རྨ་ཆུ་རྫོང་རྒྱུན་སྡོད་བོད་རིགས་སློབ་ཆུང་དུ་སློབ་སྐོར་ལ་སོང་བའི་བསྡུས་འཕྲིན།

玛曲县小学藏语文学科研修基地

༄༅།།རྨ་ཆུ་རྫོང་སློབ་ཆུང་བོད་སྐད་ཡིག་བསླབ་ཚན་གསོ་སྦྱོང་ཞིབ་འཇུག་ལྟེ་གནས་ཀྱི་མི་སྣ་རྨ་ཆུ་རྫོང་རྒྱུན་སྡོད་བོད་རིགས་སློབ་ཆུང་དུ་སློབ་སྐོར་ལ་སོང་བའི་བསྡུས་འཕྲིན།
༡
སློབ་སྐོར་དུ་འགྲོ་ཡུལ།

རྨ་ཆུ་རྫོང་རྒྱུན་སྡོད་བོད་རིགས་སློབ་ཆུང་།

སློབ་སྐོར་བ།

རྨ་ཆུ་རྫོང་བོད་སྐད་ཡིག་བསླབ་ཚན་གསོ་སྦྱོང་ཞིབ་འཇུག་ལྟེ་གནས་ཀྱི་ཚོགས་མི་དགེ་རྒན་དཔལ་ཆེན།ཨོ་རྒྱན་སྒྲོལ་མ།ལྷ་མོ་སྐྱབས།རྡོ་རྗེ་ཚེ་བརྟན།རྡོ་རྗེ་སྐྱབས།པད་མ་གཡང་སྐྱིད།

སློབ་སྐོར་དུས་ཡུན།

༢༠༡༦.༦.༢༨-༢༠༢༡.༦.༢༩
༢
སློབ་སྐོར་དུ་སོང་བའི་དམིགས་ཡུལ།

རྨ་ཆུ་རྫོང་སློབ་ཆུང་སྐད་ཡིག་བསླབ་ཚན་གྱི་འཕྲིན་ལས་ཆེས་ཆེར་རྒྱས་པ་

དང་སློབ་གསོ་སློབ་ཁྲིད་ཀྱི་བྱ་བ་གོང་དུ་འཕེལ་བའི་ཆེད་དུ་ཕན་ཚུན་སློབ་སྦྱོང་དང་ཉམས་མྱོང་བརྗེ་རེས་བྱ་རྒྱུ་དེ་ཡིན།
༣
སློབ་སྐོར་བ་དགེ་རྒན་ལྷ་མོ་སྐྱབས་དང་པད་མ་གཡང་སྐྱིད་གཉིས་ཀྱིས་སློབ་སྐོར་དུ་འགྲོ་ཡུལ་གྱི་རྨ་ཆུ་རྫོང་རྒྱུན་སྡོད་བོད་རིགས་སློབ་ཆུང་གི་སྐད་ཡིག་དགེ་རྒན་ཡོངས་ལ་སྔ་གཞུག་ཏུ་སློབ་ཁྲིད་ཀྱི་གཟིགས་འབུལ་གནང་།

ཁྲིད་བྱའི་ཁ་བྱང་། ཉིན་ཐོ། ཁྲིད་མཁན།ལྷ་མོ་སྐྱབས།

ཁྲིད་བྱའི་ཁ་བྱང་། སྤྲེའུ་རི་ལས་བབས་པ། ཁྲིད་མཁན།པདྨ་གཡང་སྐྱིད།
༤
སློབ་སྐོར་དུ་འགྲོ་ཡུལ་གྱི་རྨ་ཆུ་རྫོང་རྒྱུན་སྡོད་བོད་རིགས་སློབ་ཆུང་གི་དགེ་རྒན་ཀླུ་མོ་སྙིད་དང་སྒྲོལ་བྷེ་གཉིས་ཀྱི་སློབ་ཁྲིད་ལ་ཐེངས་འདིའི་སློབ་སྐོར་བ་ཚོས་ཤར་ཉན་བྱས།
༥
སློབ་སྐོར་བ་ཚོས་རྨ་ཆུ་རྫོང་རྒྱུན་སྡོད་བོད་རིགས་སློབ་ཆུང་གི་སྐད་ཡིག་ལས་བྱ་དང་སྦྱངས་ལྷན།ཉིན་ཐོ།རྩོམ་ཡིག་སོགས་ལ་རྒྱུས་ལོན་ཞིབ་མོ་བྱས།
༦
༄༅།།ཤེར་སྡོང་འདུན་མ་སྐབས་ལྔ་བ་བསྡུས།

དཔྱད་གླེང་བ། སློབ་སྐོར་བ་དགེ་རྒན་དཔལ་ཆེན།

དཔྱད་གླེང་ཁ་བྱང་།སློབ་ཆུང་སློབ་མའི་དཔེ་ཀློག་དང་རྩོམ་ཡིག་འབྲི་སྦྱོང་སྐོར་གྱི་གཏམ་ནེའུ་ལྡངས་བགད་པའི་རྐན་སྒྲ།
༧
རྨ་ཆུ་རྫོང་རྒྱུན་སྡོད་བོད་རིགས་སློབ་ཆུང་གི་དགེ་རྒན་ཚེ་རིང་ལྷ་མོ་ལགས་ཀྱིས་སློབ་སྐོར་བ་དང་དེ་གའི་སྐད་ཡིག་དགེ་རྒན་ཡོངས་ལ་དཔེ་སྟོན་སློབ་ཁྲིད་གནང་།

ཁྲིད་བྱའི་ནང་དོན། སྐད་ཡིག་ཤེས་བྱའི་དགའ་ཚལ།7️⃣
༨
མཐར་སློབ་སྐོར་བ་རྣམས་རྨ་ཆུ་རྫོང་རྒྱུན་བོད་རིགས་སློབ་ཆུང་གི་སློབ་ཁང་རིག་གནས་ལ་རྒྱུས་ལོན་དང་དགེ་རྒན་རྣམས་ཀྱི་ཕྱག་ལས་ཁང་དུ་སོང་ནས་སློབ་ཁྲིད་སློབ་གསོའི་བྱ་བའི་སྐོར་ལ་ཁ་བརྡ་ལྷོད་ལྷོད་བྱས་ཏེ་ཐེངས་འདིའི་སློབ་སྐོར་གྱི་བྱ་བ་བཀྲ་ཤིས་པའི་ངང་མཇུག་བསྡུས།

༢༠༢༡.༦.༣༠

མཆན།

ཤར་ཉན་ཞེས་པ་ནི་推门听课བསྒྱུར་བ་ཡིན།བརྡ་མ་བཏང་བར་ཤར་སེ་ཉན་དུ་སོང་བར་གོ་དགོས་པ་ལས་དུས་ཡུན་ཐུང་ཐུང་ལ་ཉན་པར་གོ་མི་རུང་།