ང་ཚོ་སློབ་མགོ་ཚུགས་སོང་།

美友14605427

ཉག་ཆུ་རྫོང་སློབ་གསོ་དང་ལུས་རྩལ་ཅུས་ཀྱི་བཀས་བཀོད་བཞིན།བགྲང་བྱ་ཉེར་གཅིག་ལོའི་སྟོན་དུས་སློབ་སྐབས་ཀྱི་སློབ་འཛུགས་དུས་ཚོད་ཟླ་དགུ་པའི་ཚེས་གཅིག་ལ་གཏན་འབེབ་བྱས་ཤིང་།ངེད་སློབ་གྲྭའི་དགེ་བཟོ་དག་གིས་སློབ་བུ་དག་གིས་མིང་ཐོ་འགོད་པར་ཆ་རྐྱེན་གང་ལེགས་ཀྱི་མཐུན་རྐྱེན་བསྒྲུབ་ཆེད།ཟླ་༨ཚེས་༣༠ཉིན་ནས་ཆད་ལྷག་མེད་པར་སློབ་གྲྭར་ལོག་ཤིང་།

ཚེས་༣༡ཉིན་ལ་སྟོན་དུས་སློབ་སྐབས་ཀྱི་ལས་དོན་བཀོད་འདོམས་ཚོགས་འདུ་འཚོག

ཚོགས་འདུར་ལས་རིམ་བཞི་སྟེ།

ལས་རིམ་དང་པོར་སློབ་སྟོན་པ་འོད་ཟེར་ལགས་ཀྱིས་སློབ་སྐབས་འདིའི་དངོས་ཡོད་གནས་ཚུལ་ལ་གཞུག་པའི་མི་སྣའི་བརྐོ་བཞག་དང་།སློབ་ཐུན་བཀོད་སྒྲིག་གི་འགྱུར་བ།སློབ་ཐུན་དངོས་ལ་གཞུག་གོང་གི་སློབ་ཁྲིད་གྲ་སྒྲིག་དང་།སློབ་ཁྲིད་ལ་མཉན་པ།སློབ་དཔྱོད་ཁང་སོ་སོའི་སློབ་དཔྱོད་ལས་འགུལ་བཅས་ལ་བླང་བྱ་ཞིབ་ནན་བཏོན།

ལས་རིམ་གཉིས་པར་སློབ་གཙོ་གཞོན་པ་ཀོ་གྲྭ་ལང་ལགས་ཀྱིས་སློབ་འཛུགས་སྔོན་དུ་མངོན་མེད་ཉེན་གནས་ལ་ཞིབ་བཤེར་བྱ་དགོས་ཚུལ་དང་།སློབ་གྲྭ་འཚོག་ཚར་རྗེས་ཀྱི་སློབ་མའི་སྤྱིར་བཏང་འཚོ་བའི་བདེ་འཇགས་དང་།སློབ་མའི་ཟ་ཁང་དོ་དམ་བཅས་ཀྱི་ཐད་ལ་བླང་བྱ་བཏོན།

ལས་རིམ་གསུམ་པར་གཞུང་ལས་ཁང་གི་ཀྲུའུ་རེན་པོ་ཅན་ལགས་ཀྱིས་ཏང་འཛུགས་ལས་དོན་ཐད་ཀྱི་འཆར་གཞིའི་བཀོད་སྒྲིག་དང་།དགེ་རྒན་གྱི་ཟ་ཁང་གི་དོ་དམ་བཅས་ཀྱི་ཐད་ལ་བླང་བྱ་བཏོན།

མཇུག་ཏུ་ཚོགས་འདུ་འདིའི་མདོ་འཛིན་པ་སློབ་གཙོ་ཚེ་རིང་ལོ་བརྒྱ་ལགས་ཀྱིས་གོང་གི་བཤད་ཟིན་པའི་ཚན་པ་དག་ལ་ཁ་གསབ་དང་།སློབ་གྲྭ་སྤྱིའི་ལས་དོན་ཐད་ལ་བླང་བྱ་གང་མང་བཏོན།

ཚེས་གཅིག་ཉིན་གང་བོར་སློབ་གསར་དང་སློབ་རྙིང་དག་གིས་མིང་ཐོ་བཀོད་ཅིང་།ཁྱད་པར་སློབ་རྙིང་ཚོའི་སློབ་སྐབས་སྔོན་མའི་བསླབ་ཚན་སོ་སོའི་ལས་བྱ་ཞི་དག་གཟབ་ནན་བྱས་ནས་ཐོ་འགོད་བྱས་ཤིང་།སློབ་གསར་དག་གིས་མིང་ཐོ་བཀོད་སྐབས་ནས་རྗེས་མར་ཉེ་བར་མཁོ་བའི་ཁྱིམ་ཐོ་དང་།དབུལ་དཔང་དག་བསྐྱར་དཔར་བྱས་ནས་ཉར་ཚགས་བྱས།

ཕྱི་ཉིན་སྔ་དྲོར་སློབ་སྐབས་གསར་བའི་སློབ་ཐུན་དང་པོ་འཚོག་ཅིང་།ཚོགས་ཐུན་སྐབས་སུ་སློབ་མ་དག་ལ་ནད་ཡམས་སྔོན་འགོག་དང་།ནགས་ཚལ་མེ་འགོགརྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ།ཆུས་ཁུར་ཉེན་གཡོལ།འགྲུམ་འགྲུལ་བདེ་འཇགས།བཅས་དོན་ཚན་འགའི་ཐད་ནས་སློབ་ཁྲིད་འཚོག་ལ།ཕྱི་དྲོའི་དུས་སུ་སློབ་གྲྭ་སྤྱིའི་ཁོར་ཡུག་ཡོངས་དང་།འཛིན་གྲྭ་སོ་སོའི་སློབ་ཁང་བཅས་ལ་གཙང་སྦྲ་ཅ་དག་བྱས་རྗེས།སློབ་མ་དག་ལ་སློབ་སྐབས་གསར་བའི་བསླབ་དེབ་དག་སྦྱིན།

ཉག་ཆུ་རྫོང་མགོ་ལོག་ས་ཁུལ་བཅའ་སྡོད་སློབ་གྲྭས།

ཕྱི་ལོ་༢༠༢༡ལོའི་ཟླ༩པའི་ཚེས༣ཉིན་སྦྱར།