ཡུས་ཧྲུའུ་གྲོང་ཁྱེར་བཀྲ་ཤིས་དར་ཐང་བྱིས་སྐྱོང་ཁང་ནི་ཡུས་ཧྲུའུ་གསར་པའི་ཚོང་དོན་ཐོག་ཁང་གསུམ་པའི་ཐོག་བརྩེགས་གསུམ་པརཡོད། དེ་ནི་དམངས་སྒྲུབ་བྱིས་སྐྱོང་ཁང་ཞིག་ཡིན་ལ། ད་ལོར་འཛིན་གྲྭ་དྲུག་གི་ཚད་གཞིར་དམིགས་ནས་བྱིས་པ་ ༡༨༠ བསྡུ་འཆར་ཡོད། སློབ་གསོའི་ནང་དོན་ཐད་ནི། ཁྱབ་ཁོངས་ཆེན་པོ་ལྔ་གཙོ་བོར་བྱས་ཏེ་བྱིས་པའི་བློ་སྒོ་གསར་འབྱེད་དང་། བསམ་གཞིག་གི་ནུས་པ་མཐོ་འདེགས་གཏོང་སྟེ། རྒྱལ་ཁབ་སློབ་གསོ་པུའུ་ཡི་གཏན་འབེབས་བྱས་པའི་དགོངས་དོན་དང་། ཚན་རིག་དང་མཐུན་པའི་སྒོ་ནས་བྱིས་སྐྱོང་སློབ་གསོ་དོ་དམ་བྱས་ཏེ། འགྲོ་གྲོན་བསྡུ་བའི་ཚད་གཞི་རྒྱལ་ཁབ་ཁྲིམས་ལྟར་གཏན་འཁེལ་བྱེད་རྒྱུ། བྱིས་པའི《ལོ་གསུམ་ནས་དྲུག་བར་གྱི་འཕེལ་རྒྱས་ཕྱོགས་སྟོན》ལ་རྨང་གཞིར་བྱས་ཏེ། བྱིས་པའི་ཤེས་རབ་ཀྱི་བློ་སྒོ་འབྱེད་པའི་གཞི་འཛིན་གཙོ་བོ་བྱེད་ནས་(སྐད་གཉིས་སློབ་གསོ་གཙོས་པའི་དབྱིན་ཡིག)སློབ་ཁྲིད་ཡོད། བྱིས་པའི་སྐད་ཆའི་སྒྲ་དག་དང་གསར་གཏོད་ཀྱི་ནུས་པ། བསམ་གཞིག་གི་ནུས་པ་མཐོ་རུ་བཏང་ཏེ། བྱིས་པ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སློབ་བསྒྲུབ་དམིགས་ཡུལ་དང་ལས་འགན་བསྒྲུབ་པར་བྱེད་པའོ།

玉树市扎西达通幼儿园位于玉树州玉树市商贸楼三号楼三楼,是一所民办幼儿园。以六个班级为规模,计划招收180名幼儿。教育内容以五大领域为主让幼儿开拓创新、积极思考。严格按照国家部规定执行科学管理,依法规定收费标准。尊重幼儿《三至六岁发展指南》开设认知活动(双语、英语)课程,提高在园幼儿的语言能力、思维能力,确保在园幼儿得到全面发展。

ཞོགས་པའི་ཉི་འོད་རབ་ཏུ་འཚེར་བའི་འོད་ཟེར་སྐྲུན་དངོས་དེའི་ཟུར་དུ་འཕྲོ་སྐབས།བྱིས་སྐྱོང་ཁང་གི་ན་ཆུང་གྲོགས་པོ་ཆུང་ཆུང་ཚོ་བྲེལ་འཚུབ་དང་སྤྲོ་སེམས་ཀྱིས་འཁེངས་པའི་སྐད་སྒྲས་ཁེངས་ཡོད།སྐབས་འདིར་གསོན་ཉམས་ལྡན་པའི་ཞོགས་པའི་རོལ་དབྱངས་ཤིག་དཀྲོལ་ཞིང་།སྒོ་རའི་སྒོ་ཕྱེ་བ་དང་བསྟུན་ནས་སྤྲོ་སྣང་ལྡན་པའི་ལྷ་ཆུང་རེ་རེ་བཞིན་ཁྱིམ་བདག་དང་དགེ་རྒན་གྱི་སྣེ་ཁྲིད་འོག་དགའ་སྤྲོའི་ངང་འཛུགས་སྐྲུན་གསར་བའི་སློབ་གླིང་ནང་དུ་འཛུལ་དུས། གཞི་དེ་ནི་གྲོགས་པོ་ཆུང་ཆུང་ཚོའི་སྐྱིང་དགའ་ཚལ་དུ་གྱུར་པ་རེད།

当清晨的第一缕阳光悄悄洒在这座暖色建筑的角角落落的时候,等待入园的小朋友们充满焦急与兴奋的声音,便在此刻奏响出一首生动的晨曲,随着园门的打开,一个个快乐的小天使,在家长,老师的指引下,欢乐地飞进这座建筑物里,于是这里变成了小朋友们的乐园!

ངེད་སློབ་གླིང་གི་སློབ་གསོའི་ཁྱད་ཆོས་གཙོ་བོ་ནི།བློ་སྒོ་རྩེད་ལ་རོལ། རྩེད་སྒོ་ངག་ལ་རོལ།ངག་སྒོ་ཐབས་ལ་རོལ། ཐབས་སྒོ་འཚོ་ལ་རོལ།

我园特色以游戏开发智力、智力激发语言,语言寻找方法,方法运于生活。

བྱིས་པའི་རང་གཤིས་འཕེལ་རྒྱས་གཏོང་རྒྱུ་གཙོ་གནད་དུ་བཟུང་སྟེ། བྱིས་པའི་ལུས་སེམས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་འཇོག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག བྱིས་པ་རང་འགུལ་གྱིས་བྱ་འགུལ་ཁྲོད་དུ་ཟབ་ཞུགས་བྱ་རྒྱུ་གཙོ་བོར་བྱས་ཏེ་རང་མོས་ཀྱི་ཁྱབ་ཁོངས་རྒྱ་ཁྱབ་ཏུ་སྤེལ་ནས། འཐུས་སྒོ་ཚང་བའི་མི་གཤིས་དང་། འཚོ་བའི་རྨང་གཞིའི་ནུས་པ་གསོ་སྐྱོང་བྱ་རྒྱུ་བཅས་གཙོ་བོར་འཛིན་པ།

重点突出幼儿个性发展,以尊重幼儿身心发展规律的前提下,以幼儿参与为主,培养广泛的兴趣,健全的人格,生活的基础能力为主。

དུས་རབས་གསར་པའི་བྱིས་སྐྱོང་སློབ་གསོའི་གསར་གཏོད་དང་ས་གནས་ཀྱི་ཐུན་མིན་ཁྱད་ཆོས་དང་འཚམ་པའི་བྱིས་པའི་མི་གཤིས་གསོ་སྐྱོང་། སྤྱི་ཚོགས་ཁོར་ཡུགམ་འོངས་བྱིས་སྐྱོང་ཁང་གི་འཕེལ་རྒྱས་འཆར་འགོད་དང་མ་འོངས་འཆར་གཞི། འབྱུང་འགྱུར་རང་བཞིན་དང་སྤྱི་ཚོགས་རང་བཞིན། ཚན་རིག་རང་བཞིན་སོགས་སློབ་གསོ་དང་ཕྱོགས་ཡོངས་ཀྱི་འཛུགས་བསྐྲུན་བྱེད་པ།

开创新时代的幼儿园,结合本地区幼儿的个性发展,生活环境,制定本园的未来规划,以未来性、社会性、科学性全面建设和教育!

ཐོག་མཐའ་བར་གསུམ་དུ“བྱིས་པ་མཉམ་ཞུགས་གཙོ་བོར་བྱེད་པའི་”རྩ་དོན་དམིགས་སུ་བཟུང་སྟེ། བྱིས་པའི་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དཀྱིལ་སྙིང་ཏུ་འཛིན་ཏེ། ཕྱོགས་ཡོངས་ཀྱི་ཚན་རིག་དང་མཐུན་པའི་དོ་དམ་དང་། བྱིས་པའི་བྱང་ཚད་སྐྱེད་སྲིང་དང་དེ་བཞིན་རིག་ནུས་གསར་སྤེལ་བྱ་རྒྱུ་དང་། ཁྱད་ལྡན་གྱི་སློབ་གསོའི་བྱེད་སྒོ་སྣ་ཚོགས་སྤེལ་རྒྱུ་རེད། བྱིས་པའི་བདེ་ཐང་དེ་གྲུང་ཤ་དོད་པོར་གསོ་སྐྱོང་དང་། མཉམ་འབྲེལ་འདུ་ཤེས། ཕྱི་སྤྱོད་པའི་རང་ཚུགས་ཀྱི་ནུས་པ་དང་། ནང་བསམ་པའི་རང་རྐྱ་འཕེར་བའི་ནུས་པ་འདོན་ཐུབ་པ་བྱ་རྒྱུ་བཅས་བྱིས་པ་གསོ་སྐྱོང་གི་དམིགས་ཚད་དུ་བརྩི་དགོས། ཁྱེད་ཀྱི་ཕྲུ་གུ་ནི་ངའི་གཅེས་ཕྲུག་དང་། སྤྱི་ཚོགས་ཀྱི་རེ་བ་ཡིན་ལ། མེས་རྒྱལ་གྱི་མ་འོངས་པའང་ཡིན།

始终坚持“以幼儿参与为主”的办园宗旨,以提高幼儿教育质量为中心,实行全方位的科学管理,及幼儿素质的培养及智能的开发,办有多种特色教育活动。培养幼儿健康活波、善于合作,具有独立能力和表现自我能力作为培养目标。

您的孩子是我园的宝贝,是社会的希望,是祖国的未来!

ངེད་གྲོང་ཁྱེར་བྱིས་པའི་ཐོ་འགོད་ཁྱིམ་ཐོ་ལ་ཆ་རྐྱེན་གཤམ་གསལ་ལྟར་ཚང་དགོས།

༡ .གྲོང་ཁྱེར་དེ་གའི་ཁྱིམ་ཐོའི་ནང་སྡོད་གནས་དང་ལམ་ཐག་ཉེ་བ། རྒྱུགས་ཚད་ལེན་མི་དགོས་པར་བྱིས་སྐྱོང་ཁང་དུ་ཞུགས་པའི་རྩ་དོན་ལྟར་སློབ་མ་བསྡུ་རྒྱུ། མཆན། བྱིས་སྐྱོང་ཁང་དུ་སློབ་མ་བསྡུ་བའི་ས་ཁུལ་སྡེ་ཁག་དུ་དབྱེ་མི་ཆོག། གྲོང་ཁྱེར་དེ་གའི་སློབ་ལོ་རན་པའི་བྱིས་པས་ཁང་པའི་ཐོན་དབང་ལག་ཁྱེར་དང་། ཁྱིམ་ཐོ། ཁྱིམ་བདག་དང་ལྟ་སྐྱོང་མི་སྣའི་ཐོབ་ཐང་ལག་ཁྱེར། བྱིས་པའི་རིམས་འགོག་སྨན་ཁབ་རྒྱབ་པའི་ཁ་གསལ་ཡི་གེ། གཞི་དམར་འདྲ་པར་སོགས་འབྲེལ་ཡོད་ལག་ཁྱེར་གྱི་མ་ཡིག་དང་དེ་བཞིན་བསྐྱར་དཔར་སོགས་ཀྱི་ཁག་ཐེག་ལ་བརྟེན་ནས་དུས་ཐོག་ཏུ་མིང་ཐོ་འགོད་རྒྱུ་ཡིན།

༢.ཁང་པ་བོགས་གཏོང་བྱེད་རྒྱུར་བརྟེན་པའི་ཁྱིམ་ཚང་ལ་གོང་གསལ་གྱི་དཔྱད་ཡིག་ཕུད། ད་དུང་ཁང་པའི་བདག་དབང་གི་ལག་ཁྱེར་དང་བོགས་མར་གཏོང་བར་བརྟེན་ནས་གན་རྒྱ་འཇོག་དགོས།

གཉིས། ངེད་ཁུལ་ཁྱིམ་ཐོའི་བྱིས་པ་ཐོ་འགོད་ཀྱི་བླང་བྱ་གཤམ་གསལ་ལྟར།

༡.ཁུལ་གྱི་སློབ་ལོ་རན་པའི་བྱིས་པའི་ཁྱིམ་ཐོ་དང་། ཁང་པའི་བདག་དབང་ལག་ཁྱེར། སྒོ་བྱང་ལག་ཁྱེར། ཁྱིམ་བདག་དང་ལྟ་སྐྱོང་མཁན་གྱི་ཐོབ་ཐང་ལག་ཁྱེར། བྱིས་པའི་རིམས་འགོག་སྨན་ཁབ་རྒྱག་པའི་ཁ་གསལ་ཡི་གེ་དང་། འདྲ་པར་སོགས་འབྲེལ་ཡོད་ལག་ཁྱེར་གྱི་མ་ཡིག་དང་བསྐྱར་དཔར་བརྒྱབ་རྗེས་དུས་ཐོག་ཏུ་མིང་ཐོ་འགོད་རྒྱུ་ཡིན།

༢.ཁང་པ་བོགས་གཏོང་བྱེད་པའི་ཐད་ཁྱིམ་དུད་ལ་བརྟེན་ནས་གོང་གསལ་གྱི་དཔྱད་ཡིག་མཁོ་འདོན་བྱེད་དགོས་པ་ཕུད། ཁང་པ་བོགས་མར་ལེན་པའི་ཐད་གན་རྒྱ་དང་། ཁང་པའི་བདག་དབང་གི་ལག་ཁྱེར། ཁང་བདག་ཁས་ལེན་ཡི་གེ་ལོ་གསུམ་ནང་ཁང་པ་དེའི་ནང་ཕྲུ་གུ་གཞན་དག་མིང་ཐོ་བཀོད་ནས་བུ་བཅོལ་ཁང་དུ་སྡོད་མི་ཆོག་པའི་ཁག་ཐེག་འགན་ལེན་གཙང་མ་བཟོ་ཐུབ་དགོས།

མིང་ཐོ་འགོད་པའི་དུས་ཚོད།

མཆན། བྱིས་པ་ཚང་མར་གཟུགས་པོར་བརྟག་དཔྱད་འོས་མཚམས་ལོན་ཚར་རྗེས། ད་གཟོད་གཞི་ནས་བུ་བཅོལ་ཁང་དུ་མིང་ཐོ་བཀོད་ཆོག།

སློབ་བསྡུའི་ལོ་ན།

* ༡.འཛིན་གྲྭ་ཆུངབར། ༢༠༡༦ ལོའི་ཟླ་༩ཚེས་༡ཉིན་ནས་༢༠༡༧ལོའི་ཟླ་༨ཚེས་༣༡ཉིན་བར་སྐྱེས་པའི་ཕྲུ་གུ(སློབ་མ་༦༠བསྡུ་རྩིས་ཡོད། )

* ༢ འབྲིང་བའི་འཛིན་གྲྭར། ༢༠༡༥ལོའི་ཟླ་༩ཚེས་༡ཉིན་ནས་༢༠༡༦ལོའི་ཟླ་༨ ཚེས་༣༡ ཉིན་བར་སྐྱེས་པའི་ཕྲུ་གུ(འཆར་གཞི་ཡོད་པའི་སློབ་མ་བསྡུ་རྒྱུ)བཅས་བསྡུ་རྒྱུ་ཡིན་པ།

* ༣ འཛིན་གྲྭ་ཆེ་བར། ༢༠༡༤ལོའི་ཟླ་བ ༩ པའི་ཚེས ༡ ནས་༢༠༡༥ལོའི་ཟླ་བ ༨ པའི་ཚེས ༣༡ ཉིན་སྐྱེས་པའི་ཕྲུ་གུ( འཆར་གཞི་ནང་ལྟར་སློབ་མ༦༠ བསྡུ་རྒྱུ་ཡིན།)

* ལོ་ལོན་འཛིན་གྲྭར་ལོ་༢ དང་ཕྱེད་ཀ་བར་ནས་ ༣ དང་ཕྱེད་ཀའི་བར་གྱི་ཕྲུ་གུ་(འཆར་གཞི་ནང་ལྟར་སློབ་མ ༡༥ བསྡུ་རྒྱུ་ཡིན།) གོང་གི་ཕྲུ་གུ་ཚང་མ་གྲངས་ཀ་མ་འགབ་བར་དུ་འཆར་གཞི་ནང་ལྟར་བསྡུ་རྒྱུ་ཡིན།

* མཆན། ངེད་སློབ་གླིང་གིས་ཐོག་དང་བོ་ཡུལ་ཤུལ་གྲོང་ཁྱེར་གྱི་བྱིས་པ་རྣམས་བསྡུ་རྒྱུ་ཡིན།

༢༠༢༡ལོ་ཟླ་༧་པའི་ཚེས་༡༩ཉིན་ནས་བཟུང་ཡུལ་དངོས་ནས་མིང་ཐོ་འགོད་རྒྱུ་ཡིན། འོན་ཀྱང་། གཟའ་མཇུག་ངལ་གསོ་ཡིན་པས་མིང་ཐོ་མི་འགོད་དོ།

འབྲེལ་གཏུགས་བྱེད་ཡུལ། བཀྲ་ཤིས་ཚེ་རིང་། 13897561659

ཀུན་བཟང་ལྷ་འཛོམས ། 15597530905

本市户籍幼儿报名要求:

1、本市户籍实行居住地就近、免试入园的原则招生。注:幼儿园招生不划片区。本市适龄儿童凭房屋产权证、户口薄、家长及监护人身份证、儿童疫苗接种本、小二寸红底照片等相关证件的原件及复印件进行现场报名。

2、房屋租凭住户除了上述资料外,还需房住房屋产权证、租凭合同。

二、本州户籍幼儿报名要求:

1、本州户籍适龄幼儿户口薄、房屋产权证、门牌证、家长及监护人身份证、儿童接种疫苗本、小二寸红底照片等相关证件的原件及复印件进行现场报名。

2、房屋租凭住户除了提供上述资料以外,需房屋租凭合同、房主房屋产权证、房主承诺书、三年内该房屋不得用于其他幼儿报名入园。

注:所有幼儿体检合格方可入园。

招生年龄:1、小班:2016年9月1日至2017年8月31日前出生的幼儿(计划招生60名幼儿、招满为止)2、中班:2015年9月1日至2016年8月31日前出生的幼儿(计划招生60名幼儿、招满为止)3、大班:2014年9月1日至2015年8月31日前出生的幼儿(计划招生60名幼儿,招满为止)4、托班:2岁半至3岁半的幼儿(计划招生15名幼儿,招满为止)三、报名时间:

2021年7月19日开始进行现场报名,周六周日休息。

注:优先录取玉树市户籍。联系电话: 扎西才仁:13897561659 更松拉藏:15597530905

这是我们的厨房

玉树市扎西达通幼儿园欢迎您🎊🎊🎉🎉🎊