སློབ་ཁང་སློབ་ཁྲིད་ནི་གཞི་རིམ་སློབ་གསོའི་ཆེས་ཐད་ཀར་དང་།ཆེས་མ་རྩའི་སློབ་གསོའི་བརྒྱུད་ལམ་ཡིན་ལ།སློབ་མས་ཤེས་བྱ་དང་ལེན་དང་།དགེ་རྒན་གྱིས་ཤེས་བྱ་བརྒྱུད་བསྒྲགས་ཀྱི་ཐབས་ལམ་གལ་ཆེ་ཤོས་ཡིན་པས།གཞི་རིམ་སློབ་གསོའི་ལས་དོན་འཁྱོལ་བའི་དགེ་རྒན་ཞིག་ཡིན་གཤིས།སློབ་ཁང་སློབ་ཁྲིད་ཆུ་ཚད་མཐོར་འདེགས་གཏོང་བ་ནི་སློབ་མའི་ཕྱོགས་ཡོངས་ཆུ་ཚད་མཐོར་གཏོང་བ་དང་།ཏན་ཏིག་གིས་རང་འགན་གཞོལ་བར་བྱ་དགོས་ཚེ།རང་གི་སློབ་ཁང་སློབ་ཁྲིད་ཆུ་ཚད་མཐོར་འདེགས་གཏོང་བ་ནི་མ་གླེང་ཐུ་མེད་ཅིག་ཏུ་ཆགས་ཡོད།

དེར་བརྟེན།རང་སློབ་གྲྭས་ས་གནས་འདིའི་སློབ་གསོའི་དམིགས་བསལ་རང་བཞིན་དང་།སློབ་ཁང་སློབ་ཁྲིད་ཀྱི་གལ་ཆེའི་རང་བཞིན་ལ་དམིགས་ནས།སློབ་སྟོན་ཁང་གིས་བཀོད་སྒྲིག་གནངས་སྟེ།སློབ་དཔྱོད་ཁང་སོ་སོའི་ལོ་ན་གཞོན་པའི་དགེ་རྒན་དག་གིས་སློབ་ཚན་གཅིག་ལ་སྒྲིག་བཀོད་ཐ་དད་ཅེས་པའི་སྤྱི་སྟོན་སློབ་ཁྲིད་བྱས་ནས་འཁྲིད་འགྲན་བྱ་དགོས་པའི་བརྡ་བཏང་།

བོད་ཡིག་སློབ་དཔྱོད་ཚན་ཁང་གི་དགེ་རྒན་དག་གིས་གྲོས་མོལ་བྱས་པ་བརྒྱུད།ཐེངས་འདིའི་སྤྱི་སྟོན་སློབ་ཁྲིད་ཀྱི་ནང་དོན་བརྡ་སྤྲོད་སློབ་ཚན་ལ་གཏན་འཁེལ་བྱས་ཤིང་ཁ་བྱང་འབྱུང་ཁུངས་བདམས་པ་ཡིན།དེར་དགེ་རྒན་སོ་སོས་རང་འགན་དང་བླངས་ཀྱི་སྒོ་ནས་སློབ་ཁྲིད་གྲ་སྒྲིག་བྱས་ཤིང་།ཐོག་མར་དགེ་རྒན་དབང་ཕྱུགས་ལགས་ཀྱིས་སློབ་ཁྲིད་བྱས་ཤིང་།སློབ་ཁྲིད་ངག་གི་སྒྱུ་རྩལ་ལ་མཚོ་སྐྱེས་ལྷ་མོའི་པི་ཝང་གི་དབང་འབྱོར་ཞིང་།བརྡ་སྤྲོད་ཀྱི་ཤེས་བྱ་གནད་སྟོན་པ་གཟི་བོའི་གནད་ལ་ཕོག

རིམ་བཞིན་དགེ་རྒན་བསྟན་འཛིན་དཔལ་སྒྲོན་ལགས་ཀྱིས་སློབ་ཁྲིད་བྱས་ཤིང་།དེ་ནས་དགེ་རྒན་ལྷ་མོ།དེའི་འཕྲོར་དགེ་རྒན་ཆོས་གྲུབ།མཇུག་ཏུ་དགེ་རྒན་འཇམ་དཔལ་སྨོན་ལམ་བཅས་ཀྱི་སློབ་ཁྲིད་བྱས།