༄༅།།རྒྱུས་ལོན་ནི་སློབ་གསོའི་ལྡེ་མིག་ཡིན།ཁྱིམ་བདག་ལ་སྤྲིངས་པའི་འཕྲིན།

美友28928193

གཅིག

མཛའ་ཞིང་བརྩེ་བའི་སྐོང་གསེར་ཁ་མདོའི་ཡུལ་མི་རྣམ་པ་དང་སློབ་གྲོགས་ལྷན་རྒྱས་ཁམས་བཟང་། ད་ལོའི་དབྱར་གནང་གཏོང་བའི་དུས་ཚོད་ནི་སྤྱི་ཟླ7པའི་ཚེས15དང་། ལུགས་རྙིང་གི་ཟླ6བའི་ཚེས6ཡིན་ལ།     སློབ་འགོ་རྩོམ་པའི་དུས་ཚོད་ནི་སྤྱི་ཟླ8པའི་ཚེས24དང་། ལུགས་རྙིང་གི་ཟླ7པའི་ཚེས17ཉིན་ཡིན་པས་དུས་ལྟར་སློབ་ཞུགས་བྱ་རྒྱུ་ནི་ངེད་དགེ་སློབ་ཡོངས་ཀྱི་རེ་བ་ཡིན།

ཁྱིམ་བདག་གིས་དབྱར་གནང་སྐབས་སུ་དོ་སྣང་བྱ་ཡུལ།

༡ འོས་འགན་སློབ་གསོའི་བཅའ་ཁྲིམས་ལ་ངེས་ཤེས་དང་

བསྲུང་བརྩི་བྱེད་པ།

༢ སློབ་མའི་སེམས་ཁམས་བདེ་ཐང་དང་ལུས་ཁམས་བདེ་ཐང་ལ་ཡིད་འཇོག་ཟབ་པ།

༣ འགྲིམ་འགྲུལ་བདེ་འཇགས་དང་རང་བྱུང་གནོད་འཚེ་ལ་ཡིད་གཟབ་བྱེད་པ།

༤ མེ་དང་གློག་ཆུའི་འཇིགས་པ་བཅས་ལ་མཉམ་འཇོག་བྱེད་པ།

༥ སློབ་མའི་དབང་ལྔ་དང་ལུས་པོ་འཚར་ལོངས་བྱུང་བར་

གནོད་པའི་ཅ་དངོས་སམ་རྩེད་ཆས་རིགས་མཁོ་སྤྲོད་མི་བྱེད་པ།

༦ དབྱར་གནང་སྐབས་ཀྱི་ཁྱིམ་སྦྱོང་ལས་བྱ་ལེགས་འགྲུབ་ཡོང་བར་དོ་ཁུར་མཛད་པ།

༧ འབྲོག་པའི་འཚོ་བའི་རྒྱུན་ཤེས་དང་ངལ་རྩོལ་ལས་རིགས་

བརྒྱུད་སྤྲོད་གང་འོས་བྱེད་པ།

གཉིས།

འབྲོག་ཕྲུག་ང་ནི་བྱིས་པའི་ཡང་རྩེ་ཡིན།།

སློབ་ལོ་རན་པས་སེམས་པ་སྤྲོ་བས་ཁེངས།།

གོམ་སྟབས་མྱུར་མོས་སློབ་རའི་ཕྱོགས་སུ་སྐྱོད།།

སྐལ་བཟང་དུས་ལ་ཤེས་བྱའི་དབུ་ཁྱུད་འབྲི།

ཡུལ་མི་ལྷན་རྒྱས་རྣམ་པ་ལགས། འོས་འགན་སློབ་གསོའི་བཅའ་ཁྲིམས་ལྟར་ད་ལོའི་གསར་ཞུགས་སློབ་མ་སློབ་བསྡུ་བྱེད་པའི་དུས་ཚོད་ནི། སྤྱི་ཟླ8པའི་ཚེས25ནས་ཚེས26བར་ཉིན་གཉིས་ཀྱི་རིང་ལ་མིང་ཐོ་འགོད་རྒྱུ་ཡིན་ལ། ཚེས27ཉིན་འཛིན་གྲྭ་གཏན་འཁེལ་བྱེད་རྒྱུ་ཡིན་པས་དུས་ལྟར་ཐོན་རྒྱུ་གལ།

ཆ་རྐྱེན་དང་ཡིད་འཇགས།

༡ ལོ་རིམ་དང་པོ་སྟེ་གསར་ཞུགས་སློབ་མ་ནི། 2015ལོའི་སྤྱི་ཟླ8པའི་ཚེས31ཡར་སྔོན་དུ་སྐྱེས་པ་དག་དག་ཡིན་དགོས།

༢ མིང་ཐོ་འགོད་སྐབས་གསར་བསྡུ་སློབ་མ་དང་ཁྱིམ་བདག་

གཉིས་ཀྱི་ཁྱིམ་ཐོ་གྲ་སྒྲིག་བྱས་ཏེ་ཁྱེར་ཡོང་མེད་ཚེ་མིང་ཐོ་

འགོད་རྒྱུ་མིན།

༣ གསར་བསྡུ་སློབ་མའི་མིང་ཐོ་འགོད་སྐབས་ཁྱིམ་བདག་

དངོས་ཡོང་དགོས་པ་ལས་ཚབ་བྱེད་མི་སྣ་ཡོང་མི་ཆོག

༤ གསར་བསྡུ་སློབ་མར་ལུས་ཁམས་དང་སེམས་ཁམས་བདེ་ཐང་ཐད་ན་གནད་དོན་གནས་ཚུལ་ཡོད་ཚེ་བདེན་དཔང་ཡི་གེ་དང་བཅས་གསལ་བཤད་བྱེད་དགོས།

༥ མིང་ཐོ་དུས་ལྟར་འགོད་དུ་མ་ཡོང་བར་དུས་འགྱང་བྱུང་ཚེ་ཐོ་འགོད་བྱ་རྒྱུ་མིན།

གསུམ།

ཨ་མའི་གཅེས་ལོའི་གནའ་ནས་ད་བར་གྱི།།

གནའ་གཏམ་རིང་མོའི་རྨུ་ཐག་འཐེན་ནས་ཤོག།

གཏམ་གྱི་ཐོག་མ་ཀུ་རེ་དགོད་གཏམ་ཤོད།།

རིག་པའི་སྒོ་མོ་དབྱངས་གསལ་སྤུན་གྱིས་འབྱེད།།

ཡུལ་མི་རྣམ་པ་ལགས། རང་སློབ་གྲྭའི་སྐད་གཉིས་བྱིས་སྐྱོང་ཁང་གི་ད་ལོའི་གསར་ཞུགས་སློབ་མ་སློབ་བསྡུ་བྱེད་པའི་དུས་ཚོད་ནི། 2021ལོའི་སྤྱི་ཟླ་8པའི་ཚེས25ནས26བར་ཡིན་པས་འབྲེལ་ཡོད་ཁྱིམ་བདག་རྣམ་པས་དུས་ཚོད་དམ་

འཛིན་བྱེད་རྒྱུ་མཁྱེེན།།

གསལ་བཤད།

༡ སློབ་བསྡུ་སློབ་མའི་ལོ་ཚོད་ནི2017ལོའི་ཡར་སྔོན་དུ་སྐྱེས་པ་དག་དག་ཡིན་དགོས།

༢ སློབ་མའི་མིང་ཐོ་འགོད་སྐབས་ངེས་པར་དུ་སློབ་མ་དང་ཁྱིམ་བདག་གི་ཁྱིམ་ཐོ་ཁྱེར་ཡོང་དགོས།

དགེ་རྒན་གྱི་ཁེ་དབང་ལ་བརྩི་འཇོག་བྱེད་པ་ནི་བུ་ཕྲུག་གི་མ་འོངས་པར་བརྩི་འཇོག་བྱེད་པ་དང་གཉིས་སུ་མ་མཆིས།

གཅིག་སེམས་གཅིག་ལ་མཐུན་ཏེ་ཁྱིམ་ཚང་དང་སློབ་གྲྭ་མཉམ་འབྲེལ་བྱས་ན་སློབ་གསོའི་བྱ་བ་ཕྱོགས་ཡོངས་ནས་ཡར་རྒྱས་སུ་འབྱུང་ངེས་སོ།།

དེ་ཡང་སློབ་གསོ་ཞེས་པ་ནི་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་ཡོ་འཁྱོག་ཏུ་སོང་བ་འདྲོང་པོར་བཟོ་བ་དང་། མི་དང་མིའི་དབར་གྱི་འབྲེལ་ཇེ་བཟང་དུ་བཏང་སྟེ། ཐུན་མོང་མིའི་རིགས་ཀྱི་སྤྱི་ཚོགས་ཡར་རྒྱས་སུ་གཏོང་བའི་ཐབས་ལམ་ཞིག་དང་། མཐར་ཐུག་དེས་མི་ཙམ་མ་ཟད་འཛམ་གླིང་སྐྱེ་འགྲོ་ཀུན་ལ་ཟད་མི་ཤེས་པའི་ཞི་བདེའི་ཁོར་ཡུག་ཅིག་ཡོང་བ་བྱ་རྒྱུ་ནི་དམིགས་ཡུལ་ཡིན།  སློབ་གསོའི་དམིགས་ཡུལ་རྒྱ་ཆེ་ལ་དགོས་པ་དང་ལྡན་པ།ཐབས་ལམ་ཕུན་སུམ་ཚོགས་པ་ཞིག་ཡིན་ཀྱང་ཐོག་མའི་འགོ་འཛུགས་ས་ཁྱིམ་ཚང་སློབ་གསོ་ཡིན་པ་དང་།  ཁྱིམ་ཚང་སློབ་གསོ་ནི་ས་བོན་དང་། སློབ་གྲྭའི་སློབ་གསོ་ནི་སྡོང་པོ།  སྤྱི་ཚོགས་སློབ་གསོ་ནི་འབྲས་བུ་སྟེ།  སློབ་གསོས་སྤྱི་ཚོགས་བཟང་ཕྱོགས་སུ་འཕེལ་རྒྱས་གཏོང་བ་དང་། དེ་བཞིན་དྲང་བདེན་དང་ཡ་རབས། བྱམས་བརྩེ་དང་འདྲ་མཉམ་སོགས་ཀྱི་ཉི་མ་འཆར་དུ་འཇུག་རྒྱུ་དེའོ།།

འབྲེལ་གཏུག་ཁ་པར། 13909414100、

13893988157

རྨ་ཆུ་རྫོང་དབལ་པཎ་ཚང་གྲོང་བརྡལ་ཞག་སྡོད་སློབ་གྲྭས།

ཉིས་སྟོང་ཉེར་གཅིག་ལོའི་སྤྱི་ཟླ་བདུན་པའི་ཚེས་བཅོ་ལྔའི་ཉིན་ལ་གུས་པས་ཕུལ་བ་ལགས་སོ།།