བྱིས་པའི་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་གསོ་སྐྱོང་བྱས་ནས་ཁོང་ཚོར་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དེ་བས་ལེགས་པའི་སྒོ་ནས་དར་སྤེལ་བཏང་སྟེ་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་རྒྱ་ཆེ་ལ་གཏིང་ཟབ་པ་དང་རྒྱལ་སྟོན་དུས་ཆེན་གྱི་ཁྱད་ཆོས་མྱོང་ཚོར་ཐུབ་པ་བྱ་ཆེད་། ངེད་དུང་དཀར་བྱིས་སྐྱོང་ཁང་གི་བྱིས་པ་ཚོས་རྒྱལ་སྟོན་དུས་ཆེན་ལ་སླེབས་ལ་ཉེ་བའི་སྐབས་འདིར་ཕ་བུ་མཉམ་འབྲེལ་བྱས་ནས་དུས་ཆེན་ལ་རྟེན་འབྲེལ་ཞུས་ཏེ་མེས་རྒྱལ་གྱི་ཨ་མ་སྟོབས་འབྱོར་མངའ་ཐང་རྒྱས་པའི་སྨོན་འདུན་ཞུ་བཞིན་ཡོད།

རྒྱལ་གཅེས་རིང་ལུགས་བརྗོད་བྱ་གཙོ་བོར་བྱས་པའི་ཕ་བུ་མཉམ་འབྲེལ་གྱི་ལག་ཤེས་བཟོ་ལས་དང་མཛེས་རྩལ་ལ་བརྟེན་ནས་ཕྲུ་གུ་ཚོའི་རྒྱལ་གཅེས་ཀྱི་བརྩེ་སེམས་འཕེལ་བར་བྱས་པ་རེད་།

རྒྱལ་སྟོན་དུས་ཆེན་གྱི་སྐབས་སུ་བྱིས་པར་དུས་ཐོག་ཏུ་ལོ་རྒྱུས་འགའ་ཤེས་སུ་འཇུག་པ་དང་ཟླ10ཚེས1ཉིན་ནི་མེས་རྒྱལ་གྱི་ཨ་མའི་འཁྲུངས་སྐར་ཡིན་པ་ཤེས་སུ་བཅུག་ནས་བྱིས་པར་དེ་རིང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ལས་སླ་པོར་བྱུང་བ་ཞིག་མིན་པ་དང་སྐར་ལྔའི་དར་དམར་ནི་ཀྲུང་གོའི་རྒྱལ་དར་ཡིན་པ་དེ་བས་ཤེས་སུ་འཇུག་པ་དང་ཀྲུང་གོའི་རྒྱལ་གླུ་བརྗིད་ཉམས་ལྡན་ལ་སྟོབས་དང་ལྡན་པ་ཞིག་ཡོད་པ་དང་གནམ་བདེ་སྒོ་མོ་ཆེ་ནི་ཀྲུང་གོའི་རྒྱལ་སའི་མཚོན་རྟགས་ཤིག་ཡིན་།

ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་ལ་བསྐྱར་དྲན་དང་ཏང་གི་རླབས་ཆེན་གྲུབ་འབྲས་ལ་བསྟོད་གླུ་ཕུལ་ནས་ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་དགེ་སློབ་ཚོ་དང་མི་དམངས་མང་ཚོགས་ཀྱི་ཏང་གཅེས་དང་རྒྱལ་གཅེས་ཀྱི་སྤྲོ་སེམས་སྔར་བས་འཕེལ་བ་བྱས་ལ་ཁྱིམ་བདག་དང་བྱིས་པ་ཚོའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་།

ཐེངས་འདིའི་བྱེད་སྒོ་སྤེལ་བ་བརྒྱུད་ཕྲུ་གུའི་བསམ་པའི་བཀོད་ཤུགས་དང་གསར་གཏོད་ནུས་བ། དེ་བཞིན་ལག་པ་འགུལ་ནས་བཀོལ་སྤྱོད་བྱེད་པའི་ནུས་པ་གསོ་སྐྱོང་བྱས་པ་མ་ཟད་ད་དུང་ཕྲུ་གུ་དང་ཁྱིམ་བདག་མེས་རྒྱལ་གྱི་ཨ་མར་དགའ་ཞེན་བྱེད་པའི་བརྩེ་སེམས་དང་དུས་ཆེན་ལ་དོ་ཁུར་དང་ཤེས་རྟོགས་བྱེད་ཚད་མང་དུ་བཏང་བས་བྱིས་པས་མེས་རྒྱལ་ལ་བཅིངས་བའི་བརྩེ་སེམས་སྔར་བས་ཟབ་ཏུ་ཕྱིན་ཡོད་ལ་ཁོ་ཚོ་རླབས་ཆེན་མེས་རྒྱལ་ལ་དེ་བས་དགའ་ཞེན་བྱེད་ཀྱི་ཡོད་།