༄༅།།རྨ་ཆུ་རྫོང་སློབ་ཆུང་བོད་སྐད་ཡིག་བསླབ་ཚན་གསོ་སྦྱོང་ཞིབ་འཇུག་ལྟེ་གནས་ཀྱི་བསྡུས་འཕྲིན།

玛曲县小学藏语文学科研修基地

༄༅།།རྨ་ཆུ་རྫོང་སློབ་ཆུང་བོད་སྐད་ཡིག་བསླབ་ཚན་གསོ་སྦྱོང་ཞིབ་འཇུག་ལྟེ་གནས་ཀྱིས་སྤེལ་བའི་ཤེར་སྡོང་འདུན་མའི་

བྱིས་རྩོམ་འགྲན་སྡུར།

དང་པོ།དམིགས་ཡུལ།

ཚིག་སྦྱོར་གྱི་དཔལ་འཕེལ་བ་དང་བློ་རིག་གི་གཏེར་བསྔོག་པའི་ཐབས་དམ་པ་ཞིག་ནི་རྩོམ་གྱི་ལས་ལ་འཇུག་རྒྱུ་དེ་ཡིན།དེ་བཞིན་སློབ་མའི་རྒྱུད་ལ་བརྩེ་བ་དང་དཔའ་གདེང་རྙེད་པར་སྨན་པའི་ལས་སྒོ་གཅིག་ཀྱང་རྩོམ་རིག་ལ་དོན་གཉེར་བྱ་རྒྱུ་ཡིན་པས།སློབ་གླིང་གི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་དང་།ཡུལ་རྨ་ཆུའི་བྱིས་པའི་རྩོམ་རིག་དར་ཞིང་རྒྱས་པའི་ཆེད་བྱེད་སྒོ་འདི་འདྲ་ཞིག་སྤེལ་བ་ཡིན།

གཉིས་པ།དུས་ཚོད།

༢༠༢༡.༦.༡༤ཉིན་སྤེལ།

གསུམ་པ།ས་གནས།

རྨ་ཆུ་རྫོང་ཆུ་ཁ་མ་གྲོང་རྡལ་བཅའ་སྡོད་སློབ་གྲྭ།

བཞི་བ།འགྲན་ཁུངས་སློབ་གྲྭ།

རྨ་ཆུ་རྫོང་མཚེ་རུ་མ་གྲོང་རྡལ་བཅའ་སྡོད་སློབ་གྲྭ།

རྨ་ཆུ་རྫོང་དངུལ་རྭ་གྲོང་རྡལ་བཅའ་སྡོད་སློབ་གྲྭ།

རྨ་ཆུ་རྫོང་དངུལ་རྭ་ཞོལ་མ་ཞང་བཅའ་སྡོད་སློབ་གྲྭ།

རྨ་ཆུ་རྫོང་རྒྱུན་སྡོད་བོད་རིགས་སློབ་ཆུང་།

རྨ་ཆུ་རྫོང་བཅའ་སྡོད་བོད་རིགས་སློབ་ཆུང་གཉིས་པ།

རྨ་ཆུ་རྫོང་སྨད་མ་གྲོང་རྡལ་རྒྱུན་སྡོད་སློབ་གྲྭ།

རྨ་ཆུ་རྫོང་མུར་བྱེག་ཞང་ཞག་སྡོད་སློབ་གྲྭ།

རྨ་ཆུ་རྫོང་དབལ་པཎ་གྲོང་རྡལ་ཞག་སྡོད་སློབ་གྲྭ།

རྨ་ཆུ་རྫོང་ཆུ་ཁ་མ་གྲོང་རྡལ་བཅའ་སྡོད་སློབ་གྲྭ།

ལྔ་བ།ཤེར་སྡོང་འདུན་མའི་རྩོམ་ཡིག་འགྲན་སྡུར་གྱི་མཛད་སྒོའི་རིམ་པ།

ཀ ༢༠༢༡.༣.༡༣ཉིན་གྱི་ཕྱི་དྲོའི་དུས་ཚོད་༧:༠༠ནས་༧:༣༠བར་ཡུལ་རྨ་ཆུའི་སློབ་ཆུང་སློབ་གྲྭ་སོ་སོ་ནས་ཐོན་པའི་སྣེ་ཁྲིད་དགེ་རྒན་དང་འགྲན་ཞུགས་སློབ་བུ་རྣམས་ལ་མིང་ཐོ་བཀོད།

ཁ། དུས་ཚོད་༨:༣༠ཐོག་ཤེར་སྡོང་འདུན་མའི་བྱིས་རྩོམ་འགྲན་སྡུར་གྱི་སྟ་གོན་འདུན་མ་བསྡུས།

ག ༢༠༢༡.༣.༡༤ཉིན་གྱི་སྔ་དྲོའི་དུས་ཚོད་༩:༠༠-༡༠:༤༠བར་འགྲན་ཞུགས་སློབ་བུ་རྣམས་ཀྱིས་རིག་པའི་རྩལ་བརྒྱ་བཏོན་ཏེ་རྩོམ་འབྲིའི་ལས་ལ་ཞུགས།

ང་། ༩:༠༠-༡༡:༠༠བར་རྨ་ཆུ་རྫོང་སློབ་ཆུང་བོད་སྐད་ཡིག་གི་སློབ་ཁྲིད་དང་འབྲེལ་བའི་སློབ་དཔྱོད་བགྲོ་གླེང་ཚོགས་འདུ་བསྡུས།

༡ཆུ་ཁ་མ་སློབ་གྲྭའི་སློབ་གཙོ་རིན་ཆེན་རྡོ་རྗེ་ནས་མགོ་འཛིན་མཛད་དེ་བགྲོ་གླེང་གི་དབུ་བཙུགས།

༢རྨ་ཆུ་རྫོང་སློབ་ཆུང་བོད་སྐད་ཡིག་བསླབ་ཚན་གསོ་སྦྱོང་ཞིབ་འཇུག་ལྟེ་གནས་ཀྱི་ལག་བསྟར་འགན་འཛིན་པ་དགེ་རྒན་ཚུལ་ཁྲིམས་ནས་ཆུ་ཁ་མ་སློབ་གྲྭའི་སྐད་ཡིག་སློབ་དཔྱོང་ཁང་གི་བྱ་བའི་སྙན་ཞུ་ཕུལ།

༣རྨ་ཆུ་རྫོང་སློབ་ཆུང་བོད་སྐད་ཡིག་བསླབ་ཚན་གསོ་སྦྱོང་ཞིབ་འཇུག་ལྟེ་གནས་ཀྱི་ཚོགས་མི་དགེ་རྒན་དཔལ་ཆེན་ནས་ཤེར་སྡོང་འདུན་མ་སྐབས་བཞི་བ་སྟེ་སློབ་ཆུང་སློབ་མའི་དཔེ་ཀློག་དང་རྩོམ་ཡིག་འབྲི་སྦྱོང་སྐོར་གྱི་གཏམ་ནེའུ་ལྡངས་བགད་པའི་རྐན་སྒྲ་ཞེས་པ་བརྗོད་གཞིར་བཟུང་ནས་དཔྱད་གླེང་སྤེལ།

༤རྫོང་སློབ་གསོ་དང་ཚན་རྩལ་ཅུའུ་ཡི་དབུ་འཛིན་བཀྲ་ཤིས་དཔལ་ལྡན་གཙོ་བྱས་ཏེ་སློབ་གྲྭ་སོ་སོའི་སློབ་གཙོ་དང་།ཐེངས་འདིའི་ཤེར་སྡོང་འདུན་མའི་བྱིས་རྩོམ་འགྲན་སྡུར་ཁྲོད་ཞུགས་པའི་སློབ་གྲྭ་སོ་སོའི་སྣེ་ཁྲིད་དགེ་རྒན་བཅས་ཀྱིས་གོང་གི་སྙན་ཞུ་དང་དཔྱད་གླེང་ལ་གཞིགས་ཏེ་ལྷག་བསམ་དཀར་བོས་དགོངས་འཆར་དང་བགྲོ་གླེང་ལྷུགས་པོར་མཛད།

༄༅།།ཤེར་སྡོང་འདུན་མ་སྐབས་བཞི་བ།

ཅ། ༡༡:༠༠-༡:༣༠བར་འདྲ་མཉམ་དང་དྲང་བཞག ཞིབ་ཚགས་བཅས་ཀྱི་བཅས་པ་གཞིར་བཟུང་ནས་སྐུ་ཚེགས་དཀའ་ལས་ལ་མ་འཛེམ་པར་ཐོག་མའི་དཔྱད་འདེམ་དང་མཐའ་མའི་དཔྱད་འདེམ་ལེགས་པར་འགྲུབ།

ཆ། དུས་ཚོད་༢:༣༠ཐོག་བྱ་དགའ་བསྩོལ་བའི་མཛད་སྒོ་གཟབ་རྒྱས་ངང་བསྡུས།

༡མཛད་རིམ་དང་པོར་བྱ་དགའ་བསྩོལ་བའི་མཛད་སྒོར་ཕེབས་པའི་སྐུ་མགྲོན་རྣམ་པ་ངོ་སྤྲོད་གནང་།

རྨ་ཆུ་རྫོང་སློབ་གསོ་དང་ཚན་རྩལ་ཅུའུ་ཡི་དབུ་འཛིན་བཀྲ་ཤིས་དཔལ་ལྡན།

རྨ་ཆུ་རྫོང་སློབ་གསོ་དང་ཚན་རྩལ་ཅུའུ་ཡི་སློབ་དཔྱོད་ཀྲུའུ་རིན་བྱམས་པ།

རྨ་ཆུ་རྫོང་སློབ་གསོ་དང་ཚན་རྩལ་ཅུའུ་ཡི་སློབ་དཔྱོད་ཀྲུའུ་རིན་གཞོན་པ་བནྡེ་འཚོ།

རྨ་ཆུ་རྫོང་སློབ་གསོ་དང་ཚན་རྩལ་ཅུའུ་ཡི་སློབ་དཔྱོད་པ་དཀོན་མཆོག་རྣམ་རྒྱལ།

རྨ་ཆུ་རྫོང་མཚེ་རུ་མ་གྲོང་རྡལ་བཅའ་སྡོད་སློབ་གྲྭའི་སློབ་གཙོ་བློ་བཟང་བཀྲ་ཤིས།

རྨ་ཆུ་རྫོང་དངུལ་རྭ་གྲོང་རྡལ་བཅའ་སྡོད་སློབ་གྲྭའི་སློབ་གཙོ་ཚེ་རིང་དོན་གྲུབ།

རྨ་ཆུ་རྫོང་དངུལ་རྭ་ཞོལ་མ་ཞང་བཅའ་སྡོད་སློབ་གྲྭའི་སློབ་གཙོ་ཀོ་སྦྱིན་པ།

རྨ་ཆུ་རྫོང་རྒྱུན་སྡོད་བོད་རིགས་སློབ་ཆུང་གི་སློབ་གཙོ་ཐུབ་བསྟན།

རྨ་ཆུ་རྫོང་སྨད་མ་གྲོང་རྡལ་རྒྱུན་སྡོད་སློབ་གྲྭའི་སློབ་གཙོ་དགའ་ལྡན།

རྨ་ཆུ་རྫོང་མུར་བྱེག་ཞང་ཞག་སྡོད་སློབ་གྲྭའི་ཧྲུའུ་ཅུ་བསོད་གྲགས་སྐྱབས།

རྨ་ཆུ་རྫོང་དབལ་པཎ་གྲོང་རྡལ་ཞག་སྡོད་སློབ་གྲྭའི་སློབ་གཙོ་བློ་བཟང་རབ་རྒྱས།

རྨ་ཆུ་རྫོང་བཅའ་སྡོད་བོད་རིགས་སློབ་ཆུང་གཉིས་པའི་སློབ་གཙོ་འཇམ་དབྱངས་རྒྱ་མཚོ།

རྨ་ཆུ་རྫོང་ཆུ་ཁ་མ་གྲོང་རྡལ་བཅའ་སྡོད་སློབ་གྲྭའི་ཧྲུའུ་ཅུ་ཚའོ་བན་ལོས།

རྨ་ཆུ་རྫོང་ཆུ་ཁ་མ་གྲོང་རྡལ་བཅའ་སྡོད་སློབ་གྲྭའི་སློབ་གཙོ་རིན་ཆེན་རྡོ་རྗེ།

༢མཛད་རིམ་གཉིས་པར་ཐེངས་འདིའི་ཤེར་སྡོང་འདུན་མའི་བྱིས་རྩོམ་འགྲན་སྡུར་གྱི་ཡོན་བདག་རྨ་ཆུའི་ན་ཆུང་ཚགས་པར་རྩོམ་སྒྲིག་ཁང་ངོ་སྤྲོད་དང་དྲིན་གཟོའི་བསྟོད་བསྔགས་ཕུལ།

༣མཛད་རིམ་གསུམ་པར་ཐེངས་འདིའི་ཤེར་སྡོང་འདུན་མའི་བྱིས་རྩོམ་འགྲན་སྡུར་གྱི་དཔྱད་འདེམ་པར་བཀའ་དྲིན་གཏང་རག་གི་དོད་དུ་དྲི་མེད་ཀྱི་ཁ་བཏགས་བསྒྲོན།

༤མཛད་རིམ་བཞི་བར་ཐེངས་འདིའི་ཤེར་སྡོང་འདུན་མའི་བྱིས་རྩོམ་འགྲན་སྡུར་ལ་ཞུགས་པའི་སློབ་བུ་ཡོངས་ལ་མཛངས་རྟགས་སུ་དྲི་མེད་ཀྱི་ཁ་བཏགས་འཐེན།

༥མཛད་རིམ་ལྔ་བར་ཐེངས་འདིའི་ཤེར་སྡོང་འདུན་མའི་བྱིས་རྩོམ་འགྲན་སྡུར་ཁྲོད་རྩེ་གྲ་བཅུ་གསུམ་གྱི་ཡ་གྱལ་སློབ་བུའི་མཚན་སྙན་ཐོབ་པའི་སློབ་བུ་བཅུ་གསུམ་ལ་དྲི་མེད་ཀྱི་ཁ་བཏགས་དང་གཟི་བརྗིད་དཔང་ཡིགཤོག་སྒོར་སུམ་བརྒྱ་བཅས་ཀྱི་གཟིགས་བཟོས་གསོལ་རས་ཕུལ།

༦མཛད་རིམ་དྲུག་པར་རྨ་ཆུ་རྫོང་སློབ་ཆུང་བོད་སྐད་ཡིག་བསླབ་ཚན་གསོ་སྦྱོང་ཞིབ་འཇུག་ལྟེ་གནས་ཀྱི་ཚོགས་མི།ཐེངས་འདིའི་དཔྱད་འདེམ་དགེ་རྒན་བློ་བཟང་དོན་གྲུབ་ལགས་ནས་ཤེར་སྡོང་འདུན་མའི་བྱིས་རྩོམ་འགྲན་སྡུར་གྱི་མགོ་རྔ་བར་གསུམ་དང་འབྲེལ་བའི་གཏམ་གླེང་ལྷུགས་པོར་གྲོལ།

༧མཛད་རིམ་བདུན་པར་རྨ་ཆུ་རྫོང་སློབ་གསོ་དང་ཚན་རྩལ་ཅུའུ་ཡི་སློབ་དཔྱོད་ཀྲུའུ་རིན་སྐུ་ཞབས་བྱམས་པ་ལསགས་ནས་ཐེངས་འདིའི་ཤེར་སྡོང་འདུན་མའི་བྱིས་རྩོམ་འགྲན་ལ་ཕྱོགས་སྡོམ་གྱི་གཏམ་བཤད་གནང་།

དགེ་རྒན་བློ་བཟང་དོན་གྲུབ་ཀྱི་གཏམ་བཤད་ནང་དོན་ཐོར་བུ།

ཁྱོད་ཚོའི་རྩོམ་བཀླགས་པ་ནི་ཆུ་ཕྲན་ཞིག་ཉི་འོད་ཀྱི་ཚ་གདུག་དྲག་པོའི་འོག བསིལ་འཇམ་དང་དྭངས་གཙང་གི་ཁྱད་ཆོས་མ་བོར་ལྷུང་ལྷུང་བཞུར་བ་དང་འདྲ་སྟེ། འགྲན་རྩོད་དང་ཧམ་སེམས་ཀྱིས་ངར་བའི་འཇིག་རྟེན་ནས་ཁྱེད་ཚོའི་རྩོམ་ནང་གི་འཇིག་རྟེན་ཁོ་ན་ད་དུང་དེ་འདྲའི་བསིལ་འཇམ་ལྡན།

ཁྱོད་ཚོའི་རྩོམ་གྱིས་ཀློག་པ་པོར་སྐབས་དང་སྐབས་སུ་སེམས་གཏིང་ནས་ཁེར་དགོད་ཤོར་དུ་འཇུག་སྟེ།དེ་ནི་དངོས་གནས་རྩོམ་པའི་དབང་བོ་དག་གིས་ཀྱང་སྒྲུབ་དཀའ་བའི་དོན་ཞིག་རེད་འདོད།

ཁྱོད་ཚོའི་རྩོམ་ནང་ནས་ཚེ་ཕྱི་མ་དང་།ཧི་མ་ལ་ཡ།པོ་ཏ་ལ་ཟེར་བ།ད་དུང་དགེ་སྡིག་གི་རིན་ཐང་གི་ལྟ་བའང་མཐོང་ཐུབ།དེ་ནི་ཁྱེད་ཚོ་རླབས་ཆེ་བའི་རིག་གནས་ཤིག་གིས་ཤ་ཁྲག་བཞིན་མི་རུ་བསྐྲུན་གྱིན་པ་ཡིན་ལ།དེ་ནི་ང་ཚོ་ཚང་མའི་ལས་བསྐོས་རི་མོ་རེད།

ཁྱོད་ཚོའི་རྡོ་རྗེ་ཕ་ལམ་ལྟ་བུའི་མིག་ཟུང་རྣོན་པོས་མི་དང་བྱ་དངོས་ཀྱི་ཆེས་ཐུན་མིན་གྱི་ཁྱད་ཆོས་དེ་ཁེ་གྲིས་དྲས་པ་བཞིན་སེམས་ལ་ལེན་ཐུབ།དེ་ནི་ཁྱེད་ཚོ་རྩོམ་པ་པོ་ཡིན་པའི་རྒྱུ་མཚན་གཙོ་བོ་རེད།

ཁྱོད་ཚོས་གལ་ཏེ་ང་རང་འབུ་ཞིག་ཡིན་ན།བོད་ཀྱི་འབུ་ཞིག་བྱེད་དགོས་ཟེར།དེ་ནི་ཅི་འདྲའི་ཡིད་ལ་ལྷུང་བའི་གཏམ་ཞིག་རེད་ཨང་།

༨མཛད་རིམ་དགུ་བར་དྲན་རྟེན་གྱི་མཉམ་པར་བསྒྲོན་ནས་མི་བརྗེད་ལོ་རྒྱུས་ཀྱི་དཔང་བོར་བཀོད་དེ་རྨ་ཆུ་རྫོང་སློབ་ཆུང་བོད་སྐད་ཡིག་བསླབ་ཚན་གསོ་སྦྱོང་ཞིབ་འཇུག་ལྟེ་གནས་ཀྱིས་སྤེལ་བའི་ཤེར་སྡོང་འདུན་མའི་བྱིས་རྩོམ་འགྲན་སྡུར་མགོ་བཀྲ་ཤིས་ཤིང་མཇུག་ཕུན་སུམ་ཚོགས་པའི་ངང་ནས་བསྡུས་པ་བཀྲ་ཤིས་དགེ་མཚན་གྱི་དཔལ་དུ་འགྱུར་བར་སྨོན།

༢༠༢༡-༦-༡༥ཉིན།