འབྲི་ཀློག་གཉིས་ནི་ཡོད་ཏན་ཀུན་གྱི་གཞི། །

དང་པོ་ཉིད་ནས་འདི་ལ་འབད་པར་གཅེས།

ལུས་ལ་ཞི་སྤྱོད་དམ་པའི་མེ་ཏོག་བཞད། །

ངག་ལ་འཇམ་པའི་རྐང་དྲུག་བུང་བ་རྩེན། །

ཡིད་ལ་འབྲས་བཟང་སེམས་ཀྱི་སྦྲང་རྩི་འཁྱིལ། །

བྲིས་པ་བསོད་ནམས་དཔལ་གྱི་སྨྱུག་རྩེ་ལ། །

རྩེ་ཆུ་རིང་མོ་གཡུ་འབྲུག་འཁྱུག་པ་བཞིན། །

རྩེ་གཞུང་ཕྱུག་མོ་བསོད་ནམས་ཕུན་ཚོགས་རྒྱས། །

མི་རིགས་རིག་གནས་དར་རྒྱས་ཡིན་མིན་ནི། །

སྐད་དང་ཡི་གེ་ཡོད་མེད་སྟེང་ནས་ཕྱེ། །

རིག་གནས་སྤེལ་དང་གནས་བའི་ལག་ཆ་ཡང་། །

ཡིག་རིགས་ལས་གཞན་ཐབས་གཞན་ཡོད་མ་ཡིན། །

ཡི་གེ་སྦྱངས་འདོད་ཐོག་མ་རུ། ། འདི་འདྲའི་ཚུལ་གྱིས་ལམ་ལ་བཀྲི །

རི་མོ་རྣམས་ཀྱི་ནང་ནས་ཕུལ་བྱུང་བ། །

བརྗོད་དོན་གསལ་ལེར་མཚོན་པའི་ཡི་གེའི་གཟུགས། །

གང་དག་ཡི་གེ་འབྲི་བ་པོ། །

སྙོམས་གཙང་འགྲིག་གསུམ་ལྡན་པ་དང་། །

ལེགས་མགྱོགས་དག་གསུམ་དྲུག་ཚང་ན། །

མཁས་པའི་གོ་ས་ཐོབ་པ་ཡིན། །