རྒྱལ་སྟོན་དུས་ཆེན་བསུ།

美友28928193

༄༅༎ཁྱིམ་བདག་དང་སློབ་ཕྲུག་ཚོར་སྤྲིངས་པའི་འཕྲིན།

རྒྱ་ཆེ་བའི་ཁྱིམ་བདག་རྣམ་པ་དང་སྙིང་ཉེ་བའི་སློབ་ཕྲུག་ཚོའི་སྙན་ལམ་དུ་ཞུ་རྒྱུར།རྒྱལ་སྟོན་དུས་ཆེན་གྱི་ངལ་གསོའི་དུས་ཡུན་ནི།སྤྱི་ཟླ་10བའི་ཚེས་1ནས་ཚེས་8བར་ཏེ་ཁྱོན་ཉིན་བརྒྱད་ཀྱི་རིང་ཡིནཔ་དང་།སྤྱི་ཚེས་9ཉིན་གྱི་ཞོགས་པ་སྔ་མོའི་སློབ་ཁྲིད་ཚོགས་རན་ལ་སྔ་ཆད་གཞུག་ལུས་མེད་པར་སློབ་ཞུགས་བྱ་རྒྱུ་ནི་ངེད་དགེ་བཟོ་བ་ཡོངས་ཀྱི་རེ་བ་ཡིན།

ཁྱིམ་ཚང་སློབ་གསོ་ནི་མི་ཚེ་མདུན་སྐྱོད་ཀྱི་གོམ་པ་དང་པོའོ།།

ཁྱིམ་བདག་གིས་རྒྱལ་སྟོན་དུས་ཆེན་གྱི་ངལ་གསོ་སྐབས་ཀྱི་དོ་སྣང་བྱ་ཡུལ།

༡ སློབ་མའི་སེམས་ཁམས་བདེ་ཐང་དང་ལུས་ཁམས་བདེ་ཐང་ལ་ཡིད་འཇོག་ཟབ་པ།

༢ འགྲིམ་འགྲུལ་བདེ་འཇགས་དང་རང་བྱུང་གནོད་འཚེ་ལ་ཡིད་གཟབ་བྱེད་པ།

༣ མེ་དང་གློག་ཆུའི་འཇིགས་པ་བཅས་ལ་མཉམ་འཇོག་བྱེད་པ།

༤ སློབ་མའི་དབང་ལྔ་དང་ལུས་པོ་འཚར་ལོངས་བྱུང་བར་གནོད་པའི་ཅ་དངོས་སམ་རྩེད་ཆས།ཞོར་ཟས་རིགས་མཁོ་སྤྲོད་མི་བྱེད་པ།

༥ ཏོག་དབྱིབས་ནད་དུག་སྟེ་འགོས་ནད་སོགས་ལ་གཟབ་པར་ས་གནས་གཞན་པ་དང་མི་མང་འདུ་ཚོགས་སོགས་སུ་འགྲོ་བར་དོགས་ཟོན་ནན་མོ་བྱ་བར་སྐུལ་ལྕག་གང་མང་བཏང་ནས་སློབ་ཕྲུག་ཚོའི་བདེ་ཐང་ལ་ཆ་རྐྱེན་གང་ལེགས་སྐྲུན་པར་སོམས།

༦ སློབ་གྲྭ་ནི་སློབ་མའི་མདུན་ལམ་གྱི་ལམ་སྣ་འདྲེན་པའི་དེད་དཔོན་དང་ཁྱིམ་ཚང་ནི་སློབ་མའི་མ་འོངས་ལམ་སྟོན་གྱི་སྒྲོན་མེ་ཡིན། སློབ་གྲྭ་ནས་སློབ་མའི་མི་གཞི་ལ་དམིགས་ཏེ་སྐྱོང་གིན་པའི་རྣམ་པ་ནི་གཞིར་བྱས་ཏེ་རང་ཁྱིམ་དུ་ལོག་པ་ན་ཁྱིམ་ལས་ཙག་ཙིག་དང་འགྲོ་འདུག་སྤྱོད་གསུམ་ལ་སྐུལ་འདེད་གཏོང་རོགས།

༧ ཟླ་གནང་སྐབས་ཀྱི་སྟབས་བདེའི་གནད་ཟིན་གྱི་ཁྱིམ་སྦྱོང་ལས་བྱ་ལེགས་འགྲུབ་ཡོང་བར་དོ་ཁུར་མཛད་པ།

༨ འབྲོག་པའི་འཚོ་བའི་རྒྱུན་ཤེས་དང་ངལ་རྩོལ་ལས་རིགས་བརྒྱུད་སྤྲོད་བྱེད་པ་སོགས་ཐུགས་འཇགས་འཚལ།