འབའ་རྫོང་མི་རིགས་སློབ་འབྲིང་དང་པོའི་98ལོའི་མཐར་ཕྱིན་གསུམ་གཅིག་འཛིན་གྲྭའི་ཐེངས་གཉིས་པའི་དགྱེས་འཛོམས།98年三一班毕业班第二次欢聚

ཚེ་ཡི་ཡུན་ཐུང་ལས་དབང་མཐུ་བཙན་པོས།།

གཡར་མའི་ལུས་འདི་ནམ་འཇིག་ཆ་མ་འཚལ།།

དེ་བས་ཚེ་ཡི་ལྷག་མའི་དུས་ཡུན་ལ།།

འདི་འདྲ་ཡང་ཡང་འཛོམས་པའི་བཀྲ་ཤིས་ཤོག།

ལྔ་རིག་མེ་ཏོག་འཐུ་སའི་སྐྱེད་ཚལ་གྱི་གླིང་གར།།

མི་ལོ་གསུམ་ལ་མཉམ་དུ་ཤེས་བྱ་ལ་རོལ་བའི།།

འབའ་ཡུལ་སྐྱིད་པའི་ཡིད་མཐུན་སློབ་གྲོགས་ཀྱི་ཚོགས་རྣམས།།

སྐྱིད་པའི་དགོད་སྒྲས་སྟོང་གསུམ་འཇིག་རྟེན་འདི་གཏོར་ཅིག །

ཕྱི་དྲོའི་མཚམས་སྤྲིན་དམར་པོའི་རོལ་དབྱངས་དང་སྡོངས་ཏེ།།

འདས་སོང་ལོ་ཟླ་བཅུ་ཕྲག་ཕྱིར་འདང་རེ་རྒྱག་བཞིན།།

དགའ་དགའ་སྤྲོ་སྤྲོའི་འུ་ཅག་ལྷན་ཅིག་ཏུ་འཛོམས་པ།།

འདི་འདྲ་ཡང་ཡང་ཡོད་པའི་སྨོན་ལམ་རེ་འདེབས་སོ།།

མཛའ་བརྩེ་རྟག་བརྟན་ཡོང་བའི་བཀྲ་ཤིས་ཤོག །

མཛའ་སེམས་བྲག་ལས་བརྟན་པའི་བཀྲ་ཤིས་ཤོག །

མཛའ་གཅུགས་རི་ལས་མཐོ་བའི་བཀྲ་ཤིས་ཤོག །

མཛའ་གྲོགས་ཡང་ཡང་འཛོམས་པའི་བཀྲ་ཤིས་ཤོག །