色威镇中心小学校གསེར་འོད་གྲོང་རྡལ་ལྟེ་བའི་སློབ་ཆུང་།

Lo

衣暖人心,让爱暖冬,感谢成都招商银行为我校师生捐赠衣物!

གོས་ཀྱིས་ལུས་ཁམས་དྲོ།བརྩེ་བས་མིའི་སེམས་དྲོ། ཁྲིན་ཏུའུ་ཚོང་འགུག་དངུལ་ཁང་གིས་ངེད་སློབ་གྲྭའི་དགེ་སློབ་ཡོངས་ལ་གྱོན་པ་ཞལ་འདེབས་གནང་བར་བཀའ་དྲིན་ཆེ་ཞུ།ཁྱེད་ཚོའི་གཞན་ཕན་གྱི་ལྷག་བསམ་ལས་ང་ཚོས་སྤྱི་ཚོགས་ཀྱི་དྲོ་སྐྱིད་ཚོར་ཡོད།🙏🙏🙏

ཁྱེད་ཚོའི་བླ་མེད་ཀྱི་ལྷག་བསམ་དང་གཞལ་མེད་ཀྱི་བཀའ་དྲིན་ལས་ང་ཚོར་དྲོད་འཇམ་གྱི་གོས་ཀྱིས་བརྒྱན་ཡོད་ལ་ཞིམ་པོ་ཡི་ཟས་ཀྱིས་གསོས་ཡོད།

དགུན་གྱི་གྲང་ངར་རྒྱ་ཡན་དུ་བཏང་ནས་སོ་སོའི་འོས་འགན་དང་རང་རང་གི་མདུན་ལམ་ལ་དམིགས་ནས་འབད་ཀྱིན་ཡོད་པའི་མི་བུ་དག་སྙིང་དུ་སྡུག

མཇུག་རྒྱུགས་བླང་བཞིན་པ་སྟེ།སློབ་གྲོགས་ཚོས་རང་རང་གི་ཟླ་བཞིའི་ཡུན་གྱི་མངར་སྐྱུར་འདྲེས་མའི་ཀློང་ནས་བླངས་པའི་འབྲས་བུ་ལ་ཕྱོགས་བསྡོམས་བྱེད་པའོ།།

སློབ་དཔྱོད་ཚོགས་ཆུང་ཁག་གིས་རྒྱུགས་བྱང་འཆོས་ཀྱིན་ཡོད་དེ།དགེ་རྒན་རྣམ་པས་རང་ཉིད་ཟླ་བཞི་ཙམ་རིང་ལ་སློབ་མ་དང་མཉམ་དུ་ནངས་སྔ་ལང་དང་དགོང་ཕྱི་ཉལ་བྱས་ནས་གྲུབ་པའི་འབྲས་བུ་ལ་ཕྱོགས་བསྡོམས་བྱེད་པའོ།།

ནམ་རྒྱུན་སློབ་མའི་དོན་དུ་བྲེལ་བའི་སློབ་གྲྭའི་དགེ་བཟོ་བ་རྣམ་པ།👍👍

དགུན་གནང་གཏང་ལ་རན་དུས་མ་བསྐུལ་དང་ལེན་གྱིས་སློབ་གྲྭའི་ཁོར་ཡུག་དང་སློབ་ཁང་སོགས་གཙང་སྦྲ་བྱེད་པའི་རྣམ་པ་ནི་ཅི་འདྲའི་བསྟོད་འོས་པ་ཞིག་གོ།

总结:

文明班级:五年级

纪律班级:四一班

文明寝室:女1-7

文明寝室:男1-1

གཟའ་རེས་ཕྱོགས་བསྡོམས་ལས།

སྒྲིག་ལམ་བཟང་ཤོས། བཞི་གཅིག་འཛིན་གྲྭ།

གཙང་སྦྲ་བཟང་ཤོས། ལོ་རིམ་ལྔ་པ།

སྡོད་ཤག ༡-༡༼བུ།

སྡོད་ཤག ༡-༧༼བུ་མོ།

གཤམ་དུ་དགེ་རྒན་རྣམ་པས་ལོ་གཅིག་ཡུན་གྱི་རང་རང་གི་ལས་དོན་ལ་ཕྱོགས་བསྡོམས་དང་རྗེས་ཕྱོགས་ཀྱི་འཆར་གཞི་གང་འདྲ་ཡོད་པའི་ཐད་ནས་བསམ་བློ་བརྗེ་རེས་བྱེད་པའི་རྣམ་པའོ།།😄👏

གནས་སྐབས་བདེ་མོར་འཇོག👋👋👋

སླད་མར་དགེ་སློབ་ཡོངས་ཀྱི་སྐུ་གཟུགས་བདེ་ཐང་དང་ནད་མེད་ཚེ་རིང་ཡོང་བའི་སྨོན་འདུན་ཞུ།🙏🙏🙏

文明

寝室

班级

色威镇

衣暖

我校

暖冬

五年级

小学校

师生