚུགས་སོང་།ཉག་ཆུ་རྫོང་སློབ་གསོ་དང་ལུས་རྩལ་ཅུས་ཀྱི་དགོངས་དོན་ལྟར།ངེད་སློབ་གྲྭའི་དགེ་རྒན་དག་ཕྱི་ཟླ་༢པའི་ཚེས༢༨ཉིན་ནས་སློབ་གྲྭར་ལོགས་ཏེ་སློབ་དུས་གསར་བ་མགོ་རྩོམ་ལས་ཀའི་འདུ་འགོད་ལ་སྟ་གོན་བྱས།

རྫོང་སློབ་གསོ་ཅུས་ཀྱི་སློབ་འཛུགས་ཡིག་ཆའི་དགོངས་དོན་ལྷུར་བླངས་ནས།དགེ་རྒན་དག་སློབ་གྲྭར་ལོགས་པའི་ཕྱི་ཉིན་ཏེ་ཕྱི་ཟླ༣པའི་ཚེས་༡ཉིན་ནས་སློབ་མས་མིང་ཐོ་འགོད་པའི་ལས་གཞི་སྒྲུབ་པ་ཡིན།ཉེ་བའི་ཆ་རུ་ཏོག་དབྱིབས་ནད་དུག་གི་འཇིགས་པ་རང་རྫོང་དང་ཐག་མི་རིང་བའི་གནས་དག་ཏུ་སླེབས་པར་དམིགས་ནས།སློབ་མས་མིང་ཐོ་འགོད་སྐབས་ནད་འགོག་གི་དགོས་མཁོ་བཞིན།སློབ་མ་དང་ཁྱིམ་བདག་དག་སློབ་གྲྭར་ཡོང་སྐབས་ཐོག་མར་བདེ་ཐང་བཤེར་རིས་བཤེར་བ་དང་།ལུས་ཡོངས་ལ་དུག་སེལ་བྱ་བ།མིང་ཐོ་འགོད་པའི་ཐོག་མཐའ་བར་གསུམ་དུ་ཁ་ཤུབས་རྒྱག་པ་སོགས་ནད་དུག་འགོག་པའི་ལས་ཀ་གཟབ་ནན་བསྒྲུབས།ཉིན་དེར་ཁ་བ་ཆེན་པོ་བབས་པའི་རྐྱེན་གྱིས་འབྲོག་སའི་སློབ་མ་དག་ལམ་བར་ནས་འགོར་འགྱངས་བྱུང་བས།སློབ་མས་མིང་ཐོ་འགོད་པའི་ལས་ཀར་ཉིན་གཅིག་ཧྲུལ་བོའི་ཆ་འགོར་སོང་།

ཕྱི་ཉིན་ཏེ་ཚེས་༢ཉིན་གྱི་སྔ་དྲོར།འཛིན་གྲྭ་སོ་སོ་འཛིན་བདག་དགེ་རྒན་གྱིས་འགན་ཁུར་ཞིང་དགེ་རྒན་གཞན་དག་གི་རམ་འདེགས་འོག སྤྲོ་བའི་ངང་ནས་གུང་གསེང་རོལ།སྐྱིད་པའི་སྒོ་ནས་སློབ་མགོ་ཚུགས།ཞེས་པའི་ནང་དོན་གཞིར་བཟུང་ནས་སློབ་གཟུགས་ཚོགས་ཐུན་དང་པོ་ཚོགས་ཤིང་།སློབ་མ་དག་ལ་དགུན་རྩལ་འགྲན་ཚོགས་དང་རང་འདུན་ཞབས་ཞུ།སྲོལ་རྒྱུན་རིག་གནས།ནགས་མེ་སྔོན་ཡོལ།ནད་དུག་སྔོན་འགོག་བཅས་ཀྱི་ཐད་ནས་སློབ་གསོ་བྱས།

ཕྱི་ཉིན་ཏེ་ཚེས་༢ཉིན་གྱི་སྔ་དྲོར།འཛིན་གྲྭ་སོ་སོ་འཛིན་བདག་དགེ་རྒན་གྱིས་འགན་ཁུར་ཞིང་དགེ་རྒན་གཞན་དག་གི་རམ་འདེགས་འོག སྤྲོ་བའི་ངང་ནས་གུང་གསེང་རོལ།སྐྱིད་པའི་སྒོ་ནས་སློབ་མགོ་ཚུགས།ཞེས་པའི་ནང་དོན་གཞིར་བཟུང་ནས་སློབ་གཟུགས་ཚོགས་ཐུན་དང་པོ་ཚོགས་ཤིང་།སློབ་མ་དག་ལ་དགུན་རྩལ་འགྲན་ཚོགས་དང་རང་འདུན་ཞབས་ཞུ།སྲོལ་རྒྱུན་རིག་གནས།ནགས་མེ་སྔོན་ཡོལ།ནད་དུག་སྔོན་འགོག་བཅས་ཀྱི་ཐད་ནས་སློབ་གསོ་བྱས།

ཚེས་༣ཉིན་གྱི་ཕྱི་དྲོར།ཉག་ཆུ་རྫོང་མགོ་ལོག་ས་ཁུལ་བཅའ་སྡོད་སློབ་གྲྭའི་༢༠༢༢ལོའི་དཔྱིད་དུས་སློབ་སྐབས་ཀྱི་ལས་གཞི་བཀོད་སྒྲིག་ཚོགས་འདུ་འཚོག་ཅིང་།སློབ་གཙོ་ཚེ་རིང་ལོ་བརྒྱ་ལགས་ཀྱིས་མདོ་འཛིན་བྱས་ནས།སློབ་གྲྭའི་ལས་དོན་སོ་སོས་འགན་ཁུར་མི་སྣས་གཏམ་བཤད་གནང་།ཐོག་མར་སློབ་སྟོན་པ་འོད་ཟེར་ལགས་ཀྱིས་དགེ་རྒན་དག་གི་རྒྱུན་གཏན་ལས་གཞིའི་དོ་དམ་དང་དྲྭ་ལམ་སློབ་སྦྱོང་།སློབ་སྦྱོང་ཟིན་བྲིས་བཅས་ཀྱི་ཐད་ནས་གཏམ་བཤད་གནང་།གཞུང་ལས་ཁང་གི་ཀྲུའུ་རེན་པོ་ཅེན་ལགས་ཀྱིས་དགེ་རྒན་གྱི་འཚོ་བའི་དོ་དམ་དང་ཏང་འཛུགས་ལས་གཞིའི་ལག་ལེན་དགོངས་དོན་ཐད་ནས་གཏམ་བཤད་གནང་།མཇུག་ཏུ་སློབ་གཙོ་ཚེ་རིང་ལོ་བརྒྱ་ལགས་ཀྱིས་ཉག་ཆུ་རྫོང་རྫོང་ཨུ་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་གནང་བའི་སློབ་གསོའི་སྙན་ཞུ་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་གནང་ཞིང་།དེར་མཐུད་ཉག་ཆུ་རྫོང་སློབ་གསོ་དང་ལུས་རྩལ་ཅུས་ཀྱིས་གཙོ་སྒྲུབ་གནང་བའི་༢༠༢༢ལོའི་དཔྱིད་དུས་སློབ་སྐབས་ཀྱི་སློབ་འཛུགས་བཀོད་འདོམས་ཚོགས་འདུའི་དགོངས་དོན་ལ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།ད་དུང་སློབ་ཁྲིད་སྤུས་ཚད་ནི་སློབ་གསོའི་ལས་དོན་ཁྱོན་ཡོངས་ཀྱི་སྲོག་རྩ་ཡིན་ཞེས་ནན་གྱིས་སློབ་སྟོན་གནངས་ཤིང་།དགེ་རྒན་དག་གིས་སློབ་ཁྲིད་གྲ་སྒྲིག་དང་ལས་བྱ་འཆོས་བ།སློབ་ཁྲིད་ལ་མཉན་ནས་རང་གི་ཆེད་ལས་ཆུ་ཚད་མཐོར་འདེགས་གཏོང་བ་སོགས་ལ་བཀའ་སྐུལ་བྱས།ད་དུང་སློབ་རའི་སྤྱི་སྐད་བརྒྱུད་བསྒྲེགས་དང་དཔེ་ཀློས་མོས་པ་ཡར་སྐུལ་བྱ་དགོས་ཚུལ་སོགས་གྱི་ཐད་ནས་བསླབ་བྱ་འབོལ་བོ་གནངས།

ཚེས་༥ཉིན་གྱི་སྔ་དྲོར།ཉག་ཆུ་རྫོང་སློབ་གསོ་དང་ལུས་རྩལ་ཅུས་ཀྱིས་རེ་ཞུ་བྱས་ཤིང་།ཀྲེ་ཅིང་དང་དབྱི་པིན་གྱི་བརྩེ་ལྡན་མི་སྣ་དག་གིས་སྦྱིན་གནང་བྱས་པའི་སློབ་མའི་སློབ་སྦྱོང་ཡོ་ཆས་ལག་ཏུ་སྤྲད་པའི་ལས་རིམ་སྤེལ་ཞིང་།བརྩེ་ལྡན་དངོས་ཟོང་ཁྲོད་དུ་དཔེ་ཁུག་དང་སྨྱུ་གུ་སྣ་ཚོགས།ཁྲི་ཙེ།འགྱིག་གསིབ་སོགས་སློབ་མའི་སློབ་སྦྱོང་ཡོ་ཆས་གང་མང་ཡོད།སློབ་གཙོ་ཚེ་རིང་ལོ་བརྒྱས་སློབ་མ་དག་གིས་བརྩེ་ལྡན་མི་སྣར་དྲིན་གཟོས་ཕྱིར་དུ་སློབ་སྦྱོང་ལ་ནན་ཏན་དགོས་ཚུལ་སོགས་ལ་བསླབ་བྱ་གནངས།