དོ་དམ་ལྔ་ལ་ཤུགས་བསྣན་ཏེ་སློབ་མའི་ལུས་སེམས་བདེ་ཐང་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་དགོས

美友6594589

རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་བཅའ་སྡོད་མི་རིགས་སློབ་ཆུང་་གིས་སློབ་མའི་ཁྱིམ་བདག་ལ་སྤྲིངས་པའི་འཕྲིན་ཡིག་ཅིག

དོ་དམ་ལྔ་ལ་ཤུགས་བསྣན་ཏེ་སློབ་མའི་ལུས་སེམས་བདེ་ཐང་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་དགོས

加强“五项管理” 促进学生身心健康发展

--致学生家长的一封信

གུས་པར་འོས་པའི་ཁྱིམ་བདག་ལགས།

ཧུར་ཐག་གིས་བྱིས་པར་བདེ་ཐང་ངང་འཚར་ལོངས་ཡོང་བའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུ་ནི་སློབ་གྲྭ་དང་ཁྱིམ་ཚང་།  སྤྱི་ཚོགས་བཅས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན་ཞིང་། སྤྱོད་བཟང་མི་སྣ་གསོ་སྐྱོང་གི་རྩ་བའི་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་།  སློབ་མའི་སློབ་སྦྱོང་གི་ཁུར་པོ་ཇེ་ཡང་དུ་གཏོང་བ། སློབ་མ་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་སྐུལ་འདེད་གཏོང་བ། སློབ་གྲྭ་དང་། ཁྱིམ་ཚང་། སྤྱི་ཚོགས་བཅས་ཀྱིས་མཉམ་དུ་མི་སྣ་གསོ་སྐྱོང་བྱེད་པའི་རྣམ་པ་གསར་པ་ཞིག་ཆགས་པ་བཅས་བྱེད་ཆེད། ད་ཐེངས“དོ་དམ་དོན་ཚན་ལྔར”ཤུགས་སྣོན་བརྒྱབ་ནས་སློབ་མའི་ལུས་སེམས་བདེ་ཐང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་དོན་ཚན་འགའ་ཞུ་རྒྱུ་ཡིན་པས་ཐུགས་ལ་འཇགས་པར་འཚལ།

01 ལས་བྱ་དོ་དམ་གྱི་སྐོར།

སློབ་མའི་སློབ་སྦྱོང་གི་ཁུར་པོ་ཇེ་ཡང་དུ་གཏོང་ཆེད། རང་རེའི་སློབ་གྲྭ་དང་དགེ་རྒན་གྱིས་ཁྱིམ་ཚང་ནས་སྒྲུབ་པའི་ལས་བྱར་ཚོད་འཛིན་ནན་མོ་དང་། ལས་བྱའི་བཀོད་སྒྲིག་གི་སྤུས་ཚད་ལ་ཞིབ་འཇུག་བྱ་བར་ཤུགས་སྣོན་རྒྱག་པ། ལས་བྱའི་སྤྱི་འབོར་དང་བསླབ་ཚན་དོ་སྙོམས་ཡོང་རྒྱུར་མཐོང་ཆེན་བྱེད་པ་སྟེ་ཉིན་གུང་དུས་ཚོད་གཅིག་དང་དགོང་སྦྱོང་སྐབས་དུས་ཚོད་གཅིག་དང་ཕྱེད་ཀའི་རིང་ལ་ལས་བྱ་འབྲི་བའི་དུས་ཚོད་བཀོད་སྒྲིག་བྱེད་པ་ལས་གཞན། གཟའ་མཇུག་དང་དབྱར་དགུན་གནང་། ཁྲིམས་ཀྱིས་གཏན་འབེལ་བྱས་པའི་དུས་ཆེན་ཏེ་ངལ་གསོ་དུས་སྐབས་ལ་ཡང་ལས་བྱ་སྒྲུབ་པའི་དུས་ཚོད་ཀྱི་གྲངས་ཚད་ལ་ཚོད་འཛིན་བྱེད་པ། ལས་བྱ་དཀའ་སླ་སློབ་མའི་དོན་དངོས་དང་མཐུན་པ། ཁྱིམ་བདག་ལ་ལས་བྱ་བཀོད་སྒྲིག་མི་བྱེད་པ་དང་ལས་བྱར་ཞིབ་བཤེར་བྱ་བའི་རེ་བ་མི་འདོན་པ། ལས་བྱའི་རིགས་ལ་གསར་གཏོད་ཀྱི་ཆ་དང་ལྡན་པ། འབྲས་མེད་ཀྱི་སྦྱོང་བརྡར། བསྐྱར་ཟློས་དང་ཆད་གཅོད་རང་བཞིན་གྱི་ལས་བྱ་བཀོད་སྒྲིག་མི་བྱེད་པ་བཅས་སོ།།

02 གཉིད་ཡུར་དོ་དམ་གྱི་སྐོར།

སློབ་མ་གཉིད་པའི་དུས་ཚོད་འདང་ངེས་ཤིག་ཁྱོན་ཡོངས་ནས་འགན་ལེན་བྱེད་ཆེད། སློབ་གྲྭ་དང་དགེ་རྒན་གྱིས་སློབ་མའི་ངལ་གསོའི་དུས་ཚོད་དོ་དམ་ལ་ཁྱོན་ཡོངས་ནས་ཤུགས་བསྣན་ཏེ། སྔ་དྲོ་སློབ་ཁྲིད་བྱེད་པའི་དུས་ཚོད 8:00ལས་མི་སྔ་པ། དགོང་མོ་གཉིད་ཡུར་བའི་ཆུ་ཚོད22:00ལས་མི་ཕྱི་པ་ལས་གཞན། སློབ་མའི་གཉིད་ཀྱི་གནས་ཚུལ་དེ་སློབ་མའི་གཟུགས་གཞི་བདེ་ཐང་དང་སློབ་གསོའི་སྤུས་ཚད་ལ་གདེང་འཇོག་ལྟ་ཞིབ་ཚད་ལེན་བྱེད་པའི་མ་ལག་ནང་བཞག་ཡོད།

03 ལག་ཁྱེར་ཁ་པར་དོ་དམ་གྱི་སྐོར།

སློབ་མའི་མིག་དབང་ལ་སྲུང་སྐྱོབ་དང་། སློབ་མས་སློབ་གྲྭར་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་བྱེད་པ། དྲ་རྒྱ་དང་རོལ་རྩེད་ལ་མི་གཡེང་བ་དང་སློབ་མའི་ལུས་སེམས་བདེ་ཐང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། རང་རེའི་སློབ་གྲྭས་གཟའ་མཇུག་འཛིན་ཚོགས་དང་ཚོགས་འདུ་ཆེ་མ་ཆུང་གསུམ་ནས་ཁ་པར་གྱི་དགེ་སྐྱོན་གླེང་སྟེ་སློབ་མ་ཚོར་མི་སྒེར་གྱི་ལག་ཁྱེར་ཁ་པར་སློབ་གྲྭར་འཁྱེར་མི་ཡོང་ཆོག་པའི་བླང་བྱ་བཏོན་ཏེ་སྒྲིག་སྲོལ་གཏན་འཁེལ་དང་གན་རྒྱ་བཞག་ཡོད་པ་མ་ཟད། སློབ་གྲྭས་འབྲེལ་ཡོད་ལས་ཁུངས་དང་མཉམ་སྒྲུབ་སྒོས་སློབ་གྲྭའི་སྒོ་ཁ་དང་སློབ་ཁང་གི་ཚོམས་ཆེན། མལ་ཁང་གི་ནང་ཆེན་དུ་སྤྱི་སྤྱོད་ཁ་པར་བཙུགས་ཡོད་པས། ཁྱིམ་བདག་དང་འབྲེལ་འདྲིས་བྱ་བར་སྟབས་བདེ་བསྐྲུན་ཡོད། གཞན་ཡང་། གནས་ཚུལ་ཁྱད་པར་བ་དང་དགོས་དབང་གིས་ཁ་པར་སློབ་གྲྭར་འཁྱེར་ཡོང་དགོས་ཚེ། ཐོག་མར་འཛིན་བདག་དང་ལོ་རིམ་ཚན་ཁག་ལ་ཡིག་ཐོག་ནས་རེ་འདུན་ཞུ་བ་དང་ལོ་རིམ་ཚན་ཁག་ནས་གཅིག་གྱུར་གྱིས་བདག་དོམ་བྱེད་ཀྱིན་ཡོད།

04 བཀླག་དེབ་དོ་དམ་གྱི་སྐོར།

སློབ་རའི་བསླབ་ཕྱིའི་བཀླག་དེབ་དོ་དམ་སྔར་ལས་ཚད་ལྡན་དུ་གཏོང་ཆེད། སློབ་གྲྭ་དང་དགེ་རྒན་གྱིས་ཞིབ་ཚགས་ངང་སློབ་རར་ཐོན་པའི་བསླབ་ཕྱིའི་བཀླག་དེབ་འདེམས་སྒྲུག་དང་ཞིབ་བཤེར། འོས་སྦྱོར་བཅས་ཀྱི་གོ་རིམ་བརྒྱུད་འོས་སྦྱོར་གྱི་ཚད་གཞི་དང་བླང་བྱ་ཁ་གསལ་གཏན་འཁེལ་བྱས་པ་དང་། རང་རེའི་སློབ་གྲྭས་འོས་སྦྱོར་དང་འདེམས་སྒྲུག་བྱས་པའི་བསླབ་ཕྱིའི་བཀླག་དེབ་ཀྱི་ཐོ་ཡིག་སློབ་མ་དང་ཁྱིམ་བདག་ལ་ཁྱབ་བསྒྲགས་བྱ་རྒྱུ་མ་ཟད། གོང་རིམ་སློབ་གསོ་གཙོ་སྐྱོང་སྡེ་ཁག་ཏུ་ཐོ་འགོད་བྱ་རྒྱུ། རང་མོས་ངང་བསླབ་ཕྱིའི་བཀླག་དེབ་ཉོ་བའི་རྩ་དོན་མཐའ་འཁྱོངས་བྱེད་པ་ལས་བཙན་ཤེད་དམ་ཡང་ན་ངོ་བོ་འགྱུར་བའི་བཙན་ཤེད་ཀྱིས་སློབ་མར་བསླབ་ཕྱིའི་བཀླག་དེབ་ཉོ་རུ་འཇུག་པ་དང་མཉམ་སྡེབ་ངང་ཉོ་བར་རྩ་འཛུགས་བྱ་བར་གཏན་འགོག་བྱ་བ་དང་། ལས་ཁུངས་དང་མི་སྒེར་གང་ཞིག་གིས་སློབ་གྲྭ་ནས་འཆད་ཁྲིད་དང་གཏམ་བཤད། གསབ་སྦྱོང་སོགས་ཀྱི་བྱ་འགུལ་བརྒྱུད་ནས་བསླབ་ཕྱིའི་བཀླག་དེབ་ཕྱིར་འཚོང་བྱ་བར་གཏན་འགོག་བྱ་རྒྱུ། གཞན་ཡང་རང་རེའི་སློབ་གྲྭས《སློབ་གྲྭ་ཆུང་འབྲིང་གི་སློབ་མའི་བསླབ་ཕྱིའི་བཀླག་དེབ་སློབ་རར་འདྲེན་པར་དོ་དམ་བྱེད་ཐབས》ལས་བཏོན་པའི་ལྡོག་ཕྱོགས་ཀྱི་རྩིས་ཐོ12ལ་ཞིབ་བསྡུར་བྱས་ནས་སློབ་རའི་བསླབ་དེབ་དང་བསླབ་ཕྱིའི་བཀླག་དེབ་ལ་ཁྱོན་ཡོངས་ནས་གཙང་བཤེར་བྱས་ཡོད།

05 གཟུགས་གཞི་དོ་དམ་གྱི་སྐོར།

སློབ་མའི་ལུས་རྩལ་དང་བདེ་ཐང་གི་བྱང་ཚད་མཐོ་རུ་གཏོང་བ་དང་སློབ་མའི་གཟུགས་གཞི་བདེ་ཐང་གི་འདུ་ཤེས་དང་ནུས་པ་ཆེ་རུ་གཏོང་ཆེད།སློབ་གྲྭ་དང་དགེ་རྒན་གྱིས་སློབ་མའི་གཟུགས་གཞི་བདེ་ཐང་གི་དོ་དམ་ལས་དོན་དེ་སློབ་གྲྭའི་གདེང་འཇོག་དཔྱད་ཞིབ་མ་ལག་ནང་བཞག་ནས་ལུས་རྩལ་དང་བདེ་ཐང་གི་སློབ་ཁྲིད་གཏན་འཁེལ་ཆ་རྐྱེན་ལྟར་འདང་ངེས་འཚོགས་ཏེ་གཟའ་འཁོར་རེར་སློབ་ཁྲིད2འཚོག་རྒྱུ་འགན་ལེན་བྱེད་པ། སློབ་མས་ཉིན་རེར་སློབ་གྲྭའི་ནང་གི་ཆུ་ཚོད2རིང་གི་ལུས་རྩལ་བྱེད་སྒོའི་དུས་ཚོད་འགན་སྲུང་གང་ཐུབ་བྱ་རྒྱུ། ཉིན་རེར་སློབ་གསེང་བར་རྩལ་རྩེད་པར་སྐར་མ་སུམ་ཅུ་བཀོད་སྒྲིག་བྱས་ཡོད་པ་དང་སློབ་ཁྲིད་རེ་རེའི་བར་གསེང་ནས་སྐར་མ་བཅུ་ལ་འོས་འཚམ་གྱི་འགུལ་སྐྱོད་དང་ལུས་ཕུང་སྦྱོང་བ། སློབ་མ་རེར་ལུས་རྩལ་ནུས་རྩལ་གཅིག་ནས་གཉིས་ལ་བྱང་བར་བྱ་བ། སློབ་གསོ་པུའུ་དང་རང་རེའི་ཞིང་ཆེན་གྱིས་བཏོན་པའི《བྱིས་པ་དང་གཞོན་ནུ་ལོ་ཆུང་གི་རྒྱང་སྒྲིབ་མིག་ལ་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་བྱེད་པའི་ལག་བསྟར་ཇུས་གཞི》དོན་འཁྱོལ་ནན་མོ་བྱས་ནས་སློབ་མའི་མིག་དབང་གི་གནས་ཚུལ་ལྟ་ཞིབ་ཚད་ལེན་བྱེད་པའི་སྒྲིག་སྲོལ་འཐུས་ཚང་དང་སློབ་མ་སྒྲིག་འཛུགས་བྱས་ནས་ཉིན་ལྟར་ཕྱི་དྲོ་མིག་སྲུང་ལུས་སྦྱོང་ཐེངས་རེ་བྱས་ནས་སློབ་སྐབས་རེར་མིག་ཤེད་བརྟག་དཔྱད་ཐེངས2དོན་འཁྱོལ་བྱས་ཏེ་མིག་ཤེད་བདེ་ཐང་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན།

རྒྱ་ཆེའི་ཁྱིམ་བདག་དང་གྲོགས་པོ་རྣམས་ཀྱིས་གོང་གསལ་གྱི་དོན་ཚན་དག་གི་དགོངས་དོན་ལྟར། སློབ་གྲྭ་དང་དགེ་རྒན་རྣམས་ཀྱིས་ནན་ཏན་གྱིས་ལག་ལེན་མཐར་ཕྱིན་བསྟར་ཚུལ་ལ་ལྟ་སྐུལ་བྱེད་རྒྱུའི་རེ་བ་བཅོལ་བ་ཡིན། དེ་དང་ཆབས་ཅིག ཁྱེད་ཀྱིས་སློབ་གསོའི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ། རང་ངོས་ཀྱིས་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་དང་། བུ་ཕྲུག་བདེ་ཐང་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ནས་རང་འགུལ་གྱིས “དོ་དམ་ཁག་ལྔར”ཤུགས་སྣོན་རྒྱག་པ་དང་སློབ་མའི་ལུས་སེམས་བདེ་ཐང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་ཁྲོད་ཞུགས་པ་ལས་གཞན། 《ཁྱིམ་བདག་གི་ཁས་ལེན་ཡི་གེའི》ནང་དོན་གཞིར་བཟུང་སྟེ་སློབ་གསོའི་སྲིད་འཛིན་སྡེ་ཚན་དང་སློབ་གྲྭ། དགེ་རྒན་ལ་རོགས་འདེགས་བྱས་ཏེ་མཉམ་དུ་སློབ་མ་ཚོར་སློབ་གསོའི་ཁོར་ཡུག་བཟང་པོ་བསྐྲུན་པར་འབད་དགོས། ཁྱེད་རང་གིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ།

2021ལོའི་ཟླ6པའི་ཚེས15ཉིན།