ཁྱིམ་བདག་ལ་སྤྲིངས་པའི་འཕྲིན་ཡིག

གུས་པར་འོས་པའི་ཁྱིམ་བདག་ལགས།

སྐུ་ཁམས་བཟང་། སློབ་གྲྭར་དབྱར་གནང་གཏོང་ལ་ཉེ་བའི་དུས་འདིར། ཉིད་ཀྱིས་དུས་དང་རྣམ་པ་ཀུན་ཏུ་སློབ་གྲྭའི་སློབ་གསོའི་བྱ་བར་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་ཡིན། དབྱར་གནང་གི་དུས་ཚིགས་ནི་བྱིས་པ་སློབ་ར་ནས་ཕྱིར་བསྐྱོད་དེ་སྤྱི་ཚོགས་ལ་ལྟ་ཞིབ་དང་ཁྱིམ་ཚང་ལ་སེམས་ཁུར། འཚོ་བར་ཉམས་ཞིབ། ལུས་ཕུང་སྦྱོང་བརྡར་བཅས་བྱེད་པའི་གོ་སྐབས་བཟང་ཤོས་ཤིག་ཡིན། དེ་བས་ཁྱིམ་བདག་ཉིད་ཀྱིས་བྱིས་པར་བདེ་འཇགས་དང་དཔལ་ཡོན། བདེ་ཐང་གི་གུང་གསེང་སྐྱིད་པོ་ཞིག་རོལ་ཏུ་འཇུག་ཆེད། སྐུ་ཉིད་ཀྱིས་དབྱར་གནང་གི་བྱིས་པའི་འཚོ་བར་མཛུབ་སྟོན་དང་ལྟ་ལྟོག་ལེགས་པོ་ཞིག་བྱེད་དགོས་པས། འབྲེལ་ཡོད་ནང་དོན་དང་རེ་འདུན་གཤམ་གསལ་ལྟར།

གཅིག དབྱར་གནང་སྐབས་ཀྱི་བྱ་འགུལ་རེ་བ།

༡ སློབ་སྦྱོང་ཐད་ཀྱི་མཛུབ་སྟོན་རེ་བ།

བྱིས་པའི་སློབ་གསོ་ནི་སློབ་གྲྭ་དང་ཁྱིམ་ཚང་གཉིས་ཀྱིས་གཙོར་འཛིན་དགོས་པའི་སློབ་གསོའི་རྣམ་པ་ཞིག་ཏུ་གྲུབ་ཡོད་པས།ཁྱིམ་བདག་ཉིད་ཀྱིས་འཆར་གཞི་ཡོད་པའི་སྒོ་ནས་བྱིས་པའི་སློབ་སྦྱོང་གི་ཐད་དུ་མཛུབ་སྟོན་དང་ལས་བྱ་ཡོངས་འགྲུབ་བྱེད་པར་རོགས་འདེགས་ཀྱི་ནུས་པ་ཐོན་དགོས་པ་མ་ཟད། བྱིས་པའི་ལོ་ཚོད་དང་བློ་ཁར་འཚམས་པའི་བསླབ་ཕྱིའི་ཀློག་དེབ་འོས་སྦྱོར་བྱས་ཏེ་བལྟ་རུ་འཇུག་དགོས།

༢ ཕན་ཁེ་ཡོད་པའི་བྱ་འགུལ་གང་རུང་ཏུ་ཞུགས་པར་སྐུལ་བ།

ཁྱིམ་བདག་ཉིད་ཀྱིས་རང་གི་བསམ་གཞིགས་བཏང་སྟེ་བྱིས་པའི་དགའ་སྣང་དང་ཡང་ན་འཚར་ལོངས་ཀྱི་གོ་རིམ་ཁྲོད་དུ་ཕན་ཁེ་ཡོད་པའི་བྱ་འགུལ་གང་རུང་ཏུ་ཞུགས་པ་དང་མཐུན་རྐྱེན་བསྐྲུན་ཏེ་བྱིས་པའི་སྤྱི་ཚོགས་ལག་ལེན་གྱི་ནུས་པ་དང་རིག་གནས་ཤེས་བྱའི་ཆུ་ཚད།ལུས་ཕུང་སྦྱོང་རྡར་གྱི་འདུ་ཤེས་བཅས་མཐོར་འདེགས་སུ་གཏོང་བར་སྐུལ་དགོས།

༣ ཡ་རབས་སྲོལ་བཟང་གི་ལམ་སྲོལ་བཟང་པོ་ཆགས་པར་སྐུལ་བ།

གུང་གསེང་སྐབས་སུ་བྱིས་པར་ནམ་ཡང་བརྙན་འཕྲིན་དང་དྲ་བར་བརྩེ་རུ་མི་འཇུག་པར་འོས་འཚམ་གྱི་འཚོ་བའི་བཀོད་སྒྲིག་རེའུ་མིག་བཟོས་ཏེ་འཆར་གཞི་ལྟར་ཉིན་རེའི་ལས་རིམ་ཡོངས་འགྲུབ་བྱེད་དུ་འཇུག་དགོས་པ་མ་ཟད། སྐབས་སྟུན་བབས་ཚོད་ཀྱི་ཁྱིམ་ལས་ཙག་ཙིག་བཀོད་སྒྲིག་བརྒྱབ་སྟེ་སློབ་གྲྭ་རུ་སློབ་མ་བཟང་པོ་ཞིག་དང་རང་ཁྱིམ་དུ་བྱིས་པ་ཡ་རབས་ཞིག་ཏུ་འགྱུར་བར་བརྩོན་དགོས།

གཉིས། བདེ་འཇགས་བྱ་བར་དོ་སྣང་བྱེད་དགོས་པ།

༡ རིམས་ནད་སྔོན་འགོག

ཕྱོགས་ཡོངས་ནས་རིམས་ནས་མཇུག་རྫོགས་མེད་པས།ཁྱིམ་བདག་ཉིད་ཀྱིས་བྱིས་པ་གང་བྱུང་སྒོས་ཞིང་ཆེན་ཕྱི་རུ་ལྟ་སྐོར་དང་ལྗོངས་རྒྱུར་མི་ཁྲིད་ཅིང་།མི་མང་འདུ་ས་རུ་ཁ་ཐུང་རྒྱག་པ་དང་།ཕྱིར་ཡུལ་དུ་ཡོང་ཚེ་ལག་པ་འཁྲུ་བ་སོགས་ལ་དོ་སྣང་བྱ་དགོས་ཤིང་ཉིན་རེའི་སློབ་མའི་གར་འགྲོའི་གནས་ཚུལ་འཛིན་བདག་ལ་ཞུ་དགོས།

༢ འགྲིམ་འགྲུལ་བདེ་འཇགས།

བྱིས་པར་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་སློབ་གསོ་མང་དུ་བཏང་སྟེ་རང་རྟོགས་སྒོས་འགྲིམ་འགྲུལ་སྒྲིག་ལམ་བརྩི་སྲུང་བྱེད་པ་དང་། ཕར་འགྲོ་ཚུར་འོང་གི་འགྲིམ་འགྲུལ་ཡོ་བྱད་ལ་དོ་སྣང་བྱས་ཏེ་མི་བགྲོད་ལམ་དུ་འགྲོ་བར་གོམས་སུ་འཇུག་དགོས་པ་མ་ཟད། ཉེན་ཁའི་ལམ་སྣེ་རུ་ཕན་ཚུན་བདའ་རེས་མི་ བྱེད་པ་དང་ལམ་དཀྱིལ་གྱི་འགོག་སྲུང་ར་བར་ལས་འགོས་ཏེ་རྒྱ་ལམ་བརྒལ་བར་གཏན་འགོག་བཅས་བྱས་ཏེ་འགྲོ་འོང་ལམ་གྱི་བདེ་འཇགས་བྱ་བར་ཁག་ཐེག་བྱ་དགོས།

༣ གློག་དང་མེ་སྐྱོན་སྔོན་འགོག

བྱིས་པར་ནམ་ཡང་སློབ་གསོ་བཏང་སྟེ་ལག་པ་རློན་པས་ཁྱིམ་དང་མི་མང་འདུ་སའི་ཡུལ་གྱི་གློག་སྒོ་དང་བསྒར་ཁུང་། ཆད་ལ་ཉེ་བའི་གློག་སྐུད་སོགས་ལ་རེག་ཏུ་མི་འཇུག་པ་དང་།གང་བྱུང་དུ་བྱིས་པའི་ལག་ཏུ་འབར་ཞུན་སོགས་མི་འཇོག་པ་མ་ཟད། ཁྱིམ་ཀྱི་མེ་ཐབ་དང་གློག་སྤྱོད་ཐབ་ཀ་སོགས་བཀོལ་དུས་བྱིས་པར་ཡང་དག་སྒོས་མཛུབ་སྟོན་བྱས་ཏེ་མེ་སྐྱོན་སྔོན་འགོག་ལ་གཟབ་དགོས

༤ ཟས་རིགས་འཕྲོད་བསྟེན་གྱི་བདེ་འཇགས།

བྱིས་པའི་ལག་ཏུ་སྒོར་མོ་མི་འཇོག་པ་དང་གང་བྱུང་སྒོས་ཞོར་ཟས་ཟ་རུ་མི་འཇུག་པ། ལྷག་པར་དུ་ཚོང་རའི་སྟེང་གི་ཚད་ལྡན་དཔང་ཡིག་མེད་པ་དང་དུས་ཡོལ་བྱས་པའི་ཟས་རིགས་ཉོ་བ་གཏན་འགོག་བྱས་ཏེ་ཟས་དུག་ཕོག་པར་སྔོན་འགོག་བྱེད་དགོས་པ་མ་ཟད།ནམ་ཡང་བྱིས་པར་སློབ་གསོ་བཏང་སྟེ་ཆ་མེད་མིས་བྱིན་པའི་དངོས་པོ་ལེན་མི་ཉན་པར་སྐུལ་དགོས།

༥ ཆུའི་ཉེན་ཁར་གཟབ་པ།

རང་རྫོང་ནི་ས་བབས་དམའ་ལ་དབྱར་ཁར་ཚ་བ་ཅུང་ཆེ་བའི་ས་ཆ་ཞིག་ཡིན་པ་མ་ཟད།ངལ་གསོའི་སེམས་ཁམས་གཡེང་སའི་རྨ་འགྲམ་སྤྱི་གླིང་དེའང་རྨ་ཆུའི་འགྲམ་རྒྱུད་དུ་ཆགས་ཡོད་པས་བྱིས་པ་ཚོ་གནས་དེར་སོང་སྟེ་རྩེད་འཇོར་རོལ་བར་ཤིན་ཏུ་སྤྲོ་བས།ཁྱིམ་བདག་ཉིད་ཀྱིས་བྱིས་པ་གཅིག་པུའམ་ཡང་ན་བྱིས་པ་དང་ན་མཉམ་པའི་གྲོགས་པོ་ཁོ་ན་དེར་འགྲོ་རུ་མི་འཇུག་པ་མ་ཟད། མིས་བཟོས་མཚེའུ་དང་ཆུ་རྐྱལ་བྱེད་སའི་གནས་གང་རུང་དུ་བྱིས་པ་གཅིག་པུར་འགྲོ་བར་གཟབ་སྟེ་ཆུའི་ཉེན་ཁར་ཕྱོགས་ཡོངས་ནས་མཉམ་འཇོག་བྱ་དགོས། མཇུག་མཐར་ཁྱིམ་བདག་ཁྱེད་ཀྱི་བྱ་གཞག་ཐམས་ཅད་ཡར་ངོའི་ཟླ་ལྟར་འཕེལ་བ་དང་བྱིས་པའི་དབྱར་གནང་གི་འཚོ་བ་སྐྱིད་པའི་ཡོང་བའི་སྨོན་འདུན་ཞུ།

གཅན་ཚ་རྫོང་མར་ཁུ་ཐང་སློབ་ཆུང་གཉིས་པ་ནས།

尖扎县马克唐第二完小暑假安全告知书

各位家长:

暑假即将来临,为了让所有学生度过一个平安、健康、快乐的暑假,现就有关安全事项告知如下,请您仔细阅读,认真履行教育和监护责任。

一、出行安全

1.出门戴口罩,不参加聚集性活动。回家勤洗手,勤通风,讲究卫生

2.过马路走斑马线、天桥或地下通道,不闯红灯,不翻越隔离栏。

3.未满12周岁不骑自行车,未满16周岁不骑电动自行车。

4.不在马路上、停放车辆周围玩耍,行走或骑车时不看手机、不听音乐,不在机动车道骑车。

5.不坐无客运资质的车辆(如农用车、三轮车等),不坐超速、超载、酒驾、毒驾、疲劳驾的车辆,发现立即报警。

6.不在暴雨、雷电、冰雹等天气环境和易发泥石流、滑坡、塌方等地质灾害环境逗留、玩耍。

二、防溺水安全

6.不在河边、亲水平台、工地水坑等区域玩耍。

7.不捡拾掉入河道等水域的物品,不在河道边洗东西、抓水草、鱼虾、青蛙等。

8.不私自下水游泳,不擅自与他人结伴游泳,不在无家长或教师带领的情况下游泳。

9.不到无安全设施、无救援人员的水域游泳,不到不熟悉的水域游泳。

10.发现同伴溺水,立即寻求成人帮助,不手拉手盲目施救,要智慧救援。

三、外出活动安全

11.不在飘窗、阳台上嬉闹,不到无护栏的平台玩耍,不拥挤、攀爬护栏设施。

12.在大众场所出口、楼道要慢行、不拥挤,讲究通行秩序,远离拥挤场所,避免拥挤踩踏。

13.不在设有危险标志处停留,不在工地、轨道、高压线等危险区域玩耍。

14.不玩色情、暴力等不健康游戏,不沉迷网络和电子游戏,慎交网友,不与陌生网友见面。

15.防范电信、网络诈骗,不去网吧、酒吧以及歌舞娱乐场所。

四、心理健康安全

16.正直开朗、积极乐观,多与老师、父母、同学及亲朋好友沟通交流。

17.积极参加健康、活泼的集体活动。

18.遇到问题尽力自己解决,同时学会请他人帮助解决,遇到挫折不气馁,树立信心。

19.不欺凌他人,不打架斗殴,不抽烟、喝酒、打牌、吸毒。

20.不轻信网络信息,不传谣言,不参与迷信、邪教、传销等非法活动。

尖扎县马克唐镇第二完小德育处

2021年7月6日