ལས་གནས་རེས་སྐོར་གྱི་ལས་ཀའི་ཕྱོགས་བསྡོམས།

心向善

སློབ་ཁྲིད་བྱེད་པའི་སྐབས་སུ་རྣམ་པ།

༡ བྱིས་པས་རང་འགུལ་གྱིས་བྱེད་སྒོར་ཞུགས་པ་དང་། རང་འགུལ་ངང་སློབ་སྦྱོང་བྱེད་པར་སྐུལ་འདེད་གཏོང་དགོས།

༢ བྱིས་པ་དང་དགེ་རྒན་བར་གྱི་འབྲེལ་འདྲིས་ཇེ་ཟབ་ཏུ་བཏང་ནས་བྱིས་པའི་འབྲེལ་འདྲིས་ནུས་པ་གསོ་སྐྱོང་བྱ་དགོས།

༣ བྱིས་པའི་ལག་འགུལ་ནུས་པ་སྦྱོང་བརྡར་བྱེད་པ།

༤ བྱིས་པས་ཡ་མཚར་ཞིང་འདྲི་བདེ་བའི་ནུས་པ་གསོ་སྐྱོང་བྱེད་དགོས།

༥ བྱིས་པའི་མངོན་གསལ་གྱི་ནུས་པ་ཇེ་ཆེར་བཏང་སྟེ་བྱིས་པའི་སྤྱི་ཚོགས་རང་བཞིན་ལྡན་པའི་འཕེལ་རྒྱས་ལེགས་པོ་ཡོང་བར་བྱ་དགོས།

དུས་རབས་གསར་པའི་འཕེལ་རྒྱས་ལ་དུས་རབས་གསར་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་དགོས། རང་གཤིས་བཟང་པོ་འཕེལ་རྒྱས་གཏོང་རྒྱུ་ནི་ཕྲུ་གུ་འཇོན་ཐང་ཅན་དུ་འགྱུར་བའི་རྨང་གཞི་ཡིན་ཞིང་། སློབ་གསོའི་ལག་ལེན་མང་པོ་ཞིག་གི་ཐོག་ནས་ཁུལ་ཟུར་གསར་གཏོད་བྱེད་སྒོ་ནི་ཕྲུ་གུའི་རང་གཤིས་བཟང་པོ་གསོ་སྐྱོང་བྱེད་པའི་ཐབས་ལམ་ནུས་ལྡན་ཞིག་ཡིན་པ་དང་། དེས་ཕྲུ་གུར་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་ཐོན་བཞིན་ཡོད་པས། དགེ་རྒན་གྱིས་ཁུལ་ཟུར་སྔོག་འདོན་བྱེད་པའི་སློབ་གསོའི་ཐབས་ལམ་སྤྱད་དེ་ཁུལ་ཟུར་བྱེད་སྒོ་སྟེ་ཕྲུ་གུ་འཚར་ལོངས་ཡོང་བའི་འབྱུང་གནས་ཤིག་ཏུ་འགྱུར་བ་བྱེད་དགོས་པ་ང་ཚོར་ཤེས་སུ་བཅུག་དགོས།

གྱང་ངོར་རི་མོ་འབྲི་བ་ནི་རང་དབང་བག་ཕེབས་ཀྱི་རྩེད་མོའི་བྱེད་སྒོ་ཞིག་ཡིན་ལ།བྱིས་པས་གྱང་ངོར་རི་མོ་འབྲི་བ་ནི་གསར་གཏོད་བྱེད་པའི་བསམ་ཚུལ་གང་ཡང་མེད་སྟེ། དེ་ནི་འགུལ་སྟངས་དང་རྩེད་མོ་ཙམ་ཡིན། ཁོ་ཚོའི་སེམས་ཁུར་བྱེད་པ་ནི་རི་མོའི་གྲུབ་འབྲས་མ་ཡིན་པར་རི་མོ་འབྲི་བའི་བརྒྱུད་རིམ་ཡིན་པས། ཤོག་བུའི་ཐོག་ཏུ་བྱུགས་པའི་སྤྲོ་སྣང་དང་། དེའི་ཁྲོད་ནས་བྱུང་བའི་སེམས་གསོ་དང་ཡིད་ཚིམས་པའི་སྤྲོ་སྣང་ཐོབ་པ་དེ་རེད། དེ་དང་མཉམ་དུ། བྱིས་པའི་སེམས་ཁམས་ལ་སྙོམས་སྒྲིག་གི་ནུས་པ་ངེས་ཅན་ཐོབ་སྲིད།

གྱང་ངོ་ལ་རི་མོ་འབྲོ་བ་ནི་ལག་པ་དང་མིག་མཉམ་འགུལ་བྱེད་སྒོ་ཞིག་རེད།གྱང་ངོར་རི་མོ་འབྲི་བའི་བྱ་འགུལ་ཁྲོད་དུ། ཤོག་བུའི་སྟེང་དུ་བྱུང་བའི་ཁ་དོག་སྣ་ཚོགས་ཀྱིས་བྱིས་པའི་མཐོང་རྒྱ་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད། ཡང་ཡང་སྦྱོང་བརྡར་བྱེད་སྐབས། ཁོ་ཚོའི་ལག་པའི་འགུལ་ཤུགས་དང་མིག་གིས་མཐོང་ཚད་ཇེ་ཆེར་གཏོང་ཐུབ། ཀླད་པའི་བཀོད་འདོམས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པས། ཤོག་བུའི་ཐོག་གི་ཐིག་རིས་ནི་རིམ་གྱིས་དོན་སྙིང་ལྡན་པའི་གཟུགས་དབྱིབས་སུ་གྱུར་ཡོད། དེར་བརྟེན། བྱིས་པའི་བྱུགས་བྱ་ནི་དོན་དངོས་སུ་ཁོ་ཚོའི་ངོས་འཛིན་འགུལ་སྐྱོད་ལ་འཕེལ་རྒྱས་ངེས་ཅན་ཞིག་བྱུང་རྗེས། ཉེ་འཁོར་གྱི་ཁོར་ཡུག་ལ་འཚོལ་ཞིབ་གསར་བ་ཞིག་བྱས་པ་རེད།

བྱིས་པའི་རི་མོ་འབྲི་བའི་འཕེལ་རྒྱས་ནི་བྱིས་པའི་ཤེས་རྟོགས་ཀྱི་འཕེལ་རྒྱས་དང་དུས་མཉམ་དུ་བྱུང་བ་ཞིག་ཡིན། གྱང་ངོར་རི་མོ་འབྲི་བའི་སྦྱོང་བརྡར་བྱ་འགུལ་བརྒྱུད། བྱིས་པར་མི་མངོན་པའི་ནུས་པ་སྔོག་འདོན་བྱས་ནས་བྱིས་པའི་ཀླད་པའི་ཁྲོད་དུ་བྱ་དངོས་གསར་པ་མངོན་ཐུབ་པའི་ནུས་པ་སྐྱེད་བསྲིང་དང་། བྱིས་པའི་བསམ་བློའི་བཀོད་སྤྱོད་ཀྱི་ནུས་པ་འཕེལ་རྒྱས་གཏོང་ཐུབ།

གྱང་ངོ་ལ་རི་མོ་འབྲི་ཚར་དུས་གྲོགས་པོ་ཆུང་ཆུང་ཚོ་དང་མཉམ་དུ་འདྲ་པར།

ཆེས་སྙིང་ཉེ་བའི་ཕ་མ་གཉིས་དང་བྲལ་ནས་ཆ་རྒྱུས་མེད་པའི་ཁོར་ཡུག་ཁྲོད་དུ་ཡོང་བའི་སྐབས། བྱིས་པ་མང་ཆེ་བ་ངུ་བ་དང་སེམས་མི་བདེ་བར་རེད་འདུག་པས།བྱིས་པའི་ལོ་ཚོད་ཀྱི་ཁྱད་ཆོས་དང་ལུས་སེམས་འཕེལ་རྒྱས་ཀྱི་ཆོས་ཉིད་གཞིར་བཟུང་ནས། ཆེད་དུ་བརྗོད་གཞི་འདི་གྲུབ། ཁོ་ཚོས་དགའ་བའི་འགུལ་རིས་རི་མོ་བྲིས་ནས། ཁོ་ཚོས་རང་ཉིད་ཀྱི་དགའ་བའི་བྱ་དངོས་ལ་བརྟེན་ནས་བྱིས་སྐྱོང་ཁང་ལ་དགའ་བར་བྱེད་དགོས།

རི་མོ་འདིའི་བརྗོད་བྱ་གཙོ་བོ་བྱིས་པ་རྣམས་ལ་གནམ་གཤིས་ཀྱི་འགྱུར་ལྡོག་ཤེས་སུ་འཇུག་པ་དེ་ཡིན།

བྱིས་པས་རི་མོ་འབྲི་སྐབས་ཚོན་སྦྱོར་གྱི་ནུས་པ་མ་ཤེས་ཀྱང་ཁ་མདོག་སོ་སོ་ངོས་འཛིན་ཐུབ་པའི་ལྟ་བ་ཡོད་དགོས།

རྒྱུན་པར་ནང་དུ་འཛུལ་དུས་བག་ཡོད་བྱ་བ་དང་གཞན་ལ་གུས་ཞབས་ལྡན་པའི་ངང་བསྐྱོད་པ་དང་ཟས་སོགས་ལོངས་སུ་སྤྱོད་དུས་གྲོན་ཆུང་བྱེད་ནས་གཞན་ལ་འབྲེལ་འདྲིས་སྐབས་ངོ་གདོང་འཛུམ་གྱིས་ཁེངས་ནས་སོ་སོར་ཆས་དུས་གུས་ཞབས་ལྡན་པའི་ངང་བདེ་མོར་འཇོག་དགོས།

བྱིས་པ་ཚོས་ལྡོག་ཟླར་ངོས་འཛིན་ཐུབ་ཆེད་དུ་དཔེ་མཚོན་མང་པོ་སྔོག་འདོན་བྱེད་དགོས།

བྱིས་པས་གྱོན་ཆས་རིགས་ཉར་ཚགས་བྱེད་པ་དང་གྲ་འགྲིག་པོར་འཇོག་པ་ལ་རི་མོའི་ལམ་ནས་ཤེས་སུ་བཅུག་དགོས།

བྱིས་པའི་འཚར་ལོངས་བདེ་འཇགས་སློབ་གསོ་ལ་འདྲིས་ཟབ་ཆེ་བ་ནི་ཁྱིམ་ཚང་སློབ་གསོ་ལ་འབྲེལ་ཆེ་བས་བྱིས་པ་དང་ཁྱིམ་བདག་མཉམ་དུ་བདེ་འཇགས་དང་གཙང་སྦྲ་འཕྲོད་རྟེན་སློབ་གསོ་ལ་རོལ་མྱོང་བྱ་རྒྱུ་ནི་གལ་ཆེ་བས་རྒྱུན་དུ་སྐུལ་མ་བྱེད་དགོས།

ང་ཚོས་བྱིས་པའི་ཁྱིམ་བདག་་ལ་ཡང་སྤྱི་ཚོགས་སློབ་གསོ་དང་འབྲེལ་བའི་བྱ་སྤྱོད་ཀྱི་སྐབས་ཁྱིམ་བདག་ལ་ཡང་བག་ཡོད་ཚུལ་ལྡན་གྱི་གོམས་སྲོལ་ལ་འགྲེལ་བཤད་བྱེད་དགོས།

སློབ་གསོ་ནི་བྱིས་པ་ཞིག་གི་ལུས་ངག་ཡིད་གསུམ་གྱིས་བྲོ་བ་མྱོང་དགོས་པའི་བྱ་དངོས་ཞིག་ཡིན་པས་ང་ཚོས་ནམ་ཡང་འབྲེལ་བཤད་བྱེད་ཤེས་དགོས།

细节+过程=奇迹