༄༅།།གཙོས་གྲོང་ཁྱེར་བོད་སྐད་ཡིག་དཔྱད་ཞིབ་ལྟེ་གནས་ཀྱིས་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ་བའི་སློབ་ཆུང་སློབ་མའི་མཛའ་བརྩེ་དཔེ་ཀློག་མཉམ་རོལ།

ཏང་གི་སློབ་གསོའི་ཁ་ཕྱོགས་གསར་བ་རྒྱུན་འཁྱོངས་དང་ཁྱོན་ཡོངས་ནས་བྱང་ཚད་སློབ་གསོའི་རྒྱུ་སྤུས་མཐོར་འདེགས་གཏོང་བ།ཏང་བཙུགས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བ་དང་ཀྲུང་ཧྭའི་རིག་གནས་དཔལ་ཡོན་ཡར་རྒྱས་གཏོང་ཆེད།ལང་ཚོའི་འདབ་ལག་རྒྱས་ཤིང་ཤེས་ཡོན་དོན་དུ་གཉེར་བའི་སློབ་ཆུང་གི་སློབ་མར་ཏང་དང་མེས་རྒྱལ་ལ་དགའ་ཞེན་དང་།ལྷག་པར་དུ་མི་རིགས་ཀྱི་སྐད་དང་ཡི་གེ་ལ་དགའ་ཞིང་དུངས་པའི་བསམ་བློའི་འདུ་ཤེས་ཆགས་པར༢༠༢༡ལོའི་ཟླ༦ཚེས༡༦ཉིན་གྱི་ཞོགས་པར་གཙོས་གྲོང་ཁྱེར་སློབ་ཆུང་ལྔ་བ་ནས་སློབ་མའི་མཛའ་བརྩེའི་དཔེ་ཀློག་མཉམ་རོལ་ཐེངས་དང་པོའི་བྱ་འགུལ་སྤེལ།

དཔེ་ཆ་ནི་འགྲོ་བ་མི་ཡར་ཐོན་གྱི་ཐེམ་སྐས་ཡིན་ལ།དཔེ་ཆ་ནི་འགྲོ་བ་མིའི་རྩ་ཆེ་བའི་བསམ་པའི་རྒྱུ་ནོརའང་ཡིན།དཔེ་ཆ་བཀླགས་ན་ང་ཚོའི་ཤེས་རབ་དང་སྤྲོ་སྣང་རྒྱས་ཐུབ་པར་མ་ཟད།དཔེ་ཀློག་ནི་ཚེ་གང་བོར་ང་ཚོ་དང་ངེས་པར་འགྲོགས་དགོས་པའི་འཚོལ་རྟོག་དང་གསར་རྙེད་ཀྱི་བརྒྱུད་རིམ་ཡང་ཡིན།གལ་ཏེ་དཔེ་ཆ་ཀློག་རྒྱུ་དེ་གོམས་གཤིས་ཤིག་ཏུ་གྱུར་ཚེ།དེ་ནི་ས་བོན་ཆུང་ཆུང་ཞིག་ང་ཚོའི་སེམས་སུ་བཏབ་པ་ལྟར་རྩ་བ་ཚུགས་ནས་མྱུ་གུ་རྒྱས་པ་དང་།མེ་ཏོག་བཞད་ནས་འབྲས་བུ་སྨིན་པར་གྱུར་ཏེ།ང་ཚོའི་འཚར་ལོངས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཤིག་འབྱུང་བར་ཐེ་ཚོམ་ག་ལ་ཡོད།

སློབ་མ་རེ་རེ་ནི་ང་ཚོའི་མེས་རྒྱལ་གྱི་མ་འོངས་པའི་མེ་ཏོག་དང་ལྷག་པར་དུ་ཁྱིམ་ཚང་གི་རེ་བ་ཡིན་ཕྱིར་ཁོ་ཚོའི་མི་ཚེ་དར་རྒུད་དང་འཚར་ལོངས་བྱུང་བའི་བརྒྱུད་རིམ་ནི་ཁྱིམ་བདག་དང་དགེ་རྒན་གྱི་སློབ་གསོ་ལ་འབྲལ་ཐབས་མེད་དེ་ཐེངས་འདིའི་བྱ་འགུལ་ལའང་གཙོས་གྲོང་ཁྱེར་ཡོངས་ཀྱི་བོད་ཡིག་གཙོ་བྱས་པའི་སློབ་གྲྭ་སོ་སོའི་ཚབ་ཞུགས་མི་སྣས་དཔེ་ཀློག་བྱེད་བཞིན་པའི་རྣམ་པ།

ཇི་སྐད་དུ་དཔེ་དེབ་ཁྲི་ཕྲག་བཀླགས་གྱུར་ན།སྨྱུག་ཁ་ལྷ་ཡིས་ཁ་ལོ་བསྒྱུར།ཅེས་གསུང་བ་ལྟར་དཔེ་ཀློག་གིས་ཚེ་འདི་ཕྱི་གཉིས་ཀར་ཕན་འདོགས་ཐུབ་ཅིང་།དཔེ་ཀློག་གིས་ཁྱོད་ཀྱི་ཕྱི་ནང་གཉིས་ཀ་ཕུན་སུམ་ཚོགས་པར་བསྒྱུར་ཐུབ་པས་ད་ནི་ཤ་ཚོན་པོ་དང་ཇ་མངར་མོ་འཐུང་ནས་འདུག་ཁོམ་མེད་དེ།འཚོ་བའི་ཁྲོད་དུ་དཔེ་ཀློག་ནི་ཟ་མ་ཟ་བ་ནང་བཞིན་བརྗེད་དུ་མེད་ལ་བསྐྱུར་མི་རུང་བའི་གོམས་སྲོལ་ལྟ་བུར་ཆགས་ན་འགྲིག མཐར་དཔེ་ཀློག་གི་ཆུ་རྒྱུན་ལ་ནམ་ཡང་ཉམས་པ་མེད་པའི་བཀྲ་ཤིས་སྨོན་འདུན་ཞུ།

མཇུག་མཐར་གཙོས་གྲོང་ཁྱེར་སློབ་ཆུང་བོད་སྐད་ཡིག་རིག་ཚན་དཔྱད་ཞིབ་ལྟེ་གནས་ཀྱི་སྤྱིའི་མགོ་འཛིན་པའམ་སློབ་གཙོ་རྟ་མགྲིན་མགོན་པོ་ལགས་ཀྱིས་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་སློབ་མར་དཔེ་ཀློག་གི་གལ་ཆེན་རང་བཞིན་དང་།རྗེས་ཕྱོགས་དཔེ་ཀློག་བྱེད་སྐབས་ཕྱོགས་གང་དག་ལ་མཉམ་འཇོག་བྱེད་དགོས་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གནང་།

རྩོམ་སྒྲིག་འགན་ཁུར་བ། སློབ་ཆུང་ལྔ་བའི་བོད་ཡིག་སློབ་

དཔྱོད་ཁང་།

སྤྱིའི་ལྟ་སྐུལ་བ། དཔལ་མགོན་ཚེ་རིང་།