青海师范大学附属玉树实验学校第三届“知在澜沧江,识在玉实侠”藏语文趣味知识竞赛

སློབ་གྲོགས་རྣམས་ཀྱི་སློབ་གསེང་གི་འཚོ་བ་ཕུན་སུམ་ཇེ་ཚོགས་དང་ཤེས་བྱའི་རྨང་གཞི་སྲ་བརྟན་ལ་གཏོང་བར་ང་ཚོས་གང་ནུས་ཀྱིས་ཤེས་བྱའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས་ཏེ། སློབ་མ་རྣམས་ཀྱི་བློ་རིག་བཙོ་སྦྱང་དང་རང་རྟོག་གི་སློབ་སྦྱོང་འདུ་ཤེས་ལེགས་པར་ཉམས་སུ་བླངས་ཏེ་ཤེས་བརྩོན་ཟུང་སྦྲེལ་གྱི་སློབ་རའི་ཁོར་ཡུག་བསྐྲུན་དགོས། ངེད་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་ཁོངས་གཏོགས་ཡུས་ཧྲུའུ་ཚོད་ལྟའི་སློབ་གྲྭའི་བོད་ཡིག་ཁྲིད་དཔྱོད་སྡེ་ཁག་གིས་བོད་སྐད་ཡིག་ཤེས་བྱ་འགྲན་སྡུར་གྱི་བྱ་འགུལ་སྐབས་གསུམ་པ་སྤེལ་བ་ཡིན།

育才造士,为国之本

为贯彻落实学习习近平总书记关于教育的重要论述及党的十九届六中全会精神,为了培养学生的学习兴趣,夯实学生的藏文基础,调动学生的求知欲望,拓展学生的知识领域,丰富学生的课余生活,培养学生的个性特长及团队协作精神,营造浓厚的学习氛围,

སྤྱི་ལོ༢༠༢༡ལོའི་ཟླ༡༢པའི་ཚེས༡༠ཉིན་དགོང་མོར་རིག་གཞུང་ཚོགས་འདུ་ཁང་ནས་སྤེལ་ལ། ཐེངས་འདིའི་བྱ་འགུལ་ལ་རྒན་ཆོས་སྐྱོང་འཕྲིན་ལས་དང་བཀྲ་ཤིས་དཔལ་མོ། སྒྲོལ་དཀར་དབང་མོ་དག་དཔྱད་འདེམས་དགེ་རྒན་ལ་གདན་འདྲེན་བྱས།

我校藏文教研组于2021年12月10日在学术报告厅隆重举行第三届“知在澜沧江、识在玉实侠”藏语文趣味知识竞赛。

བྱ་འགུལ་འདི་མཐོ་གཅིག་རིམ་པ་ལ་ཁ་གཏད་ཅིང་། འཛིན་གྲྭ་དགུ་ལས་འགྲན་ཞུགས་མི་སྣ་གསུམ་རེ་བདམས་ཏེ་ཚོ་ཆུང་གཅིག་ཏུ་བགོས་ཏེ་འགྲན་སྡུར་ལ་ཞུགས་པ་རེད། འགྲན་བསྡུར་གྱི་རྣམ་པ་ཡང་རྒྱན་ཤོག་བླངས་ཏེ་གོ་རིམ་ལྟར་ལན་འདེབས་པ་དང་། ལན་ནོར་བ་དང་མ་འགྲིག་པ་ཐད་ཀར་ཕམ་པར་བརྩིས་ཏེ་འགྲན་ཞུགས་ཀྱི་ཐོབ་ཐང་བླངས་པ་ཡིན།

经过藏文教研组全体藏文老师的精心筹备,从活动策划,出题,审题,做PPT,现场布置,大家通力协作,于10日晚上19:00正式开始了此次知识竞赛的活动。

མཇུག་མཐར་མཐོ་གཅིག་འཛིན་གྲྭ་བརྒྱད་པའི་སློབ་གྲོགས་དབང་ཕྱུག་ལྷ་མོས་ཨང་དང་པོའི་བྱ་དགའ་བླངས་པ་དང་། མཐོ་གཅིག་འཛིན་གྲྭ་བརྒྱད་པའི་སློབ་གྲོགས་བསམ་གཏན་ཤེས་རབ་དང་མཐོ་གཅིག་འཛིན་གྲྭ་དང་པོའི་སློབ་གྲོགས་ཟླ་བ་ཕུན་ཚོགས་གཉིས་ཀྱིས་ཨང་གཉིས་པའི་བྱ་དགའ་བླངས། མཐོ་གཅིག་འཛིན་གྲྭ་ལྔ་པའི་སློབ་གྲོགས་དགའ་རབ་དང་མཐོ་གཅིག་འཛིན་གྲྭ་དང་པོའི་སློ་གྲོགས་ཚེ་རིང་གཡང་འཛོམས་གཉིས་ཀྱིས་ཨང་གསུམ་པའི་བྱ་དགའ་བླངས། མཐོ་གཅིག་འཛིན་གྲྭ་བརྒྱད་པར་ཕུལ་བྱུང་རྩ་འཛུགས་བྱ་དགའ་ཐོབ་པ་རེད།

此次活动面向高一年级的9个藏文班,每班选三名代表为一组,共9组27名学生参赛。

比赛共分为五轮,竞赛题目的难度逐渐增加,每组首先派一名代表进行抽签,按抽签的顺序依次上前答题,第一轮和第二轮为循环赛制,答对加分答错扣分但不淘汰,从第三轮开始打错将淘汰离开。

ཐེངས་འདིའི་བྱ་འགུལ་འདི་རྒྱལ་ཁའི་ངང་ནས་མཇུག་སྒྲིལ་ལ། དགེ་སློབ་ཀུན་གྱི་བསྟོད་པའི་གནས་སུ་གྱུར། མ་འོངས་པར་བྱ་འགུལ་འདི་ལྟ་བུ་སྤེལ་བར་ཉམས་མྱོང་སོགས་གང་ཅིའི་ཐད་ནས་ཕྱུག་པར་གྱུར་ཏེ་མཇུག་རྫོགས་སོ། །

参与是一种快乐,合作是一种幸福,场上的学生沉着冷静,答题认真,气氛紧张激烈,台下的学生更是气势高昂,跃跃欲试。

经过紧张激烈的角逐,各位选手的风采各具特色,最终高一八班的学生旺索拉毛获得此次比赛的第一名,高一八班的学生桑丁西然和高一一班的学生达哇朋措获得第二名,高一五班学生尕然和高一一班学生才仁央宗获得第三名,高一八班获得最佳组织奖。