ཐུགས་རྒྱུད་མཁའ་ལྟར་ཡངས་པའི་ཁྱིམ་བདག་རྣམ་པ་དང་བློ་རིག་གློག་ལྟར་མྱུར་བའི་སློབ་གྲོགས་ཚོ་ཚང་མའི་སྐུ་ཁམས་བཟང་།

འབྲས་ལྡན་སྟོན་དུས་ཀྱི་སྙེ་མ་ཁུར་གྱིས་དུད་པའི་དུས་བཟང་དང་སྡོངས་ནས་སླར་ཡང་རེ་བ་དང་ཡིད་ཆེས་ཀྱི་ཁེངས་པའི་སློབ་སྐབས་གསར་བ་ཞིག་ལ་དབུ་ཁྱུད་འབྲི་མགོ་བརྩམས་བྱུང་། དེ་བས་ང་ཚོ་ཚང་མས་ཤེས་རིག་མར་ལོའི་བཅུད་ལ་རོལ་ནས་མ་འོངས་ས་སྒང་གོ་ལ་ཟླུམ་པོར་རང་གི་ལང་ཚོ་འབུལ་བའི་སྤོབས་པ་དང་རེ་བ་རུམ་གང་ཁྱེར་ནས་སློབ་སྐབས་གསར་བ་འཛུམ་གྱིས་བསུ།

ང་ཚོ་མཉམ་དུ་འཛོམ་པའི་རྟེན་འབྲེལ་གྱི་དབུ་ཁྱུད་འབྲི་ལ་ཉེ་བའི་དུས་འདིར་སྟ་གོན་བྱེད་རྒྱུ་འགའ་ཡོད་པ་གཤམ་གསལ།

གཅིག སློབ་གྲྭའི་དགེ་བཟོ་པའི་སྤྱི་ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན་གྱི་དུས་ཚོད་10:00སྟེང་མིང་ཐོ་འགོད་རྒྱུ་ཡིན།

གཉིས། སྤྱི་ཟླ་དགུ་བའི་ཚེས་གཉིས་ཉིན་སློབ་མ་རྙིང་བའི་མིང་ཐོ་འགོད་རྒྱུ་ཡིན། སློབ་གྲོགས་ཚོས་སློབ་ལྭ་གྱོན་ཏེ་དབྱར་གནང་གི་ལས་བྱ་ཡོངས་འགྲུབ་བྱས་ཚར་དུ་བཅུག་ནས་སློབ་གྲྭར་འོང་དགོས།

གསུམ སློབ་མ་གསར་བའང་སྤྱི་ཟླ་དགུ་བའི་ཚེས་གཉིས་ཉིན་མིང་ཐོ་འགོད་རྒྱུ་དང་། མིང་ཐོ་འགོད་དུས་ཁྱིམ་ཐོའི་མ་ཡིག་དང་འགོག་ཁབ་ཟིན་ཐོ། དབུལ་ཁྱིམ་སློབ་མའི་དབུལ་ཁྱིམ་ལག་རྟགས་སོགས་ཁྱེར་ཡོང་དགོས།

བཞི གྱོན་པ་ཚད་ལྡན་ཡིན་ཞིང་སྐྲ་བཞར་ཚད་རན་ལ་མདོག་མི་བསྒྱུར་བ། རྒྱན་ཆ་མི་འདོགས་པ། ལག་ཁྱེར་ཁ་པར་དང་ཞོར་ཟས། མཚོན་ཆའི་རིགས་ཁྱེར་ཡོང་མི་ཆོག

ལྔ དབྱར་གནང་སྐབས་ཞིང་ཆེན་ཕྱི་རུ་སོང་པའི་སློབ་མས་དུས་ཚོད་༤༨ནང་གི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ (核酸检测) དང་ཉིན་བཅུ་བཞིའི་རིང་ལོགས་བཀར་(隔离) བྱས་པའི་བདེན་དཔང་ཡི་གེ་ཁྱེར་ཡོང་དགོས་པ་མ་ཟད། གཞན་ཡང་ཧྲིལ་ལོ་བཅུ་གཉིས་དང་དེའི་ཡན་ལོན་པའི་སློབ་མས་པྲོག་དབྱིབས་ནད་དུག་གི་འགོག་ཁབ་རྒྱག་དགོས་ལ་མིང་ཐོ་འགོད་དུས་འགོག་ཁབ་བརྒྱབ་པའི་དཔང་ཡིག་ཡང་ཁྱེར་ཡོང་དགོས།

དྲུག སློབ་གྲྭར་ཡོང་དུས་སུ་ཁྱིམ་བདག་དང་སློབ་མ་གཉིས་ཀྱིས་ཁ་ཐུམ་རྒྱག་དགོས།

གོང་གསལ་གྱི་དོན་བྱ་མཐའ་དག་ལ་དོ་སྣང་རེ་བྱ་རོགས།

འབའ་རྫོང་ཕྱུགས་ར་མི་རིགས་བཅའ་སྡོད་སློབ་གྲྭ་ནས།

2021ལོའི་ཟླ8པའི་ཚེས27ཉིན།