སློབ་རའི་མཁའ་དབྱིངས་སུ།། རིག་རྩལ་རྒྱང་སྒྲོག་སྙན།།校园之声藏语广播站

合作市勒秀镇中心小学

ན་ཆུང་བྱིས་པའི་རིག་རྩལ་གྱི་དོ་ར།།

བོད་པའི་བུ་ཡི་ཤེས་རིག་གི་ཞིང་ཁམས།།

བློ་གསལ་གཞོན་ནུའི་རྩེད་འཇོ་ཡི་གར་སྟེགས།།

ན་ཆུང་བྱིས་པའི་ཡུན་འདྲིས་ཀྱི་རྩེད་གྲོགས།།

དམངས་ཀྱི་ཁེ་ཕན་གཙུག་ཏུ་བཀུར་ཞིང་སློབ་གསོའི་ལས་དོན་ལ་བློ་དཀར་བའི་སློབ་གྲྭའི་མགོ་ཁྲིད་རྣམ་པ་དང་གཞན་ཕན་སྙིང་རྗེས་ཐུགས་རྒྱུད་བརླན་ཞིང་བཀའ་དྲིན་མཚུངས་མེད་ཀྱི་དགེ་རྒན་རྣམ་པ། བརྩོན་པའི་དཀའ་བ་དང་དུ་བླངས་ཤིང་ཤེས་བྱ་རིག་པའི་མེ་ཏོག་མཉམ་དུ་འཐུ་བའི་བརྩེ་ལྡན་གྱི་སློབ་གྲོགས་རྣམ་པ་ལགས། ཁྱེད་རྣམ་པའི་སྐུ་ཁམས་བཟང་། སྐབས་དང་པོའི་ཀླུ་ཤོད་སློབ་ཆུང་གི་སློབ་རའི་རྒྱང་སྒྲོག་ལེ་ཚན་དངོས་སུ་མགོ་རྩོམ་རྒྱུ་ཡིན།

ལེ་ཚན་དང་པོ། གསར་འགྱུར་སྙན་སྒྲོན།

ཐོག་མར་གསར་འགྱུར་སྙན་སྒྲོན་ལེ་ཚན་དུ་བསྐྱོད་དེ། དེ་རིང་གི་སློབ་རའི་གསར་འགྱུར་ལ་རོལ་མྱོང་བྱ།

ལེ་ཚན་གཉིས་པ། སྙན་རྩོམ་གྱེར་ཀློག

ད་ནི་སྙན་རྩོམ་གྱེར་ཀློག་གི་ལེ་ཚན་དུ་སྐྱོད་དེ་རང་རའི་སློབ་གྲྭའི་སློབ་མ་རྡོ་རྗེ་འཚོ་དང་སངས་རྒྱས་སྐྱིད་གཉིས་ཀྱིས་བཤེས་གཉེན་ལགས།སེམས་ཀྱི་ཉི་མ་ཞེས་པའི་སྙན་རྩོམ་ཞིག་གྱེར་ཀློག་བྱེད་རྒྱུ་ཡིན་པས་ཚང་མའི་ཐུགས་འདུན་དང་མཐུན་པར་ཞུ།

ལེ་ཚན་གསུམ་པ། གྲེ་འགྱུར་སྙན་དབྱངས།

མཛའ་ཞིང་བརྩེ་བའི་སློབ་གྲོགས་རྣམ་པ་ད་ནི་གྲེ་འགྱུར་སྙན་དབྱངས་ཀྱི་ལེ་ཚན་དུ་སྐྱོད་དེ། ཞོལ་ནས་རང་རེའི་སློབ་གྲྭའི་དགེ་རྒན་མཁར་མོ་སྐྱིད་ཀྱིས་ངག་སྙན་མོ་དྲུག་འགྱུར་དབྱངས་ལ་བཀུགས་ནས་ཚང་མའི་སྙན་ལམ་དུ་ཡིད་སྨོན་ཞེས་པའི་གླུ་དབྱངས་ཤིག་འབུལ་རྒྱུ་ཡིན་པས་ཚང་མའི་སྙན་དབང་གསོ་བའི་བདུད་རྩི་རུ་འགྱུར་བར་སྨོན།

ཐེངས་འདིའི་སློབ་རའི་རྒྱང་སྒྲོག་གི་ལེ་ཚན་གཏོང་མཚམས་འདི་ནས་འཇོག ཐེངས་རྗེས་མར་ང་ཚོ་སླར་ཡང་མཇལ། མཇུག་མཐར་གོང་དགེ་རྒན་རྣམས་ཀྱི་སྐུ་ལ་ན་ཚ་མེད་ཅིང་། སློབ་གྲོགས་ཚོའི་སྦྱངས་འབྲས་གཡུར་དུ་ཟ་བའི་བཀྲ་ཤིས་སྨོན་འདུན་ཞུ།

སྤྱིའི་ལྟ་སྐུལ་བ། རྟ་མགྲིན་རྡོ་རྗེ།

རྩོམ་སྒྲིག་པ། ཏིང་འཛིན་སྐྱིད། མཁར་མོ་སྐྱིད།

广播站

藏语

校园

之声