སློབ་གླིང་གི་སྐྱེད་ཚལ་ན་ཤེས་ཡོན་གྱི་གར་ལ་རོལ་ཅིང་།ཤེས་བྱ་ཡི་ཐང་ཆེན་ན་བློ་རིག་གི་བང་རྩལ་ངོམས་པའི་སློབ་གྲོགས་ལྷན་རྒྱས།ཚང་མ་སྐུ་ཁམས་བཟང་།ང་ནི་ཐེངས་འདིའི་སྤྱན་ཁྱེར་སློབ་མའི་དཔེ་ཀློག་མཉམ་རོལ་གྱི་མདོ་འཛིན་མཁན་ལྔ་གཉིས་འཛིན་གྲྭའི་སློབ་མ་རྡོ་རྗེ་སྐྱིད་ཡིན།

དབྱར་གྱི་མཛེས་མས་ལྗང་མདོག་གི་གོས་ལྭ་མནབས་ཤིང་།རྐང་དྲུག་བུང་བས་དྲུག་འགྱུར་གྱི་གསུང་སྙན་སྒྲོག་བཞིན་མེ་ཏོག་སྣ་བརྒྱའི་ཟེའུ་འབྲུ་ལེན་པའི་དབྱར་ཟླ་ལྔ་བ་བསུ་བའི་བཀྲ་ཤིས་དུས་བཟང་འདིར།ང་ཚོའི་ལྔ་གཉིས་འཛིན་གྲྭས་གཙོ་སྒྲུབ་བྱེད་པའི་དཔེ་ཀློག་མཉམ་རོལ་ལ་གསན་རོགས།

ཞོལ་ནས་ལྔ་གཉིས་འཛིན་གྲྭའི་སློབ་གྲོགས་བན་དེ་བཀྲ་ཤིས་ཀྱིས་ཤིང་བཟོ་ཀུན་དགའ་ཞེས་པའི་གཏམ་རྒྱུད་བཀླགས་རྗེས་ཀྱི་མྱོང་ཚོར་ཁྱེད་ཅག་ལ་མཉམ་རོལ་བྱ་རྒྱུ་ཡིན་པས་ཚང་མས་གསན་རོགས།

དཔེ་ཀློག་ནི་ཕྱི་རོལ་གྱི་འཇིག་རྟེན་ལ་རྒྱུས་ལོན་བྱེད་པའི་སྒེའུ་ཁུང་ལྟ་བུ་ཡིན་པས།ཁྱིམ་ཚང་ལ་དཔེ་ཀློག་མེད་ན་ཁང་བ་ལ་སྒེའུ་ཁུང་མེད་པ་དང་ཀུན་ནས་མཚུངས།ཞོལ་ནས་སློབ་གྲོགས་བསོད་ནམས་སྒྲོལ་མ་ཆེ་བས་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་དང་མི་རྟག་དྲན་པའི་གསུང་མགུར་བཀླགས་རྗེས་ཀྱི་མྱོང་ཚོར་མཉམ་རོལ་བྱ་རྒྱུ་རེད།

དཔེ་ཆ་ནི་མིའི་རིགས་ཀྱི་ཤེས་རབ་ལས་འཕྲོས་པའི་གཟི་འོད་ཡིན།གཟི་འོད་འདི་ཡིས་ང་ཚོ་ལ་ཤེས་རིག་འཕེལ།ང་ཚོས་དཔེ་ཀློག་བྱེད།དཔེ་ཀློག་གིས་མིའི་རིགས་ལ་ཤེས་རིག་དང་དཔལ་ཡོན་གྱི་མཚར་སྡུག་བསྐྲུན།

སྤྱིའི་ལྟ་སྐུལ། རྟ་མགྲིན་མགོན་པོ།

རྩོམ་སྒྲིག་འགན་ཁུར། སྒྲོལ་མ་སྐྱིད།

རྩོམ་སྒྲིག བན་དེ་སྐྱིད་བོད་ཡིག་ལས་ཤག

རྒྱུ་ཆ་འདོན་སྤྲོད། ལྔ༢འཛིན་གྲྭ།