ཡུལ་ཤུལ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གསུམ་པ།,玉树州第三民族高级中学2022届高考誓师动员大会

美友11121288

七月的骄阳,映照着我们快乐的脸庞,七月的暖风,吹拂着我们即逝的青春。高二的学习生涯在此结束,高三的学习生活开始起航。这个夏天不是结束,而是开始。

2021年7月7日,玉树三高全体师生以及家长欢聚在学校学术报告厅,在庄严肃穆的国歌中,隆重召开2022年高考动员大会

本次动员大会由玉树三高校办主任尖.尕知同志做主持,并且勉励高三全体学生学习道路中没有绝对的王者,也没有相对的弱者,只有不够努力的过程

གཅེས་ཕྲུག་ཚོ།

མཐོ་རྒྱུགས་ཀྱི་གཡུལ་ས་ནས།

ཞེད་སྣང་སྤུ་ཙམ་མེད་པར།

རང་ལ་ཡིད་ཆེས་བརྟན་པོ་བྱོས།

དྲི་བ་རེ་རེར་ནན་གྱིས་གཟོབས་དང་།

འཚུབ་ཆ་དང་བློ་འགྱོད་ཏོག་ཙམ་མི་དགོས་པར།

བློ་རིག་གཅིག་ཏུ་སྒྲིམས་དང་།

དྲི་བ་རེ་རེའི་སྟེང་ན།

འོད་སྣང་གི་ལམ་བུ་རེ་ཡོད་ལ།

བདེ་སྐྱིད་ཀྱི་ས་བོན་ཡང་ཡོད

དེ་བས། འདས་སོང་གི་མི་ལོ་དུ་མའི་དཀའ་སྤྱད་ཀྱི་འབྲས་བུ།

དེ་རིང་གི་མཐོ་རྒྱུགས་ལས་འབྱུང་དགོས་པས།

སྔ་ལངས་འཕྱི་ཉལ་གྱི་དུས་ཚོད་གྲངས་མེད།

དེ་རིང་གི་ཡུན་ཐུང་འདི།

རྒྱལ་ཕམ་གྱི་གནད་ལ་ཐུག་ཡོད་པས།

ཅིས་ཀྱང་སྤོབས་པ་བསྐྱེད་དེ་རྒྱལ་དགོས།

ཁྱེད་ཅག་གི་བསྟི་གནས་དྲོན་མོ། ཡུལ་ཤུལ་མཐོ་གསུམ།

ཤེས་རིག་གི་མདུན་ལྗོངས་བསྐྲུན་མཁན། སློབ་དཔོན་དམ་པ།

ནམ་ཡང་ཁྱེད་ཚོའི་གཏམ་བཟང་ལ་སྒུག་ཡོད།

རེ་བ་ཆེ། ཕ་བཟང་བུ། ཡིད་ཆེས་ཡོད། མ་བཟང་རྒྱུད།

བརྩོན་སེམས་ཡོད། རིགས་ཀྱི་བུ།

མདུན་ལམ་ལྡན། གཅེས་ཕྲུག་ཚོ།

མི་འགྱང་བར། ཁྱེད་ཅག་སློབ་ཆེན་གྱི་སྒོ་ཐེམ་བརྒལ་དགོས་ལ།

ཤེས་རིག་གི་མཐོང་དབྱིངས་ནས་གཤོག་འགྱུར་ངོམ་དགོས།

དེ་རུ། ཁྱེད་ཅག་གི་སེམས་ཀྱི་གནས་མལ་ཡོད་ལ།

ཁྱེད་དང་འཚམ་པའི་གར་སྟེགས་ཤིག་ཅིས་ཀྱང་ཡོད་སྲིད།

ཡུལ་ཤུལ་ཁུལ་མཐོ་འབྲིང་གསུམ་པའི་སློབ་གཙོ་ཚེ་བུན་དཔལ་འབྱོར་ཉིད་ཀྱིས་སློབ་གྲོགས་ཡོངས་ལ་མཐོ་རྒྱུགས་ཀྱི་དོན་དུ་ཡོད་ཚད་འབུལ་དགོས་པའི་གསུངས་བཤད་ཡང་ཡང་དུ་གནངས་བ།

དགེ་རྒན་རྣམ་པ། སློབ་བུ་རྣམ་པ། འདས་ཟིན་པའི་ལོ་ངོ་དྲུག་ལྷག་གི་རིང་།རང་་རེའི་སློབ་གྲྭའི་ཐོག་མའི་དཀའ་སྡུག་དང་འཚོལ་ཞིབ་ཀྱི་ལམ་བུ་ཡིན། གོང་རིམ་ཏང་ཨུའི་ཡང་དག་པའི་འགོ་ཁྲིད་དང་ཁུལ་རིམ་པའི་གཟིགས་སྐྱོང་། དགེ་རྒན་རྣམས་ཀྱི་འབད་བརྩོན་བཅས་ལ་བརྟེན་ནས། སློབ་གྲྭའི་འཆར་འགོད་སྤྱི་དང་བྱེ་བྲག་སློབ་ཁྲིད་ཀྱི་བྱ་བ་རྣམས་ཡར་རྒྱས་ཆེན་པོ་བྱུང་། ལྷག་པར་དུ། ད་ལོ་ནས་རང་རེའི་སློབ་གྲྭའི་སློབ་བསྒྲུབ་ཀྱི་ཆ་རྐྱེན་དང་། དགེ་རྒན་གྱི་དཔུང་སྡེ། སློབ་མའི་ཡོངས་ཁུངས། སློབ་ཁྲིད་དོ་དམ་བཅས་ལ་འགྱུར་ལྡོག་བླ་ལྷག་ཏུ་བྱུང་བར་མ་ཟད། མཐོ་རྒྱུགས་ཀྱི་འབྲས་བུ་ལེགས་པོ་ཐོན་པ་སོགས་ལ་བརྟེན་ནས་གོང་རིམ་ཏང་སྲིད་ལས་ཁུངས་དང་སྤྱི་ཚོགས་ཀྱི་ལས་རིགས་ཁག་ནས་དགའ་བསུ་དང་གདེང་འཇོག་ཆེན་པོ་ཐོབ།

དགའ་འོས་པའི་གྲུབ་འབྲས་འདི་རྣམས་ནི། གོང་རིམ་ལས་ཁུངས་དང་འགོ་ཁྲིད་རྣམས་ཀྱི་མཁྱེན་སྤྱན་ཡངས་པའི་མཛུབ་སྟོན་ལ་རག་ལས་ལ། འདིར་བཞུགས་དགེ་སློབ་ཀུན་གྱི་དཀའ་སྡུག་གི་རྔུལ་ཆུ་ལས་ཐོབ་པའང་ཡིན། ང་ཚོའི་སློབ་གྲྭ་ལ་མཚོན་ན། ཆེད་ལས་ཀྱི་རང་བཞིན་ཆེ་ཞིང་ན་གཞོན་གྱི་ལང་ཚོ་འབར་བའི་དགེ་རྒན་གྱི་དཔུང་སྡེ་ཞིག་ཡོད་པ་ནི་རིན་བྲལ་གྱི་ནོར་བུ་ཞིག་སྟེ། ཁྱེད་རྣམ་པའི་རྣམ་དཔྱོད་དང་བློ་གྲོས་ཀྱིས། སློབ་བུ་རེ་རེར་ཤེས་རབ་ཀྱི་མིག་རེ་རེ་སྦྱིན་ཐུབ་པའི་ཡིད་ཆེས་བདག་ལ་ཡོད། ཁྱེད་རྣམ་པའི་བརྩོན་འགྲུས་དང་ཀུན་སློང་གིས། སློབ་བུ་རེ་རེར་ཡར་སྐུལ་གྱི་དཔེ་རེ་སྟོན་ཐུབ་པའི་ཡིད་ཆེས་བདག་ལ་ཡོད། ཁྱོད་ཚོ་ཡོད་པས་ད་གཟོད་མཐོ་འབྲིང་གསུམ་པའི་འཕེལ་རྒྱས་ཀྱི་རླུང་རྟ་དར་ཞིང་རྒྱས་པ་ཡིན། ཁྱོད་ཚོ་ཡོད་པས་ད་གཟོད་མཐོ་འབྲིང་གསུམ་པ་འདི་སྔར་ལས་མཛེས་སྡུག་གིས་གྲུབ་པ་ཡིན། བདག་གིས་ཡུལ་ཤུལ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གསུམ་པའི་སློབ་བུ་ཡོངས་ཀྱི་ཚབ་བྱས་ནས། ཁྱེད་རྣམ་པར་སེམས་བསམ་པའི་གཏིང་ནས་བཀའ་དྲིན་ཆེ་ཞུས་པ་ཡིན།

玉树三高才文巴久校长赠言高三年级全体学子:

走进高三,你经历着风雨,也沐浴着阳光;走进高三,你砥砺着斗志,更憧憬着如画的明天。

高三是什么?高三是成功人生不可或缺的历炼

高考是什么?高考是这个历练过程的最重要拐点!

昨天的一切已不可改变,但今天的努力可以弥补昨天的遗憾!做好今天的每一件事,做对今天的每一道题,拥有好心态你就能描绘出辉煌的人生愿景,实现金榜题名的誓言。

ཡུལ་ཤུལ་མཐོ་གསུམ་གྱི་ཆེད་གཉེར་ཧྲུའུ་ཅི་ཆོས་རྒྱལ་ཚེ་རིང་ཉིད་ཀྱིས་མི་ལོ་དྲུག་ལྷག་གི་དཔེ་ཁྲིད་མི་སྐྱོང་གི་ལོ་རྒྱུས་ཁྲོད། ཡུལ་ཤུལ་མི་རིགས་མཐོ་རིམ་སློབ་འབྲིང་གསུམ་པས་འདོར་ཐབས་མེད་པ་དང་གཞན་ལ་དཀྲི་ཐབས་མེད་པའི་འགན་འཁྲི་དང་།ཁྲི་འདུ་ས་ཁུལ་གྱི་མཐོ་འབྲིང་སློབ་གསོའི་འགན་བབས་རླབས་པོ་ཆེ་ཕྲག་ཏུ་བཞེས་ཏེ། མི་རིགས་རིག་གནས་དར་སྤེལ་དང་། མི་འབོར་སྤུས་ཀ་མཐོར་འདེགས། འཇོན་ཐང་ཅན་གྱི་མི་བསྐྱེད་བསྲིང་བཅས་བྱས་པས། མི་རིགས་སློབ་གསོ་དར་སྤེལ་དུ་གཏོང་བར་སྔར་མེད་ཀྱི་མཛད་རྗེས་དང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཞིག་བསྐྲུན་ཡོད་ལ། ཁྲི་འདུ་་ས་ཁུལ་གྱི་སྤྱི་ཚོགས་འཕེལ་རྒྱས་དང་དཔལ་འབྱོར་གོང་འཕེལ། རིག་གནས་དར་རྒྱས་བཅས་ཀྱི་ཆེད་དུ་ཉམས་པ་མེད་པའི་མཛད་རྗེས་བཞག་ཡོད་ཅེས་དང་། ནང་སྒོས་སུ་དགེ་རྒན་ཀུན་གྱིས་མུ་མཐུད་དུ་།ང་ཚོས་གནས་འདི་ནས་སྔར་བཞིན་འུ་ཅག་གི་བུ་དང་བུ་མོ་མང་པོའི་མདུན་ལམ་ལ་འོད་སྣང་སྦྱིན་དགོས་ཟེར།

སློབ་གྲོགས་ཚོ། ཁྱེད་ཚོ་ལ་ཕ་མའི་རེ་སྨོན་ཡོད། རྒྱལ་ཕམ་གང་ལ་ཐུག་ནའང་ཁྱེད་ཚོ་མགོ་སྒུར་མི་རུང་། ཁྱེད་ཚོ་ལ་དགེ་རྒན་གྱི་བསླབ་བྱ་ཡོད། ཁྱེད་ཚོས་ཕ་མའི་རེ་སྨོན་དང་དགེ་རྒན་གྱི་བསླབ་བྱ་སེམས་ལ་བཟུང་ནས་རང་ཉིད་ཀྱི་རེ་བ་མངོན་འགྱུར་བྱ་དགོས། མི་ཚེ་ལ་འོད་སྣང་བསྐྲུན་དགོས་པའི་རེ་སྨོན་ཡང་ཡང་དུ་བསྐུར།

玉树三高专职书记求江才仁通知勉励高三全体师生热爱党的教育事业,遵守校纪校规,努力奋斗,拼搏一年,用优异成绩建党一百周年献一份厚礼

སློབ་གཙོ་གཞོན་པ་ཀུན་དགའ་བཀྲ་ཤིས་ཉིད་ཀྱིས་སློབ་བུ་ཡོངས་ལ་རེ་སྨོན་ཡང་ཡང་ངུ་བསྐུར།

གསར་སྐྱེས་ཀྱི་བློ་གསལ་གཞོན་ནུ་ཚོ།

མཐོ་རྒྱུགས་ཀྱི་གཡུལ་སར་ཞུགས་ལ་ཉེ་བའི་བར་སྐབས་འདིར།

ང་ཚོས་སེམས་ཤུགས་གཅིག་ཏུ་བསྒྲིལ་ནས།

མ་འོངས་པའི་འོད་སྟོང་གི་མདུན་ལམ་དེ་སེམས་སུ་ཉར་བཞིན།

ཤེས་རིག་གི་མཁའ་དབྱིངས་ལ་བརྩོན་པའི་གཤོག་རླབས་བསྒྱུར་ཡ།

དེ་རུ། གངས་ཕྲུག་མང་པོའི་རེ་སྒུག་གི་འོད་མདངས་ཡོད་ལ།

འཛམ་གླིང་འཛིན་མའི་གསེར་མདོག་གི་ཕ་ས་ཡོད།

མི་རིགས་ཤིག་གི་འཕེལ་འགྲིབ་ཀྱི་ལོ་རྒྱུས་ཡོད་ལ།

སྐད་ཡིག་ཅིག་གི་ཚེ་སྲོག་ལ་བརྒྱུས་པའི་ང་རོ་ཡོད

གཅེས་ཕྲུག་ཚོ།

མཐོ་རྒྱུགས་ཀྱི་གཡུལ་ས་ནས།

ཞེད་སྣང་སྤུ་ཙམ་མེད་པར།

རང་ལ་ཡིད་ཆེས་བརྟན་པོ་བྱོས།

དྲི་བ་རེ་རེར་ནན་གྱིས་གཟོབས་དང་།

འཚུབ་ཆ་དང་བློ་འགྱོད་ཏོག་ཙམ་མི་དགོས་པར།

བློ་རིག་གཅིག་ཏུ་སྒྲིམས་དང་།

དྲི་བ་རེ་རེའི་སྟེང་ན།

འོད་སྣང་གི་ལམ་བུ་རེ་ཡོད་ལ།

བདེ་སྐྱིད་ཀྱི་ས་བོན་ཡང་ཡོད

མཐོ་རྒྱུགས་ནི་ཁ་སང་དེ་ཡིན་ན།

ཁྱེད་ཚོ་ནི་རྡོ་རིང་གིས་བཞེངས་པའི་དེབ་ཐེར་དེ་ཡིན།

མཐོ་རྒྱུགས་ནི་དེ་རིང་ཉིད་ཡིན་ན།

ཁྱེད་ཚོ་ནི་རིན་ཐང་གིས་སྤྲས་པའི་གསེར་ཞུན་དེ་ཡིན།

མཐོ་རྒྱུགས་ནི་སང་ཉིན་དེ་ཡིན་ན།

ཁྱེད་ཚོ་ནི་ཚེ་སྲོག་གིས་བསྐྲུན་པའི་ང་རོ་དེ་ཡིན།

玉树州第三民族高级中学副校长更尕扎西勉励高三全体学生、高三一年,努力到无能为力,拼搏到感动自己、能用汗水解决的问题,尽力别用泪水

རྐང་འཛིན་དགེ་རྒན་ཡེ་ཤེས་དར་རྒྱས་ཉིད་ཀྱིས་མཐོ་གསུམ་དགེ་རྒན་ཀུན་གྱི་ཚབ་བྱས་ཏེ་གཏམ་བཤད་དང་དམ་ཚིག་བསྒྲགས།

བརྩོན་འགྲུས་ཀྱི་བདག་པོ་ཚོ། ང་ཚོས་དུས་ཚོད་ལ་དམ་འཛིན་བྱེད་དགོས། དུས་ཚོད་ཀྱི་འདུ་ཤེས་མེད་ན། རེ་བ་འགྲུབ་མི་སྲིད་ལ། རྒྱལ་ཁ་ཐོབ་མི་སྲིད། ང་ཚོས་ཆེས་མཐའ་མཇུག་གི་ཟླ་གྲངས་ཁ་ཤས་དེ། མི་ཚེ་ཞིག་གི་དཀྱོགས་མཚམས་དང་། ལེགས་ཉེས་ཤིག་གི་གདམ་ག་ཡིན་པ་ངོས་ཟིན་ནས། དུས་ཚོད་སྐར་ཆ་རེ་རེར་འང་ཚེ་སྲོག་གི་འདུ་ཤེས་འཛིན་ནས་གཅེས་སྐྱོང་བྱེད་དགོས། སྐར་ཆ་རེར་ཡང་གཅེས་འཛིན་བྱེད་པ་ནི། བྱ་བཞག་ལེགས་འགྲུབ་ཀྱི་ཐབས་ལམ་གཅིག་པུ་ཡིན། དུས་ཚོད་ལ་བེད་སྤྱོད་ཡག་པོ་ཤེས་ན། དུས་ཀྱིས་མི་འདང་བའི་སེམས་ངལ་གཏན་ནས་མི་དགོས། དེའི་ཕྱིར་ང་ཚོའི་ཆེས་མཐའ་མཇུག་གི་གོ་སྐབས་འདི་དང་བསྟུན་ནས་ལས་དབང་ལ་བསྒྱུར་བཅོས་བྱེད་དགོས། ཆེས་མཐའ་མཇུག་གི་ཉིན་ཞག་འདི་དག་གིས་རེ་བའི་ཕུགས་འདུན་མངོན་འགྱུར་བྱེད་དགོས།

骨干教师义西达杰同志代表高三全体教师发言宣誓✊

忠于职守, 无私奉献;

言传身教, 以身作则。

广收信息, 吃透考纲;

精选试题, 准确导航。

让我们一起点燃激情,科学备考,谱写华章;

让我们一起挥洒汗水,提高效率,再创辉煌。

ཡུལ་ཤུལ་མཐོ་གསུམ་གྱི་འགོ་ཁྲིད་ཡུལ་དངོས་སུ་ཐོན་ནས་སྐུལ་སློང་གནངས་བ།

玉树三高领导班子校长才文巴久、专职书记求江才仁、副校长更尕扎西和校中层领导悉数到场对学生加油助威

སློབ་གྲྭའི་འགོ་ཁྲིད་རྣམས་ཀྱིས་རྒྱ་ཆེ་བའི་ཁྱིམ་བདག་དང་སྤྱི་ཚོགས་ཡིད་ཚིམ་པའི་ལས་དོན་བསྒྲུབ་པར་བརྩོན་ལེན་བྱེད་རྒྱུ་དམ་བཅའ་མཛད།

学校领导宣誓:请社会放心,我们愿为学生保驾护航,我们愿为家长排忧解难,我们愿为学校殚精竭虑,我们一定会严谨治学,团结拼搏,齐心协力,追求卓越,精益求精,超越自我,明确目标,创造佳绩。

མཐོ་གསུམ་འཛིན་གསུམ་བློ་བཟང་ནོར་བུ་ཡིས་ཁྱིམ་བདག་ཀུན་གྱི་ཚབ་བྱས་ཏེ་གཏམ་བཤད་སྤེལ།

སྙིང་ཉེ་བའི་གཅེས་ཕྲུག་རྣམ་པ། གཉིད་ལས་སད་དང་། མིག་གིས་ལྟོས་དང་། སེམས་ཀྱིས་དཔྱོད་དང་། ཁྱེད་ཚོ་ནི་དྲིན་ཕ་མ་གཉིས་ཀྱི་བརྩེ་ཞེན་གྱི་རྣམ་ཤེས་འཁྲི་ས། དགེན་ལྷག་བསམ་ཅན་གྱི་རེ་བ་ཡི་བློ་ཕུགས་འཁེན་ས། ཤ་ཕུ་ནུ་རྣམས་ཀྱི་མཐའ་ཐུག་གི་རེ་བ་བཅོལ་ས། ཡུལ་སྡེ་མི་ཀུན་གྱི་རེ་ལྟོས་ཀྱི་མིག་རྒྱང་འཕེན་ས། དེས་མ་ཟད་བོད་ཆོལ་ཁ་གསུམ་གྱི་གཞིས་ཁྱིམ་དྲོན་མོའི་བདག་པོའང་ཅི་ལ་མིན། དེའི་ཕྱིར་ཁྱེད་ཚོ་ལ་དམིགས་བསལ་གྱི་འགན་འཁྲིའི་འདུ་ཤེས་ལྡན་དགོས་ལ། མདུན་བསྐྱོད་ཀྱི་དཔའ་སྤོབས་ཡོད་དགོས། དཀའ་སྤྱད་ལ་བཟོད་བསྲན་བྱེད་དགོས། མཐོ་རྒྱུགས་ཀྱི་འབྲས་བཟང་ལོན་དགོས།

高三三班学生罗松龙日代表全体高三文科生发言宣誓✊

ང་ཚོའི་ན་ཚོད་འདི་དམར་ཡག་སྟག་གི་ལང་ཚོ་འཛོམས་ཡོད་ལ་བྲེ་སེར་འབྲོང་གི་དཔའ་ངར་ལྡན་དགོས། རྒྱུ་མཚན་ནི། གཞོན་པ་ཡིན་པའི་ཕྱིར། གཞོན་ན་གཞོན་པའི་སྙིང་སྟོབས་ཤིག་དང་ཁྱད་ཆོས་ཤིག་བསྣམས་ནས་སེར་བོ་གསེར་ལས་ལྷག་པའི་དུས་ཀྱི་རིན་ཐང་རྟོགས་ནས། དཀར་བོ་དངུལ་ལས་ལྷག་པའི་ལྷག་བསམ་ཞིག་རང་སྟེང་དུ་བླངས་ནས་མཐོ་རྒྱུགས་ཀྱི་གཡུལ་ས་ལས་རྒྱལ་དགོས།

高三六班周银银同学代表全体高三理科学生发言宣誓✊

同学们,高考将翻开我们生命中崭新的一页,它会让我们的梦想绚丽如画,让我们的前程灿烂如星,让我们的生命完美如歌,而这一切只有两个字能实现,那就是“拼搏”!高考的冲锋号正在耳边回荡,最后的战役已经打响!现在是我们“亮剑”的时候了。狭路相逢——勇者胜!让我们珍视每一天,奋斗每一天,拼搏每一天,用奋斗铸就希望,用拼搏实现梦想!让我们用责任和使命去谱写青春的乐章

为了你们的锦绣前程,为了家长的殷切期望,为了社会的殷切嘱托,我们新一届高三班主任郑重宣誓:

奋战三百天,与你们同甘同苦!

奋战三百天,为你们保驾护航!

奋战三百天,助你们金榜题名!

奋战三百天,创造高考新辉煌!

དེ་རིང་ཉིན་བཟང་སྐར་བཟང་གི་དུས་འདིར།

ང་ཚོས།

སློབ་གྲྭ་དང་དགེ་རྒན།ཕ་མ་གསུམ་དཔང་དུ་བཞག་ནས།

ཁ་ཞེ་གཉིས་མཐུན་གྱི་དམ་བཅའ་མཛད་རྒྱུ་ཡིན།

མཐོ་གསུམ་གྱི་ལོ་འདིར།

ང་ཚོ་སྤྲོ་སེམས་ཆེས་ཆེར་རྒྱས་པ་དང་།

དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས།

བློ་རྩ་བརྟན་ཤོས་ཀྱི་ཆོད་སེམས་བསྐྱེད་དེ།

ནུས་ཤུགས་ཡོད་རྒུས་འབད་བརྩོན་བྱེད་རྒྱུ་ཡིན།

ཕ་མའི་རེ་བ་སྟོང་ཟད་དུ་མི་གཏོང་།

དགེ་རྒན་གྱི་རེ་བ་སྟོང་ཟད་དུ་མི་གཏོང་།

ང་ཚོ་ལ་ཡིད་ཆེས་ཡོད།

ང་ཚོ་ལ་བརྩོན་འགྲུས་ལྡན།

ང་ཚོ་ལ་བློ་སྤོབས་ཡོད།

ང་ཚོ་ལ་ཕུགས་བསམ་ལྡན།

འགྲོ།འགྲོ།མཉམ་དུ་སློབ་ཆེན་ཕྱོགས་སུ་འགྲོ།

教务处负责人端智同志领誓下全体高三学生宣誓✊

我以青春的名义宣誓

在高三这一年,我将以最饱满的热情,

最刻苦的精神,最坚韧的毅力

脚踏实地,全力拼搏!

不负父母的期望

不负老师的厚望

不负天赐的智慧

不负青春的理想

让梦想在六月飞翔

让人生从此辉煌

我行!我能行!我一定能行

སློབ་མའི་མིང་རྟགས་བཀོད་ནས་ཆོད་སེམས་ཡིད་ལ་ཉར་བ།

学生签名祈祷自己梦想成真

རེ་བ་དང་ཡིད་ཆེས་ཀྱི་ཕྱུག་པའི་སློབ་མའི་ཁྱིམ་བདག།

充满希望和信心的学生家长

མི་གཙང་རྫས་ཀྱི་ལྷད་མ་འདྲེས་ཤིང་མཁའ་དབུགས་ཀྱི་ཀུན་ནས་སྤྲས་པའི་དག་ཞིང་སྟེ། མདོ་སྟོད་ཁམས་ཡུལ་གྱི་ཅོད་པན་ནས་སྙན་གྲགས་མེ་ལྕེ་རླུང་གིས་བསྐྱོད་པ་ནི་ཡུལ་ཤུལ་མི་རིགས་མཐོ་འབྲིང་གསུམ་པ་ཡིན།

茁壮成长的玉树三高

充满活力的玉树三高

日夜奋斗的玉树三高

高三

玉树

拼搏

宣誓

三高

高考

我们

奋战

全体

不负