སྐབས་སོ་དགུ་བའི་དགེ་རྒན་དུས་ཆེན་བསུ་བ་དང་ཆབས་ཅིག་བུ་ཆུང་གི་སྐྱེས་སྐར་ལ་བསུ་བ་བྱེད།

དགེ་རྒན་ནི་མུན་སེལ་གྱི་སྒྲོན་མེ་ཡིན།

དགེ་རྒན་ནི་ཤེས་རིག་གི་སྒོ་འབྱེད་ཡིན།

དགེ་རྒན་ནི་བསིལ་སྦྱིན་གྱི་ཟླ་བ་ཡིན།

དགེ་རྒན་ ཐ་སྙད་ཀྱི་མིང་བརྡ་ཁུར་བའི་ལྷ་བྱ་ཁུ་བྱུག

ནར་མ་སོན་པའི་བྱིས་པ་ཚོའི་འབྱུང་འགྱུར་གྱི་ཕྱིར་ཏུ

ཁ་ཆར་དང་བུ་ཡུག་གདོང་གིས་བསུས་ཀྱང་།

གོ་ས་དང་རང་མཁོ་ཅི་ཡང་མེད་པར

ཁུ་སུམ་མེར གཉོམ་ཆུང་གིས་བཞུད་མཁན

བརྩེ་བ་རྒྱ་མཚོ་ལས་གཏིང་ཟབ་ཅིང་དུང་བ་རི་རབ་ལས་དཔང་མཐོ།

ལྷག་བསམ་དཀར་བོ་བྱང་ཆུབ་སེམས།།

བརྩོན་སེམས་མི་ཆད་ཆུ་མོའི་རྒྱུན།།

བྱིས་པའི་བློ་རྨོངས་སེལ་བའི་མགོན།།

དཀའ་སྡུག་རྔུལ་ཆུའི་ས་བོན་གཏོར།།

ཤེས་རིག་བདུད་རྩི་སློབ་བར་བསྩལ།།

བརྩེ་སེམས་འོ་ཆུ་གཅིག་ཏུ་འདྲེས་པའི་ལས་མཐུན་ཚོགས།

དགེ་རྒན་ སློབ་མ་ཚོའི་རེ་བ་བཅོལ་ས།

ཁྱོད་ཀྱིས་ས་སྨྱུག་གི་དར་ཆ་འཕྱར་བཞིན།

སྒོ་སམ་གྱི་རྩྭ་ཐང་ཡངས་པོར།བཀྲ་ཤིས་པའི་ཕྱག་རྗེས་ཕབ་པ་ནས་བཟུང་།

ཆེས་ཐོག་མའི་དཀར་ནག་གི་སྤྱི་འགྲོས་ལ།

ཡིད་ཆེས་ཀྱི་ཁ་གཡང་རྨང་ནས་བསྒྲགས།

མཐུན་སྒྲིལ་གྱི་ཨ་ལོང་གཅིག་ཏུ་སྦྲེལ་བའི་ངའི་ལས་མཐུན་ཚོ།

གཞན་ཕན་གྱི་བསམ་བློ་རྒྱུད་ན་མངའ་བའི་འཇིག་རྟེན་གྱི་མགོན་པོ། ཞོགས་པའི་ཉི་མ་འདྲེན་པའི་སྐྱ་རེངས་དང་པོ

སློབ་བུ་ཚོའི་མིག་ཟུང་ན་འཚེར་བའི་བཅོ་ལྔའི་དུང་ཟླ།

སྲོག་གི་ལྗོན་པར་ལྕགས་ཀྱི་ཀ་བས་སྲུངས།།

ཚེ་ཡི་གཙང་བོ་རྨ་འབྲིའི་རྒྱུན་གྱིས་སྲུངས།།

རླུང་རྟའི་དགེ་མཚན་རྨ་རྒྱལ་གངས་ཀྱིས་སྲུངས།།

ཨ་མའི་གཅེས་ལོའི་བསམ་དོན་ལྷུན་འགྲུབ་ཤོག།

ཨ་མའི་སེམས་ཀྱི་མར་མེ་ཚེ་འབར་ཡིན།།

ཨ་ཕའི་སེམས་ཀྱི་རེ་བའི་རི་མོ་ཡིན།།

ཤ་མར་ཐུལ་གྱིས་སྡེར་ཀ་མ་བཤམས་ཡང་།།

ཁ་གཡང་ཚིག་གིས་བུ་ཆུང་སྐྱེས་སྐར་བསུ།།

ཉིས་སྟོང་ཉེར་གསུམ་ལོའི་སྤྱི་ཟླ་དགུ་བའི་ཚེས་བཅུ་ཉིན།