བྲག་དཀར་རྫོང་དཔལ་ཁ་མི་རིགས་བཅའ་སྡོད་སློབ་ཆུང་།

兴海县河卡镇民族寄宿制小学

བྱིས་པར་བདེ་ཐང་ངང་འཚར་ལོངས་ཡོང་བའི་ཁོར་ཡུག་ཅིག་བསྐྲུན་རྒྱུ་ནི་སློབ་གྲྭ་དང་ཁྱིམ་བདག སྤྱི་ཚོགས་བཅས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན་པ་གཞིར་བཟུང་ནས། ང་ཚོའི་མཉམ་དུ་རྒྱལ་ཁབ་སློབ་གསོ་པུའུ་དང་ཞིང་ཆེན་སློབ་གསོ་ཐེན། ཁུལ་དང་རྫོང་སློབ་གསོ་ཅུས་ཀྱི་ཡིག་ཆའི་དགོངས་དོན་ནང་ལྟར། ཕྱོགས་ཡོངས་ནས་སློབ་གསོའི་སྲིད་ཇུས་གསར་བ་སྟེ།༼དོ་དམ་ཁག་ལྔ༽ལ་སློབ་སྦྱོང་ལེགས་པོ་བྱས་ཏེ་ཤུགས་སྣོན་དང་སྐུལ་འདེད་གཏོང་དགོས།

努力为孩子提供良好的健康成长环境是学校、家庭和社会的共同责任,为全面落实立德树人根本任务,切实减轻孩子过

重课业负担,促进孩子健康成长,形成学校家庭社会协同育人新格局。
གཉིད་འདང་དགོས། 睡眠管理
ཆེད་མཁས་པའི་ཞིབ་འཇུག་ནང་ལྟར་སློབ་ཆུང་སློབ་མའི་ངལ་གསོའི་དུས་ཡུན་འདང་ན་རིག་པ་གསལ་ལ་གཟུགས་གཞི་བདེ་བ་རྒྱུ་མཚན་དུ་བྱས་ནས། སྔ་དྲོའི་སློབ་ཁྲིད་དུས་ཚོད་བརྒྱད་དང་སྐར་མ་ཉི་ཤུ་ལས་མི་སྔ་བ་དང་། དགུང་མོ་གཉིད་པའི་དུས་ཚོད་དགུ་དང་སྐར་མ་ཉི་ཤུ་ལས་འགོར་མི་རུང་བ་གཏན་འཁེལ་བྱས་ཡོད།

小学生,要做到,按时睡眠休息好;

不玩手机不熬夜,早睡早起身体好;

作息自主要规律,心情愉快精神好。
ལུས་བདེ་དགོས། 体质管理
ལུས་ཕུང་བདེ་ཐང་ནི་བདེ་སྐྱིད་ཀྱི་རྩ་བ་ཡིན་པ་ནང་ལྟར་སློབ་ཁང་དུ་མིག་དབང་སྲུང་སྐྱོབ་ཀྱི་ལུས་སྦྱོང་ཉིན་རེར་སྔ་ཕྱིར་ཐེངས་རེ་བྱེད་པ་དང་། སློབ་ཁང་ཕྱི་རོལ་ནས་རྒྱང་སྒྲོག་ལུས་སྦྱོང་དང་ལུས་རྩལ་སྣ་ཚོགས་སྦྱོང་དགོས་པ་ཟད།སློབ་ཐུན་རེ་གྲོལ་རྗེས་སློབ་ཁང་སྒོར་བུད་དེ་རྒྱང་རིང་ལ་གཟིགས་པ་དང་འོས་འཚམ་གྱི་རྩེད་མོ་རྩེ་ནས་ལྷོད་གཡེང་བྱེད་དགོས།

学校里,勤锻炼,眼保健操广播操,

学轮滑,创编操,体育运动不能少;

坚持每天一小时,强健身体基础牢。
ཁ་པར་ལ་བྲལ་དགོས 手机管理
དྲ་རྒྱ་དང་རོལ་རྩེད་ལ་སེམས་ཆགས་ནས་དུས་ཚོད་འཕྲོ་རླག་གཏོང་བ་འགོག་རྒོལ་དང་སེམས་ཁམས་བདེ་ཐང་ངང་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་བྱེད་ཐུབ་པ་དམིགས་ཡུལ་དུ་བཟུང་ནས། སློབ་ཆུང་སློབ་མས་ལག་ཁྱེར་ཁ་པར་དང་ཁ་པར་དུས་ཚོད་སོགས་སློབ་གྲྭར་ཁྱེར་ཡོང་མི་ཆོག གལ་ཏེ་ངེས་པར་ཁྱིམ་བདག་ལ་འབྲེལ་གཏུག་བྱེད་དགོས་ཚེ། འཛིན་བདག་དང་སློབ་གྲྭས་བཀོད་སྒྲིག་བྱེད་ངེས་ཡིན།

手机电话不进校,影响学习不能要,

常玩手机和电脑,眼睛身体都不好,

如有联系家长,老师帮你借电话。
ལས་བྱ་ལེགས་དགོས 作业管理
སློབ་མའི་སློབ་སྦྱོང་གི་ཁུར་བོ་ལྕི་དྲགས་པ་ཇེ་ཡང་དང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན། ཕ་མས་བུ་ཕྲུག་ལ་ཁྱིམ་ཚང་སློབ་གསོ་གཏོང་བའི་གོ་སྐབས་ངེས་ཅན་ཞིག་ཡོད་པ་བཅས་ལ་དམིགས་ནས། ཡིག་ཐོག་གི་ལས་བྱའི་མང་ཉུང་ཚད་དང་རན་པ་བྱེད་དགོས་ཏེ། སློབ་ཆུང་སློབ་མར་མཚོན་ན་ཉིན་རེར་སྐར་མ༦༠ནང་དུ། ཡིག་ཐོག་གི་ལས་བྱ་བྲིས་ཚར་ཐུབ་པ་བཀོད་སྒྲིག་བྱེད་དགོས་པ་ལས། བསྐྱར་བསྡུས་རང་བཞིན་དང་ཆད་གཅོད་རང་བཞིན་གྱི་ལས་བྱ་བཀོད་སྒྲིག་མི་བྱེད་པར། གཙོ་བོ་སྤུས་ཚད་ལྡན་ལ་ཡར་རྒྱས་ཡོད་པ། བསམ་གཞིག་ཅན་གྱི་ལས་བྱར་བརྩོན་ལེན་བྱ་དགོས།

自主学会管理,作业时间统筹好。

争做学习小主人,专心听讲很重要。

书面整洁字端正,素质教育显成效。
ཚད་ལྡན་དཔེ་ཆ། 课外读物管理
བསམ་བློ་ཡར་བསྐྱེད་དང་སེམས་ཁམས་བདེ་ཐང་སྐོར་གྱི་བསླབ་ཕྱིའི་དཔེ་ཆ་རང་མོས་ངང་ཉོ་བ་དང་ཀློག་པའི་གོམས་གཤིས་ལོབ་ཏུ་འཇུག་པ་ལས། ནང་དོན་ཚད་ལྡན་མིན་ལ་བསམ་བློ་ལྡོག་ཕྱོགས་སུ་འདྲེན་པའི་ཚུལ་མིན་གྱི་དཔེ་ཆ་གཏན་འགོག་བྱེད་དགོས་སོ།།

书山有路勤为经,博览群书不可少。

爱读书,爱动脑,养成阅读习惯好。

爱学习,爱思考,醇香少年志向高。
加强五项管理