འུ་ཅག་ནི་བྱ་ཚང་གཅིག་གི་ནང་ནས་འཕུར་བའི་བྱེའུ་ཕྲུག་དང་། ཁྱིམ་ཚང་གཅིག་ལས་ཆད་པས་ཕུ་ནུ་མིང་སྲིང་ཡིན།

འུ་ཅག་ནི་སྐྱིད་ཀྱི་རྟ་ཕོ་མཉམ་བཞོན་དང་སྡུག་གི་ཁུར་བོ་མཉམ་ཁུར་བྱེད་པས་བློས་ཐུབ་ཀྱི་གྲོགས་པོ་ཡིན།

འུ་ཅག་གིས་མ་གཅིག་གི་བྱང་ཁོག་མ་བརྒྱུད་ཅིང་བརྩེ་བ་ནི་དེ་ལས་ཟབ་མོ་ཡིན།

ས་ཆ་གང་ལ་སོང་རུང་སྐྱིད་སྡུག་གང་ལ་འཕྲད་ཀྱང་འུ་ཅག་གི་སེམས་པ་གཅིག་ན་ཡོད།

ཁྱེད་ཅག་ནམ་ཡང་བརྗེད་ཐབས་བྲལ་བའི་སེམས་ཀྱི་ཟབ་ས་དེར་ཡོད།

ལྷན་འཛོམས་ནི་དགོད་སྒྲ་ཡིན་ལ་འཛུམ་མདངས་ནི་བརྩེ་བ་ཡིན།

འུ་ཅག་གི་བློ་སེམས་གཅིག་ཡིན།

ཁྱེད་ཀྱི་གཅེས་སེམས་དང་བཀའ་དྲིན་ནི་སྐལ་བའི་མཐར་ཡང་གསལ།

བརྩེ་བ་ཟབ་མོ་རྡོ་རྗེ་བྲག་ལས་བརྟན།

འུ་ཅག་གི་མཛའ་བརྩེ་ནི་འོ་ཆུ་གཅིག་འདྲེས་ལྟར་ཡིན།

ཁྱེད་ཀྱི་གཞན་ཕན་གྱི་ལྷག་བསམ་ལ་རྗེས་སུ་ཡི་རངས་བྱེད།

བློ་སེམས་གཅིག་ཏུ་མཐུན་པས་ལས་མཐུན་ཚོ།

རྩེད་ར་གཅིག་གི་ནང་གི་བྱིས་པ་སྣབས་ལུགས་དེ་ཚོ་འུ་ཅག་ཡིན།

མུ་མེད་རྩྭ་ཐང་གི་སྟེང་གི་ཕྲ་ཚོམ་མེ་ཏོག་དེ་ཡིན།

དུང་མདོག་ཟླ་བའི་འགྲམ་གྱི་སྐར་མའི་འགུལ་རྒྱན་དེ་ཡིན།

ལས་ཀྱི་བསྐོས་ཐང་ཞིག་གིས། །

སླད་མེད་དུང་བའི་གསེར་ཐེག།

རང་རང་སར་ན་མཆིས་ཀྱང་། །

ཨ་ལོང་མདུད་པ་གཅིག་ཡིན། །

སྟོབས་དང་རྩལ་དང་བློ་གྲོས་བསོད་ནམས་དག།

གླང་ཆེན་སྤྲེའུ་རི་བོང་སྲེག་པས་མཚོན།།

མཐུན་པ་སྤུན་བཞི་ཇི་ལྟར་མཐུན་པ་བཞིན།།་

འུ་ཅག་བརྩེ་བ་དེ་དང་དེ་འདྲར་ཞོག།