青海师范大学附属玉树实验学校致家长的一封信

青海师大附属玉树实验学校学生处

青海师范大学附属玉树实验学校致家长一封信

尊敬的各位家长、亲爱的同学们:

大家好!

首先非常感谢各位家长朋友们一直以来对学校工作的关心和支持。近期学校发现好多学生周末放假后返校时带许多方便面、辣条、烧烤、碳酸饮料等垃圾食品,同时部分家长平时也到学校门口给学生送好多零食,造成一些学生甚至将零食代替三餐不去食堂就餐,只吃零食的习惯。而且这种不良习惯可能很早就养成的,好多学生现在年纪轻轻就患有不同程度的肠胃疾病。作为学校为杜绝此类事情继续发展,更好地保护学生的身体健康,希望与各位家长朋友携手开展“倡导健康饮食,拒绝垃圾食品进校园”活动。加强对学生的食品安全教育,注重日常饮食习惯,共同营造良好的食品消费环境。一起督促学生健康饮食、健康成长!

为有效保护学生的身体健康,养成健康的饮食习惯,拒绝食用垃圾食品。请各位家长务必认真阅读此信,共同做好学生食品安全教育。学校特别提醒家长及同学们做好以下几点:

1.什么是垃圾食品

垃圾食品是指被认为不健康或者仅含少量营养物质的食品,一般是仅仅提供一些热量, 别无其它营养素的食物,或提供超过人体需要变成多余成分的食品。世界卫生组织公布的十大垃圾食品包括:油炸类食品(肉串、夹饼等)、腌制类食品、加工类肉食品(肉干、肉松、香肠、火腿等)、饼干类食品(不包括低温烘烤和全麦饼干)、汽水可乐类饮料、方便类食品(主要指方便面和膨化食品)、罐头类食品(包括鱼肉类和水果类)、话梅蜜饯果脯类食品、冷冻甜品类食品(冰淇淋、冰棒、雪糕等)、烧烤类(烤肠等)食品。

2.如何抵制垃圾食品的诱惑

第一,我们要从思想上认识到垃圾食品给我们带来的各种危害,才能从根本上抵制垃圾食品的诱惑。

第二,要控制孩子的零花钱,把零花钱用到学习和其他有意义的事情上。

第三,教育孩子要相互提醒,相互监督,及时提醒身边买垃圾食品的同学对自己的身体负责,响应学校的号召。

3.要求学生做到“三禁” :

(1)禁买——禁止在校门口流动摊点买垃圾食品。

(2)禁带——禁止把垃圾食品(零食)带进校园,禁止家长看望孩子时带垃圾食品或零食进校园。

(3)禁吃--禁止在校园里吃垃圾食品(零食)

青海师范大学附属玉树实验学校

2021年12月

ཁྱིམ་བདག་ལ་བསྐུར་བའི་འཕྲིན་ཡིག

གུས་པར་འོས་པའི་ཁྱིམ་བདག་རྣམ་པ་ཚང་མ་སྐུ་ཁམས་བཟང་། ཁྱིམ་བདག་ཡོངས་ཀྱིས་ནམ་ཡང་ངེད་སློབ་གྲྭའི་བྱ་བར་སེམས་ཁུར་དང་རྒྱབ་སྐྱོར་ཚད་མེད་གནང་བར་བཀའ་དྲིན་ཆེ། ཉེ་ལམ་སློབ་མ་མང་པོ་ཞིག་གིས་གཟའ་མཇུག་གི་ངལ་གསོའི་རྗེས་ཕྱིར་སློབ་གྲྭར་ལོག་སྐབས་སྟབས་བདེའི་ཐུག་པ་དང་། ཁ་ཚ། བསྲེགས་ཟས། ཐན་སྐྱུར་བཏུང་བྱ་སོགས་གད་སྙིགས་རིགས་ཀྱི་བཟའ་བཅའ་གང་མང་སློབ་གྲྭར་ཁུར་ཡོང་གིན་འདུག མ་ཚད་ཁྱིམ་བདག་འགའ་ཤས་ཀྱིས་ཀྱང་དུས་རྒྱུན་སློབ་གྲྭའི་སྒོ་ཁར་སློབ་མ་ཚོར་ཞོར་ཟས་དང་གད་སྙིགས་ཟས་རིགས་མང་པོ་བསྐྱལ་བ་དང་། སློབ་མ་སྐོར་གཅིག་གིས་ཐ་ན་ཞོར་ཟས་གད་སྙིགས་ཀྱིས་ཚ་དྲོ་དུས་གསུམ་གྱི་ཚབ་བྱས་ཏེ་སློབ་གྲྭའི་ཟ་ཁང་དུ་ཟ་མ་བཟའ་བར་མི་འགྲོ་བ་དང་ཞོར་ཟས་དང་གད་སྙིགས་ཁོ་ན་ཟ་བའི་གོམས་གཤིས་ངན་པ་ཆགས་འདུག་པ་ནི་འུ་ཚོས་མིག་མཐོང་ལག་ཟིན་གྱི་གནས་དོན་ངན་པ་ཞིག་ཏུ་གྱུར་འདུག སློབ་མ་མང་པོ་ཞིག་གིས་གད་སྙིགས་རིགས་ཟོས་ནས་ཕོ་རྒྱུའི་ནད་རིགས་མི་འདྲ་བ་མང་པོ་ཕོག་པའི་དོན་དག་གང་མང་བྱུང་དང་འབྱུང་བཞིན་འདུག སློབ་མའི་ལུས་ཕུང་བདེ་ཐང་སྲུང་སྐྱོབ་བྱ་ཆེད་གོམས་གཤིས་ངན་པ་འདིའི་རིགས་བཀག་འགོག་དགོས་པ་དང་ ཁྱིམ་བདག་རྣམས་ཀྱིས་མཉམ་གཅིག་ཏུ་བདེ་ཐང་མ་ཡིན་པའི་བཟའ་བཏུང་གི་གད་སྙིགས་རིགས་བཟའ་བཅའ་སློབ་གྲྭར་མི་ཁུར་བའི་བྱ་འགུལ་ལ་ཤུགས་སྣོན་བྱ་རྒྱུའི་རེ་བ་ཡོད། སློབ་མའི་བཟའ་བཅའི་བདེ་འཇགས་སློབ་གསོར་ཤུགས་སྣོན་གང་མང་རྒྱག་པ་དང་རྒྱུན་ལྡན་གྱི་བཟའ་བཏུང་གོམས་གཤིས་ལ་དོ་སྣང་ཆེན་པོ་བྱས་ཏེ་ཐུན་མོང་ངང་ནས་བཟའ་བཅའི་འཛེམ་སྤྱོད་ཀྱི་ཁོར་ཡུག་བཟང་པོ་ཞིག་གསར་གཏོད་དང་སློབ་མའི་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་ནུས་ལྡན་བྱས་ནས་བདེ་ཐང་གི་བཟའ་བཏུང་གོམས་གཤིས་འཇགས་པ་བྱ་ཆེད་གད་སྙིགས་བཟའ་བཅའ་དང་ལེན་མི་བྱེད་པ་དང་། ཁྱིམ་བདག་རྣམས་ཀྱིས་ངེས་པར་དུ་འཕྲིན་ཡིག་འདི་ནན་ཏན་གྱིས་ཀློག་ནས་སློབ་གྲྭ་དང་མཉམ་དུ་སློབ་མའི་ཟས་རིགས་བདེ་འཇགས་ཀྱི་སློབ་གསོ་ལེགས་པོ་སྒྲུབ་དགོས། སློབ་གྲྭས་ཁྱིམ་བདག་དང་སློབ་གྲོགས་ཚོར་གཤམ་གསལ་གྱི་གནད་དོན་འགའ་ལེགས་པར་བསྒྲུབ་དགོས་པའི་དྲན་སྐུལ་དམིགས་སུ་བྲིས་ཡོད།

དང་པོ། ཅི་ཞིག་ལ་གད་སྙིགས་ཟས་རིགས་ཟེར། གད་སྙིགས་ཟས་རིགས་ཞེས་པ་ནི་བདེ་ཐང་མིན་པའམ་ཡང་ན་འཚོ་བཅུད་དངོས་པོ་ཉུང་ཙམ་ལས་འདུས་མེད་པའི་ཟས་རིགས་ལ་ཟེར་ཞིང་། མིའི་ལུས་པོའི་དགོས་མཁོ་ལས་བརྒལ་ནས་གྲུབ་ཆ་ལྷག་མར་གྱུར་བའི་ཟས་རིགས་ཤིག་ལ་འདོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གད་སྙིགས་ཟས་རིགས་ཆེན་པོ་བཅུའི་ནང་སྣུམ་སྲེག་རིགས་ཀྱི་ཟས་རིགས(ཤ་ཕྲེང་དང་བག་ལེབ་སོགས)བསྙལ་ཟས་ཀྱི་རིགས། ལས་སྣོན་གྱི་ཤ་རིགས(ཤ་སྐམ་པོ།ཤ་རྒྱུ་ཕག་ཉྭ་བསྙལ་མ་སོགས) བག་ལེབ་སྐམ་པོའི་རིགས་ཀྱི་ཟས་རིགས(དྲོད་ཚད་དམའ་བའི་བསྲེགས་པ་དང་གྲོ་ཧྲིལ་པོའི་བག་ལེབ་ཚུད་མེད་པ། ) རླངས་ཆུ་ཁུ་ནག་རིགས་ཀྱི་བཏུང་བྱ། སྟབས་བདེའི་རིགས་ཀྱི་བཟའ་བཅའ(གཙོ་བོ་སྟབས་བདེའི་ཐུག་པ་དང་སྦོས་འགྱུར་ཟས་རིགས་ལ་ཟེར) ལྕགས་ཀྲིན་རིགས་ཀྱི་ཟས་རིགས(ཉ་ཤ་རིགས་དང་སིལ་ཏོག་རིགས)འཁྱག་ཟས་ཀྱི་རིགས(འཁྱགས་ཞོ་དང་འཁྱགས་བག་སོགས)བསྲེགས་ཟས་རིགས(རྒྱུ་མ་བསྲེགས་མ་སོགས)ཟས་རིགས་རེད།

གཉིས་པ། གཅིག ང་ཚོས་སེམས་གཏིང་་ནས་གད་སྙིགས་ཟས་རིགས་ཀྱིས་ང་ཚོར་བཟོས་པའི་གནོད་འཚེ་སྣ་ཚོགས་ངོས་འཛིན་ཐུབ་ན། ད་གཟོད་གད་སྙིགས་ཟས་རིགས་ཀྱི་བསླུ་བྲིད་རྩ་བ་ནས་བཀག་འགོག་བྱེད་ནུས། གཉིས། ཁྱིམ་བདག་ཚོས་བུ་རྒྱུད་ལ་སྒོར་མོ་སྦྱིན་རྒྱུར་ཚོད་འཛིན་བྱེད་དགོས་པ་དང་། ཕ་མས་བྱིན་པའི་སྒོར་མོ་སློབ་སྦྱོང་དང་དོན་སྙིང་ལྡན་པའི་བྱ་བའི་སྟེང་དུ་མཁོ་སྤྱོད་ཐུབ་ན་བཟང་། གསུམ། བུ་རྒྱུད་ཀྱིས་གད་སྙིགས་ཟས་རིགས་མི་བཟའ་བའི་སྐུལ་སློང་དང་ཕན་ཚུན་ལྟ་སྐུལ་བྱས་ཏེ་ཉེ་འགྲམ་གྱི་གད་སྙིགས་བཟའ་བཅའ་ཉོ་མཁན་སློབ་གྲོགས་ཚོར་རང་ཉིད་ཀྱི་གཟུགས་པོར་འགན་འཁུར་དགོས་པའི་སྐུལ་སློང་བཟང་པོ་དུས་ཐོག་ཏུ་བྱས་ནས་སློབ་གྲྭའི་འབོད་སྐུལ་དང་ལེན་བྱེད་དགོས།

གསུམ་པ། སློབ་མར་བཀག་སྡོམ་གསུམ་གྱི་རེ་ཞུ་འདོན་པ།

གཅིག སློབ་གྲྭའི་སྒོ་ཁ་དང་ཉེ་འགྲམ་དུ་བཀོད་པའི་གད་སྙིགས་བཟའ་བཅའི་རིགས་མི་ཉོ་བ། གཉིས། སློབ་མས་གད་སྙིགས་བཟའ་བཅའ་སློབ་གྲྭར་མི་འཁྱེར་བ་དང་། ཁྱིམ་བདག་གིས་བུ་རྒྱུད་ལྟ་སྐབས་གད་སྙིགས་བཟའ་བཅའ་སློབ་གྲྭར་མི་སྐྱེལ་བ། གསུམ། སློབ་གྲྭའི་ནང་ཁོར་དང་དུས་རྒྱུན་གྱི་འཚོ་བའི་ཁྲོད་ནས་གད་སྙིགས་ཟས་རིགས་མི་བཟའ་བ་བཅས་སོ།།

垃圾

食品

类食品

家长

学生

零食

实验学校

学校

进校园

玉树