阻击疫情,二小在行动

杂多县实验学校教育工会

རིམས་ནད་ནི་བཀའ་རྒྱ་དང་སྔོན་འགོག་ཚོད་འཛིན་ནི་འགན་འཁྲི་ཡིན།ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་བྱ་བ་སྤེལ།ང་ཚོའི་སློབ་གྲྭས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་།འཕྲལ་མ་ཉིད་དུ་སློབ་སྤྱི་ཡིས་ཙུའུ་ཀྲང་བྱས་པའི་ཏོག་དབྱིབས་ནད་དུག་འགོས་ཚད་གསར་པའི་གློ་ཚད་སྔོན་འགོག་ཚོད་འཛིན་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་འབྲེལ།འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་བཙུགས་ནས་སློབ་གྲྭས《ཏོག་དབྱིབས་ནད་དུག་འགོས་རྒྱུ་གསར་པའི་གློ་ཚད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཛ་དྲག་བརྡ་ཐོ》དུས་ཐོག་ཏུ་བཏང་ནས་འབྲེལ་ཡོད་ལས་ཀའི་ལམ་ལུགས་བཟོས་པ་རེད།

ངང་རྒྱུད་རིང་པོས་སློབ་མར་མཛུབ་ཁྲིད་བྱེད་སྐབས།ལག་པ་བཀྲུ་བ་དང་ཁ་རས་བརྒྱབ་སྟེ་མི་མང་འདུ་འཛོམས་སར་མི་སྐྱོད་པ་དང་།གཉེན་ཉེ་དང་གྲོགས་པོར་འཚམས་འདྲི་མི་བྱེད་པ།གཟུགས་པོར་ནད་གཞི་མི་ཕོག་པ་བཅས་བྱེད་དགོས།ཁྱིམ་དུ་སྒེའུ་ཁུང་མང་ཙམ་ཕྱེ་ནས་རླུང་འགྲོ་བ།ཕྱི་ལ་སོང་ནས་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་དགོས།མེས་རྒྱལ་ལ་རྙོག་དྲ་མི་བཟོ་བ་དང་སློབ་གྲྭར་ཁུར་པོ་ལྕི་རུ་མི་གཏོང་བ།

ནད་ཡམས་ཀྱི་མདུན་དུ་རྫ་སྟོད་རྫོང་མི་རིགས་ཆ་ཚང་སློབ་ཆུང་གཉིས་པའི་སློབ་མ་ཚོས་བྱིས་པའི་སེམས་པ་མཉམ་དུ་གཡོ་བ་དང་།“རིམས་ནད་བཀག་འགོག་དང་།སློབ་ཆུང་གཉིས་པས་འགུལ་སྤྱོད་བྱེད་བཞིན་པའི”ཁྱད་ལྡན་བྱེད་སྒོར་ཧུར་ཐག་ཞུགས་པ།སྔར་མེད་གསར་སྤྲོས་ཀྱི་ལག་བྲིས་ཚགས་པར་དང་ནག་པང་ཚགས་པར་གསར་རྩོམ་བྱས་པ་བཅས་ལས་ཐུན་མོང་ཐོག་རིམས་ནད་འགོག་བཅོས་བྱེད་པའི་ཆོད་སེམས་མཚོན་ཡོད་ལ།རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ལག་གདང་སྦྲེལ་ནས་འཐབ་རྩོད་བྱེད་པའི་བློ་སྟོབས་ཀྱང་མངོན་ཡོད།

疫情就是命令,防控就是责任。为科学有序开展常态化疫情防控工作。我校根据疫情防控工作部署要求,第一时间成立以校长为组长的新型冠状病毒感染的肺炎疫情防控工作领导小组,并设立领导小组办公室,学校及时发布《关于做好新型冠状病毒感染的肺炎疫情防控工作的紧急通知》,制定相关工作制度。

耐心教导学生,要做到:勤洗手,戴口罩,少去人多且密闭的场所,不走亲访友,避免接触感染。在家多开窗通风,外出做好个人防护。不为祖国添麻烦,不为学校增负担。

面对疫情,杂多县第二民族完小的学生们,颗颗童心齐跳动,积极参加“阻击疫情,二小在行动”特色活动,创作了别出心裁的手抄报,黑板报,表明共同战疫的决心,昭示全国各族人民携手斗争的勇气。

ལོ་རིམ་དང་པོའི་སློབ་མའི་བརྩམས་ཆོས།

一年级学生作品。

ལོ་རིམ་གཉིས་པའི་སློབ་མའི་བརྩམས་ཆོས།

二年级学生作品。

ལོ་རིམ་གསུམ་པའི་སློབ་མའི་བརྩམས་ཆོས།

三年级学生作品。

ལོ་རིམ་བཞི་པའི་སློབ་མའི་བརྩམས་ཆོས།

四年级学生作品。

ལོ་རིམ་ལྔ་པའི་སློབ་མའི་བརྩམས་ཆོས།

五年级学生作品。

ལོ་རིམ་དྲུག་པའི་སློབ་མའི་བརྩམས་ཆོས།

六年级学生作品。

抗疫宣传活动之学生黑板报。

“རིམས་ནད་ཀྱི་གནས་ཚུལ་མི་མང་པོའི་སེམས་སུ་མཆེད་པ་དང་།དུག་སེལ་བདུད་འདུལ་བྱེད་འདོད་ན་འཇིག”ཅེས་པའི་དཔེ་ལྟར།“སློབ་ཆུང་གཉིས་པའི་ཕྲུ་གུ་ཚོས་རང་ཉིད་ཀྱི་རྒྱུན་གཏན་འཚོ་བའི་འགྲོ་ལུགས་དང་སློབ་སྦྱོང་ཡག་པོ་བྱེད་པ་དང་དུས་མཚུངས།རིམས་འགོག་ཤེས་བྱ་སློབ་སྦྱོང་ནན་ཏན་དང་རང་ཉིད་འགོག་སྲུང་ཡག་པོ་བྱས་ཏེ་བྱ་སྤྱོད་སྤྱད་དེ་རིམས་འགོག་ཤེས་བྱ་དྲིལ་བསྒྲགས་བྱས་ནས་རིམས་འགོག་གི་དཔེ་དམག་ཆུང་ཆུང་ཞིག་བརྩོན་ལེན་བྱེད་ཀྱི་ཡོད།ཚང་མ་དམངས་ཡོངས་ཀྱི་རིམས་ནད་འགོག་པའི་འཐབ་འཛིང་ཁྲོད་དུ་ཞུགས་ཏེ་རིམས་ནད་འགོག་པའི་ནུས་པ་བརྒྱུད་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད།ཕ་ཡུལ་ལ་ཤུགས་རྒྱོབ།མེས་རྒྱལ་ལ་ཤུགས་རྒྱག་དགོས།“སྐེ་དར་དམར་པོ”རྣམས་ཀྱིས་རི་མོ་དང་ཡི་གེས་ཟུང་འབྲེལ་གྱི་ལག་བྲིས་ཚགས་པར་དང་ནག་པང་ཚགས་པར་གྱིས་ཚང་མར་དེ་བས་ཞིབ་ཅིང་ཕྲ་བའི་སྒོ་ནས་རིམས་ནད་ཀྱི་མདུན་དུ་ང་ཚོས་ཇི་ལྟར་བྱས་ནས་འགོག་སྲུང་བྱེད་དགོས་ལུགས་ངོ་སྤྲོད་བྱས་བྱུང་།

ཤོག་བུ་ཆུང་ཆུང་དང་ངོ་གདོང་ཧ་ཅང་ཆུང་བའི་ཐོག་ཁོང་ཚོའི་འགན་འཁྲི་དང་འགན་འཁུར་ཕོད་པ་མངོན་པ་དང་བརྩམས་ཆོས་དེ་བྱིས་བློ་ཅན་ཞིག་ཡིན་རུང་།རིམས་འགོག་གི་སེམས་པ་འཐབ་ས་མདུན་མར་གནས་པའི་གདོང་ལེན་པ་ཚོ་དང་མཉམ་དུ་གནས་ཡོད།

“疫情肆虐众人心,欲解毒魔勇者担。”二小的孩子们在做好自己日常生活起居和学习的同时,认真学习防疫知识,做好自身防护,用行动宣传防疫知识,争做防疫小标兵。号召大家加入到全民抗疫战斗中,传递抗疫正能量。为家乡加油!为祖国加油!

“红领巾”们以图文并茂的手抄报和黑板报,向大家更具体地介绍了在疫情面前我们应该如何做好防护。

小小的纸张和稚嫩的脸庞里凸显了他们的责任和担当,作品虽然幼稚,但防疫之心去与战斗在一线的先锋们同在。

疫情

学生

防控

作品

防疫

黑板报

抗疫

二小

做好

冠状病毒