བྱིས་པའི་རྒྱུགས་འབྲས་ལ་ཤུགས་རྐྱེན་གཙོ་བོ་འཇོག་མཁན་ནི་སློབ་གྲྭ་མ་ཡིན་པར་ཁྱིམ་ཚང་ཡིན། ཁྱིམ་ཚང་སློབ་གསོ་ནི་བྱིས་པ་འཚར་ལོངས་ཀྱི་རྟེན་གཞི་དང་ཁོར་ཡུག་གཙོ་བོ་ཡིན་ཞིང་། གཞི་རྩའི་སློབ་གསོ་མྱོང་ས་ཡང་ཡིན།

གལ་ཏེ་ཁྱིམ་ཚང་སློབ་གསོར་གནད་དོན་བྱུང་ཚེ། སློབ་གྲྭའི་ནང་བྱིས་པར་དཀའ་ཁག་ཆེ་ཞིང་། མ་འོངས་པར་སློབ་གྲྭའི་ནང་གི་གནད་དོན་ཅན་གྱི་བྱིས་པར་ཡང་འགྱུར་སྲིད།

ཁྱིམ་བདག་གི་འགན་ཁུར་ནི་བྱིས་པར་རྒྱུད་འཛིན་གཉིས་མཁོ་སྤྲོད་བྱེད་དགོས། གཅིག་ནི་གཤིས་ཀ་རྒྱུད་འཛིན་དང་། གཅིག་ནི་སྤུས་ཀ་རྒྱུད་འཛིན་ཡིན། སློབ་གསོ་བས་སློབ་གསོར་སྤྲོ་སྣང་གི་ལྟ་སྟངས་འཛིན་ཆོག་ཀྱང་། སྤྲོ་སྣང་ལས་བྱིས་པའི་གཤིས་ཀ་རྒྱུད་འཛིན་ལ་བསམ་བློ་མ་བཏང་ན་མི་འགྲིག བཟོ་ལྟ་ངན་པའི་ཡ་ཙེ་སྙིང་དུ་སྡུག་པའི་ངང་དཀར་དུ་གྱུར། འདི་ནི་ཡ་ཙེས་སྡུག་རུས་བྱས་པའི་གྲུབ་འབྲས་མ་ཡིན་པར། ཡ་ཙེའི་ཨ་མས་ངང་བའི་སྒོ་ང་ཞིག་བཏང་བ་ལས་བྱུང་བ་ཡིན་ནོ།།

བྱིས་པ་ལ་མཚོན་ནས་བཤད་ན། ཁྱིམ་ཚང་ནི་ཨ་མའི་མངལ་དང་མཚུངས། ཨ་མའི་མངལ་རུམ་ནི་བྱིས་པའི་ཕོ་བྲང་དང་པོ་དང་། ཁྱིམ་ཚང་ཁོར་ཡུག་ནི་བྱིས་པའི་ཕོ་བྲང་གཉིས་པ་ཡིན།

སློབ་གྲྭའི་སློབ་གསོས་ནམ་ཡང་སློབ་མའི་ཤེས་ཡོན་ལ་གལ་ཆེན་བྱེད། ཤེས་ཡོན་གྱི་གཞི་རྩའི་ཆོས་ཉིད་ལ་བསམ་ན། ཁྱིམ་ཚང་སློབ་གསོ་ངེས་པར་དུ་གཤིས་རྒྱུད་དང་ལུས་ཁམས་འཕེལ་རྒྱས་ཀྱི་ཕྱོགས་སུ་ལངས་དགོས། ཁྱིམ་ཚང་ལ་ཁྱིམ་ཚང་གི་ཕན་ནུས་ལྡན་པ་ཡིན།

གཤིས་རྒྱུད་བཟང་པོའི་ཚད་གཞི་ནི་རིག་གནས་ཀྱི་སྙིང་སྟོབས་ཡོད་པ་ཡིན། ལུས་ཁམས་བདེ་ཐང་གི་ཚད་གཞི་ནི་སྟོབས་དང་ལྡན་པའི་ལུས་ཕུང་ཡོད་པ་ཡིན། སློབ་སྦྱོང་བཟང་བའི་ཚད་གཞི་ནི་རང་སྦྱོང་རང་རྟོགས་ཡིན་ནོ།།

ཕན་ནུས་ལྡན་པའི་སློབ་སྦྱོང་ནི་ཚད་བཀག་མེད་པར་སྦྱོང་བ་དེ་ཡིན། ཕན་མེད་ཀྱི་སློབ་སྦྱོང་ནི་གནད་འགག་ཙམ་སྦྱོང་བ་ཡིན། བྱིས་པའི་སློབ་སྦྱོང་ལ་གནད་དོན་བྱུང་ཚེ། རྒྱུ་རྐྱེན་བྱིས་པའི་སེམས་ཁམས་དང་ལུས་ཁམས་ཁྲོད་དུ་གནས། ཕ་མས་བྱིས་པར་བཙན་ཚུགས་ཀྱིས་སློབ་སྦྱོང་བྱེད་པར་སྐུལ་བ་ནི། ལྗང་པ་འཐེན་ནས་ལོ་ཏོག་སྐྱེ་བར་རློམ་པ་ལྟ་བུ་ཡིན་ནོ།།

བྱིས་པ་ལོ་གསུམ་གྱི་སྔོན་རྗེས་ལ་ལྟ་སྐྱོང་ནན་མོ་བྱེད་པ་དང་། བྱིས་པ་ལོ་བཅུ་གསུམ་ཡས་མས་ནས་རིམ་གྱིས་ལྷོད་ནས་བྱིས་པའི་གྲོགས་པོ་ཆགས་དགོས། ནུས་ལྡན་གྱི་སློབ་གསོའི་བྱེད་ཐབས་ནི་ཐོག་མའི་དུས་ནན་འཛིན་དང་རིམ་གྱིས་ལྷོད་དགོས་པ་ཡིན། ནུས་མེད་ཀྱི་སློབ་གསོ་ནི་ཐོག་མར་ལྷོད་ཅིང་རིམ་གྱིས་ནན་མོ་བྱེད་པ་ཡིན། ནུས་ལྡན་གྱི་སྐུལ་སློང་གིས་བྱ་བརྒྱ་མདའ་གཅིག་གིས་གསོད་པ་དང་། ནུས་མེད་ཀྱི་སྐུལ་སློང་ནི་ཐང་གི་རྡོ་བླངས་ནས་རུམ་གྱི་བྲོ་བོར་བ་དང་མཚུངས།

ཕ་མ་བཟང་པོས་བྱིས་པར་ལྟ་སྐྱོང་བྱས་ཏེ། བྱིས་པ་རང་འགུལ་གྱིས་འཚར་ལོངས་ཡོང་བར་རམ་འདེགས་བྱེད། ཕ་མ་ངན་པས་བྱིས་པའི་ཚབ་ཏུ་བྱ་བ་སྒྲུབ་ནས། བྱིས་པ་བཙན་ཤུགས་ཀྱིས་འཚར་ལོངས་ཡོང་བར་བྱེད།

ཁ་ནས་ཞི་བདེ་དང་འཆམ་མཐུན་གྱི་འབོད་ཚིག་སྒྲོག་ཀྱང་། ལག་ཏུ་དབྱུག་པ་འཛིན། ཕུལ་བྱུང་གི་ཁྱིམ་ཚང་ཞིག་ལ་མཚོན་ན། བྱིས་པའི་ཉེ་སར་རང་ཉིད་འདང་རྩིས་ཆེ་བའི་ཅ་ལག་དང་། རང་ཉིད་དགའ་བའི་མི་ཡོད།