ཐུན་ཏེ་རྫོང་ཕྱུགས་ར་བཅའ་སྡོད་སློབ་ཆུང་གི་དགེ་བཟོ་བ་དང་སློབ་མ། ཁྱིམ་བདག་རྣམས་ལ་སྤྲིངས་པའི་ཏོག་དབྱིབས་རིམས་ནད་སྔོན་འགོག་སྐོར་གྱི་འཕྲིན་ཡིག

གུས་པར་འོས་པའི་དགེ་རྒན་རྣམ་པ་དང་ཁྱིམ་བདག་རྣམ་པ། སྙིང་ཉེ་བའི་སློབ་གྲོགས་ཚོ་ཁྱེད་ཚོ་བདེ་མོ་ཡིན་ན།

ཉེ་ཆར་རང་ཞིང་དུ་ཏོག་དབྱིབས་རིམས་ནད་ཅན་གྱི་ནད་པ་རེ་འགའ་གཏན་འབེབས་བྱས་པས། ང་ཚོར་རིམས་ནད་ཀྱི་ཉེན་ཁ་སྔར་བཞིན་གནས་ཡོད་པས་ནམ་རྒྱུན་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཐད་སྣང་མེད་དང་ལྷོད་གཡེང་ཅུང་ཙམ་ཡང་བྱེད་མི་རུང་བའི་དྲན་སྐུལ་བྱས་པ་རེད།དེ་བས་དགེ་བཟོ་བ་དང་སློབ་མ། ཁྱིམ་བདག་ཚོར་གཤམ་གསལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་གྱི་བླང་བྱ་འགའ་བཏོན་པ་ཡིད་ལ་འཇགས་པར་ཞུ།

全力配合防疫人员工作。

佩戴口罩

经常测温

保持通风

拒绝聚集

不要造谣

相信科学

按时消毒

坚持锻炼

དགེ་སློབ་སུ་ཡིན་ཡང་ཚ་རྒྱག་པ་དང་། གློ་ལུ་རྒྱག་པ། ལུས་ཟུངས་ཞན་པ། མིད་པ་ན་བ། གྲོད་པ་བཤལ་བ་སོགས་མི་བདེ་བའི་ནད་རྟགས་བྱུང་ན། འཕྲལ་མར་ཐག་ཉེ་སའི་ཚ་རྒྱས་སྒོ་བསྟེན་སྨན་བཅོས་ཁང་དུ་སྨན་བཅོས་བྱེད་པར་འགྲོ་དགོས་པ་དང་། སྨན་པ་ལ་རང་ཉིད་ཀྱི་འགྲོ་འདུག་སྤྱོད་གསུམ་གྱི་ལོ་རྒྱུས་ཇི་མ་ཇི་བཞིན་བཤད་དགོས། སྨན་བཅོས་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ངེས་པར་དུ་ཁ་རས་རྒྱག་དགོས་ཤིང་སྨན་ཁང་ལ་འགྲོ་དུས་ཀྱང་རབ་ཡིན་ན་རང་གི་རླངས་འཁོར་རམ་རྐང་ཐང་དུ་འགྲོ་བ་ལས་སྤྱི་སྤྱོད་རླངས་འཁོར་ལ་འདུག་མི་རུང་།

བཟའ་བཏུང་བདེ་འཇགས་ཐད་ནས་ཀྱང་དུས་རྒྱུན་ཤ་སོགས་རྗེན་ཟས་ཀྱི་རིགས་ཉོ་དུས་གཅིག་ནས་ཚད་ལྡན་ཚོང་ཟོག་ཡིན་མིན་དང་གཉིས་ནས་དེ་ཡི་ཡོང་ཁུངས་ལ་བརྟག་དཔྱད་བྱས་རྗེས་ཉོ་དགོས་ལ། དེ་སྤྱོད་དུས་ཀྱང་ཚོས་ཐག་ཆོད་རྗེས་ད་གཟོད་ཟོས་ན་ལེགས།

གནང་བའི་སྐབས་རང་རྫོང་གི་ཕྱི་ལ་མི་འགྲོ་བ་བྱ་དགོས། གལ་ཏེ་དོན་དག་གིདབང་གིས་རྫོང་ཕྱི་ལ་འགྲོ་དགོས་བྱུང་ཚེ་ཕྱིར་ཐོན་ན་བདེ་ཐང་བཤེར་རིས་དང་འགྲོ་འོང་བཤེར་རིས།དུས་ཚོད་ཞེ་བརྒྱད་རིང་གི་ཉུང་སྐྱུར་ཚད་འཇལ་ཞིབ་བཤེར་གྱི་ཡི་གེ་སོགས་ཆ་ཚང་བར་སློབ་གྲྭར་སྤྲོད་དགོས།

严格掌握放假期间师生动态,跨县师生必须登记,回县必须"二码"联扫、检测体温、48小时之内的核酸检测报告提交学校.

དགེ་བཟོ་བ་དང་། ཁྱིམ་བདག སློབ་གྲོགས་རྣམས་པ།རིམས་ནད་སྔོན་འགོག་ནི་ང་ཚོ་མི་ཚང་མར་འགན་འཁྲི་ཡོད་པས་ང་ཚོས་མཐུན་སྒྲིལ་གྱི་ལག་གདང་སྦྲེལ་ནས་མཉམ་དུ་འབད་བརྩོན་བྱས་ཏེ་རིམས་ནད་ལས་རྣམ་པར་རྒྱལ་ཏེ་རྒྱལ་ཁབ་བདེ་ཞིང་འབངས་མི་སྐྱིད་པའི་འཚོ་བ་རོལ་བར་ཚང་མས་བརྩོན་ལེན་བྱ་དགོས།

ཐུན་ཏེ་རྫོང་ཕྱུགས་ར་བཅའ་སྡོད་སློབ་ཆུང་།

༢༠༢༡ལོའི་ཟླ་༡༠པའི་ཚེས༣༡ཉིན་ཕུལ།