ལས་བརྒྱའི་ཕུགས་འདུན་མི་བརྗེད་པར།།མི་གཞི་གསོ་སྐྱོང་ལས་ལ་འབད།།

美友14605427

ས་འཛིན་སྒེག་མོས་གསེར་མདོག་གི་གོས་བཟང་བཀླུབས་པ་དང་བཅས་ཏེ།འུ་ཅག་གི་སྐབས་༣༧པའི་རྒྱལ་སྤྱིའི་དགེ་རྒན་དུས་ཆེན་དུས་ཐོག་ཏུ་སླེབས་བྱུང་།འདི་ནས་དུས་ཆེན་འདི་དང་འགྲོགས་ནས།གནམ་འོག་གི་དགེ་རྒན་དག་གི་དུས་ཆེན་ལ་རྟེན་འབྲེལ་ཞུ་ཞིང་།ཁྱད་པར་གྲངས་ཉུང་མི་རིགས་ས་ཁུལ་གྱི་གཞི་རིམ་སློབ་གསོའི་ལས་ཀ་ཡར་ངོས་ཟླ་བཞིན་འཕེལ་ཞིང་།སློབ་གསོའི་ལས་ལ་གཞོལ་བའི་མིའི་རིགས་ཀྱི་རྣམ་ཤེས་ཀྱི་བཟོ་བོ་དག་གིས།མི་གཞི་ལེགས་ཤིང་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དོན་ལ་ཞབས་ཞུ་ལེགས་པོར་འོང་བའི་མི་རབས་རྗེས་མ་མང་ཙམ་གསོ་སྐྱོང་ཐུབ་པའི་སྨོན་འདུན་ཞུ་བ་ལགས།

ཚེས་བཅུའི་ཉིན།དགེ་རྒན་དག་ལ་སྔ་མོ་ནས་སློབ་བུ་དག་གི་ལྷད་མེད་དྭངས་གཙང་གི་སེམས་ཁམས་མཚོན་པའི་ཁ་བཏགས་ཕུལ་ཞིང་།སློབ་མ་ཚོས་སློབ་ཁང་དང་སློབ་རའི་ཁྱོན་ཀུན་ཏུ་ཁ་བཏགས་ཡུག་གཅིག་རེ་བཟུང་ནས་རྒྱུག་བཞིན་པ་དེས།ནམ་རྒྱུན་ཉོག་འཛིང་གི་སློབ་ཁྲིད་དང་སློབ་གསོའི་ལས་ལ་ཞུགས་པའི་དགེ་རྒན་དག་ལ་སེམས་གསོ་ཏོག་ཙམ་དང་རབ་ཏུ་གཅོང་པའི་ལུས་སེམས་ལ་ངལ་གསོའི་གོ་སྐབས་ཐེངས་གཅིག་སྦྱིན་པ་ཅི་ལ་མིན།

ཕྱི་དྲོར་རང་སློབ་གྲྭའི་དགེ་བཟོ་ཡོངས་ཀྱིས་ཁྱད་ཆོས་ལྡན་པའི་དུས་ཆེན་རྩེད་མོ་ལས་ཤིང་།དགེ་རྒན་དག་བོད་ཡིག་ཚན་ཆུང་དང་གྲངས་རིག་ཚན་ཆུང།རྒྱ་ཡིག་ཚན་ཆུང་བཅས་ཚན་ཆུང་གསུམ་ཏུ་བགོས་ནས་འགྲན་རྩོད་གྱི་ལས་འགུལ་བྱས་ཤིང་།ཚན་ཆུང་ནང་ཁུལ་མཐུན་སྒྲིལ་ཡར་སྐུལ་གྱིས་རྩེད་མོར་ཞུགས་ཤིང་།ཚན་ཆུང་ཕན་ཚུན་བར་མཛའ་བརྩེ་དང་པོ།འགྲན་སྡུར་གཉིས་པའི་སྒོ་ནས་འགྲན་སྡུར་ལ་ཞུགས་པའོ།།

འགྲན་བསྡུར་དང་པོ།ཐག་འཐེན།

ཚན་ཆུང་སོ་སོས་གཟུགས་བཞིའི་ནུས་ཤུགས་ཕྱོགས་གཅིག་ཏུ་བསྒྲིམས་ཤིང་།སེམས་ཀྱི་གཏད་སོ་རྒྱལ་ཁ་ལ་དམིགས་ཏེ་ཐག་པ་འཐེན་བཞིན་པའི་རྣམ་པ།

འགྲན་བསྡུར་གཉིས་པ།མཐུད་རྒྱུགས།

ཚན་ཆུང་གི་རྒྱལ་ཁའི་ཆེད་དུ་ནུས་ཤུགས་ཡོད་ཚད་ཕུད་ནས་རྒྱུགས་བཞིན་པ།

འགྲན་བསྡུར་གསུམ་པ།རྐུབ་སྟེགས་འཕྲོག་པ།

སུའི་ལག་མགྱོགས་དང་རྐང་མྱུར་ལ་འགྲན་པ།

འགྲན་བསྡུར་བཞི་པ།གག་པ་འཛིན་པ།

བློ་རིག་སུས་མྱུར་འགྲན་པ།

འགྲན་བསྡུར་ལྔ་པ།ཆུ་བསྐྱོར་མཐུད་རྒྱུགས།

བརྟན་ཞིང་བརླིང་བར་འགྲན་པ།

འགྲན་བསྡུར་དྲུག་པ།ལོང་པས་ཟས་སྦྱིན།

གཅིག་རྒྱུས་གཅིག་ལ་མངའ་མིན་གྱི་འགྲན་སྡུར།

འགྲན་བསྡུར་བདུན་པ།སྤོ་ལོ་འགྲན་བསྡུར།

ཐབས་ཤེས་དང་ལུས་པོའི་ནུས་ཤུགས་ཀྱི་འགྲན་བསྡུར།

སྤྲོ་སྐྱིད་དང་དགོད་སྒྲའི་ཁྲོད།ཕྱི་དྲོའི་དུས་ཚོད་དབལ་གྱིས་འདས་ལ།འགྲན་སྡུར་གྱི་བརྒྱུད་རིམ་ཧྲུལ་བོ་རྔུལ་ཆུ་དང་འཁུན་སྒྲ་ཡིས་ཁེངས་ཀྱང་།གོ་རིམ་ལ་མཐུན་སྒྲིལ་དང་རོགས་རམ།ཡིད་ཆེས།རྒྱབ་སྐྱོར་གྱིས་ཁེངས་པས།སུས་ཀྱང་མཇུག་མཐའི་རྒྱལ་ཁ་དེ་རྒྱལ་ཁ་རང་དུ་བརྩི་བཞིན་མེད།

ཕྱི་དྲོ་དགེ་རྒན་དག་ཟ་ཁང་དུ་འཛོམས་ནས་དུས་ཆེན་ལ་རོལ་ཞིང་།སྤྲོ་སྐྱིད་ཀྱིས་ཁེངས་པའི་ཉིན་འདི་སོང་རྗེས།ང་ཚོའི་རྒྱབ་ཏུ་མིག་ཟུང་གིས་ཅེ་རེར་བལྟ་བའི་སློབ་མ་དང་ཁྱིམ་བདག་དག་གི་ཆེད་དུ་སང་ཉིན་ནི་འབད་པ་བརྒྱ་འགྱུར་གྱིས་སློབ་གསོའི་ལས་ལ་གཞོལ་བར་གདོམ་མི་ཟའོ།།