ཉིན་ཐོའི་ཆེད་བསྒྲིགས་ཚགས་པར་གྱི་རྩོམ་བསྡུའི་བརྡ་ཐོ།

玛曲县小学藏语文学科研修基地

ཉིན་ཐོའི་ཆེད་བསྒྲིགས་ཚགས་པར་གྱི་རྩོམ་བསྡུའི་བརྡ་ཐོ།

ཡུལ་རྨ་ཆུའི་སློབ་ཆུང་སློབ་གྲྭ་ཡོངས་ལ།

གཏམ་གྱི་ཐོག་མ་ལ་ཁམས་བདེ་ཞུ།སྙན་དུ་འབུལ་བྱའི་གཏམ་གྱི་སྙིང་བོ་ནི།རྨ་ཆུ་རྫོང་སློབ་ཆུང་བོད་སྐད་ཡིག་བསླབ་ཚན་གསོ་སྦྱོང་ཞིབ་འཇུག་ལྟེ་གནས་ཀྱི་སློབ་སྐབས་འདིའི་ཟླ་རེའི་བྱ་གཞག་ཡར་སྤེལ་རེའུ་མིག་གི་ནང་དོན་ལྟར་ཟླ་དགུ་བར་ཉིན་ཐོའི་ཆེད་བསྒྲིགས་ཚགས་པར་ཞིག་བསྒྲུབ་འཆར་ཡོད་པས་དེ་ལ་ཉིན་ཐོ་བསྡུ་རྒྱུ་ཡིན།

༡ དམིགས་ཡུལ།

ཇུས་ཀྱི་དཀྱིལ་འཁོར་དང་གདན་པ་ལྔའི་ཁ་ཕྱོགས་ལྟར་ཚིག་སྦྱོར་གྱི་དཔལ་འཕེལ་བ་དང་བརྡ་སྤྲོད་ལ་གདེང་རྙེད་པ།སྐད་ཆའི་ལང་ཚོ་སྨིན་པར་ཚིག་སྒྲིག་དང་ཉིན་ཐོ།རྩོམ་ཡིག་བཅས་འབྲི་བར་ཡུལ་དུས་གང་ལེགས་བསྐྲུན་རྒྱུ་གཞིར་བཟུང་སྟེ།ཐེངས་འདིར་ཉིན་ཐོའི་ཆེད་བསྒྲིགས་ཚགས་པར་ཞིག་བསྒྲུབ་རྒྱུའི་འཆར་གཞི་བཀོད་པ་ཡིན།

༢ ཆ་རྐྱེན།

ཀ ཉིན་ཐོའི་རྣམ་གཞག་ཁ་ཚང་ལ་ནང་དོན་ཕུན་སུམ་ཚོགས་པ།

ཁ། བསྡུ་ཡུལ་ནི་ལོ་རིམ་གསུམ་པ་ནས་ལྔ་བའི་བར་ཡིན།སློབ་གྲྭའི་མིང་དང་འཛིན་གྲྭ། སློབ་མའི་མིང་དང་མཛུབ་སྟོན་དགེ་རྒན་གྱི་མིང་བཅས་ཁ་གསལ་བོར་འབྲི་དགོས།

ག མཛུབ་སྟོན་དགེ་རྒན་ནས་སློབ་མའི་མ་རྩོམ་ལ་བརྩི་བཀུར་ཡོད་པའི་སྒོ་ནས་ཞུ་དག་གང་ལེགས་བྱས་རྗེས་གློག་རྡུལ་གྱི་ལམ་ནས་སོ་སོའི་སློབ་གྲྭའི་རྨ་ཆུ་རྫོང་སློབ་ཆུང་བོད་སྐད་ཡིག་བསླབ་ཚན་གསོ་སྦྱོང་ཞིབ་འཇུག་ལྟེ་གནས་ཀྱི་ཚོགས་མིར་སྤྲད་པས་ཆོག ཚོགས་མིས་ཚོ་ཆུང་སོ་སོའི་འགན་འཛིན་པར་སྤྲད་ན།ཆུ་ཁ་མ་སློབ་ཆུང་དུ་ཡོད་པའི་རྨ་ཆུ་རྫོང་བོད་སྐད་ཡིག་བསླབ་ཚན་གསོ་སྦྱོང་ཞིབ་འཇུག་ལྟེ་གནས་ཀྱི་ཚོགས་མི་དང་ཆུ་ཁ་མ་རྩོམ་སྒྲིག་ཁང་གཉིས་ནས་ཡར་སྤྲད་པའི་ཉིན་ཐོ་ཀུན་ལས་ལེགས་གྲས་སྐོར་ཞིག་བདམས་ནས་ཚགས་པར་བཟོ་རྒྱུ་ཡིན།

ང་།ཉིན་ཐོ་སྔར་གཞུང་སྒེར་གང་རུང་གི་ཚགས་པར་དང་དེབ་སོགས་སུ་མ་བཀོད་པའི་རྩོམ་གསར་ཡིན་དགོས་ལ་བཤུས་རྩོམ་གཏན་ནས་ཡིན་མི་ཆོག

ཅ།ཚགས་པར་དུ་བཀོད་པའི་སློབ་མའི་ཉིན་ཐོ་རེ་ལ་རྩོམ་ཡོན་སྒོར་༢༠ཡོད།

ཚགས་པར་སློབ་གྲྭ་སོ་སོར་འགྲེམ་སྤེལ་བྱ་རྒྱུ་ཡིན།

༣ ཉིན་ཐོ་བསྡུ་ཡུན།

སྤྱི་ལོ་༢༠༢༡ལོའི་ཟླ་༩་ཚེས་༢༡ཉིན་ནས་ཟླ་༩་ཚེས་༣༠བར་བསྡུ་རྒྱུ་ཡིན།རྩོམ་བསྡུ་ཡུན་གྱི་དུས་ལས་འདའ་ན་དགོངས་དག་ཞུ་རྒྱུ་ལས་མེད་པས་ཐུགས་འཇགས་འཚལ།

༤ ཟུར་བཀོད།

ཀ ཇུས་ཀྱི་དཀྱིལ་འཁོར།

ཁ། གདན་པ་ལྔ།

སྨོན་ལམ་ཡིག་རྒྱུན།

མཁས་དབང་དྲུང་ཡིག་སྨོན་ལམ་རྒྱ་མཚོའི་《བརྒྱུད་ལྡན་བོད་ཀྱི་ཡིག་གཟུགས་བློ་གསལ་སྤྱི་ནོར》བསླབ་གཞིར་བཟུང་སྟེ་ཁོང་གི་ཡིག་གཟུགས་ཀྱི་མ་དཔེ་བྲིས་ལེགས་ཤིང་བརྒྱུད་ཁུངས་ལྡན་པ་འདི་ཉིད་སྐལ་ལྡན་སློབ་བུའི་རྒྱུད་ལ་འཇོག་རྒྱུར་སྲལ་བ་བྱེད་སྒང་ཡིན།

ཀློག་གི་ས་ཆོད།

ལས་དང་པོ་བའི་སློབ་གྲོགས་ཚོར་ཐོག་མར་བོད་སྐད་གྱ་དག་ཅིག་གིས་ངག་སྒོ་འབྱེད་པ་ནས་སྨྲ་ལྕེ་དག་པོས་ཀློག་ལ་བྱང་ཆ་འཁོར་བར་གཟས་ནས། ལོ་རིམ་དང་པོའི་གནས་སྐབས་འདིར་ཀློག་སློབ་པ་གནད་དུ་བཟུང་ཡོད།

རིགས་ལམ་གསར་འདོན་གྱི་སློབ་ཁྲིད།

དཔེ་ཁྲིད་ཀྱི་ནང་དོན་སྣ་ཚོགས་པར་གཞིག་ནས་དེ་བསྟུན་གྱི་རིགས་ལམ་གསར་བས་ཤེས་བྱའི་གནད་འདོན་པ་དང་སློབ་མའི་འཆར་སྒོ་ཡངས་པོར་འབྱེར་པར་བརྩོན་བཞིན་ཡོད།

ཤེར་སྡོང་འདུན་མ།

ཁྲིད་ལ་དོགས་གཅོད་ཡོང་བ་དང་རྒྱུད་ལ་ཤེས་རབ་འཕེལ་བའི་ཕྱིར་དཔྱད་གླེང་གི་འདུན་མ་བསྡུས་ཏེ་སློབ་ཁྲིད་ཀྱི་བྱ་བ་ཕུན་ཚོགས་ཇེ་ཚོགས་ཡོང་བར་མཐུན་རྐྱེན་སྦྱར་ཡོད།

ཚིག་གི་སྡེབ་སྦྱོར།

ཚིག་སྦྱོར་གྱི་དཔལ་འཕེལ་བ་དང་བརྡ་སྤྲོད་ལ་གདེང་རྙེད་པ།སྐད་ཆའི་ལང་ཚོ་སྨིན་པར་ཚིག་སྒྲིག་དང་ཉིན་ཐོ།རྩོམ་ཡིག་བཅས་འབྲི་བར་ཡུལ་དུས་གང་ལེགས་བསྐྲུན་སྒང་ཡིན།

རྨ་ཆུ་རྫོང་སློབ་ཆུང་བོད་སྐད་ཡིག་བསླབ་ཚན་གསོ་སྦྱོང་ཞིབ་འཇུག་ལྟེ་གནས་ཀྱིས།

སྤྱི་ལོ་༢༠༢༡ལོའི་ཟླ་དགུ་བའི་ཚེས་༢༡ཉིན་སྦྱར།